འཕགས་བོད་ཆོས་འབྱུང་། ཡལ་འདབས་དང་པོ།

ཡོང་ཁུངས་Wikipedia

འཕགས་བོད་ཆོས་འབྱུང་། ཡལ་འདབས་དང་པོ། ༄༅། །རྒྱ་གར་འཕགས་པའི་ཡུལ་དང་གངས་ཅན་བོད་ཀྱི་ཞིང་དུ་ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་ལས་བརྩམས་པའི་ཆོས་འབྱུང་ཛམ་བུའི་གསེར་གྱི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།།ཨཱརྱབརྟཱབྷཱརཏཧིམབད྄ བྷོཊདེཤཡོརྷིཏསུཁོཏྶསཽགཏཤསནརཏྣཾཡཐོད྄བྷབཱངྷཱརིཏཱརབྡྷ ངྷརྨེཏིཧཱསོ ནམ བིཧརཏི སྨ།། བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས། ཨཱརྱབརྟཱབྷཱརཏཧིམབད྄ བྷོཊདེཤཡོརྷིཏསུཁོཏྶསཽགཏཤསནརཏྣཾཡཐོད྄བྷབཱངྷཱརིཏཱརབྡྷ ངྷརྨེཏིཧཱསོ ནམ བིཧརཏི སྨ།། ༄༅། །འཕགས་བོད་ཆོས་འབྱུང་ཛམ་བུའི་གསེར་གྱི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།།

མཆོད་བརྗོད་དང་གླེང་གཞི། सर्वोजोनञतिकरुणाघनसाधतुःསརྦོཇོནཉཏིཀརུཎཱགྷནསཱདྷཏུ༔།།རྒྱལ་ཀུན་བརྩེ་ཆེན་ག་བུར་ཞུན་མའི་ཁམས།།सिन्धूरसाकरपरिस्रक्तिःशशियः ।སིནྡཱུརསཱགརཔརིསྲཀྟིཿ ཤཤིཡཿ།།ལི་ཁྲིའི་རྒྱ་མཚོར་སྦངས་པའི་རི་བོང་འཛིན།།त्रैलोक्यशान्तिघृणिदोग्धृनिधिस्वरूपो वःཏྲཻ་ལོ་ཀྱཤཱནྟིགྷྲྀཎིདོགྡྷྲྀནིདྷིསྭརཱུཔོ།།ས་གསུམ་ཞི་བའི་འོད་སྣང་འཇོ་བའི་གཏེར།།पातुशसनसमुद्रधरोञब्जपाणिः ।।བཿ པཱཏུ ཤསནསམུདྲངྷརོཉབྗཔཱཎིཿ།།ཕྱག་ན་པད་མོ་བསྟན་འཛིན་རྒྱ་མཚོས་སྐྱོངས།།རིང་ནས་གོམས་པའི་ཐུགས་བསྐྱེད་རྒྱ་ཆེན་སྤྲིན་སྔོན་རལ་པའི་ཁུར་ལས་བྱམས་བརྩེ་སྤྲིན་གྱི་མེ་ཏོག་ཕོན་པོ་དག་ནི་ཆར་པའི་ཟོལ་གྱིས་ཡུན་དུ་འབབ་པས་བྲན་གྱུར་པ། །དགེ་ལེགས་ཚོགས་གཉིས་རོལ་བའི་ཆུ་གཏེར་སྙན་པ་རབ་འཆང་གྲགས་པའི་རླབས་ཀྱི་ལྦུ་བའི་ཕྲེང་བ་ཀུ་མུ་ད་དང་མུ་ཏིག་ལྟར་དཀར་མངོན་པར་འཚེར་བའི་འཕྱང་འཕྲུལ་རྒོད། །རྒྱ་མཚོའི་གོས་ཅན་ཕྱོགས་ཀྱི་སྨིན་ལེགས་འགྲམ་པའི་ཐིག་ལེར་སྨུག་རྩི་དང་འགྲོགས་འཕྲིན་ལས་བསུང་ངད་དཔལ་གྱི་དུམ་བུས་བྱུགས་པ་སྣུམ་པོ་ལྷོ་ཡི་དྲི་བཞོན་གྱིས་བགོས་པ།།རྨད་བྱུང་སྐུ་བཞིའི་འབྲས་བཟང་ཁུར་འཆང་ཐུབ་པ་ཛམྦུའི་གསེར་གྱི་ལྗོན་པས་ཉེས་པའི་རྒུད་ཚོགས་བཅིལ་དང་ལྷན་ཅིག་དགེ་ལེགས་གྲིབ་བསིལ་གཞོལ་བས་འགྲོ་འདི་སྐྱོང་གྱུར་ཅིག ། འཆར་ཁའི་ཉི་མའི་སྨུག་འོད་འཐུང་བའི་མཚམས་སྤྲིན་ལ་ཆགས་བརྒྱད་གཉིས་ལང་ཚོའི་ཁེངས་པ་རབ་བརྩེགས་མིག་སྨན་མདངས་འཁྱུད་ཐོར་ཅོག་རལ་པའི་ཟུར་ཕུད་འཕྱངས།།མཐའ་དག་ཤེས་བྱའི་ཨུཏྤལ་མིག་ཅན་གཅིག་ཏུ་དགུག་པའི་ཐུགས་ཀྱི་མཁྱེན་རབ་དོན་ཡོད་ཞགས་པའི་འཕྲུལ་གྱི་མེ་ལོང་ཉི་མ་བྱེ་བའི་མདངས་དང་འདྲེས།།བཞི་ལྷག་དྲུག་ཅུ་དྲིི་ཟའི་འཇིག་རྟེན་རྫོགས་པའི་དབྱངས་བདུན་རི་མོ་གསུམ་པའི་དཔལ་གྱི་མགུལ་བར་མངོན་པར་རབ་ཆགས་རྨ་བྱ་དགའ་བའི་འབབ་སྟེགས་འཆང༌། །ཐུབ་པ་ཕྱོགས་ཀུན་རི་དྭགས་མིག་ཅན་དག་གི་སྙིང་ལ་མངོན་པར་ཆགས་པ་ཡེ་ཤེས་ལུས་ཅན་སྒྱུ་འཕྲུལ་དྲ་བ་འཇམ་དཔལ་རྡོ་རྗེ་རྣོན་པོས་སྐྱོངས། །འཆི་མེད་བུ་མོའི་ཁེངས་པ་རབ་འཕྲོག་ཟླ་ཞལ་དཀྱུས་རིང་ཨུཏྤལ་མིག་ལྡན་མ་རྒད་མདངས་འཁྱུད་མཚན་དཔེའི་སྐུ་ཡི་ལང་ཚོ་གསར་པའི་སྙེམས་པ་འཆང༌། །གཉེན་ལྕུག་ཕྱག་སོར་རྐང་དྲུག་མངོན་ཆགས་ཨུཏྤལ་གྱིས་མཚོན་སྐྱབས་སྦྱིན་ཕྱག་རྒྱས་་དུ༔ཁའི་འགྲོ་རྣམས་བདེ་ཆེན་དབྱིངས་ཀྱི་སྦྲང་རྩིའི་དགའ་སྟོན་སྦྱིན་པའི་གཏེར། །ཟག་མེད་བདེ་སྟེར་ནུ་འབུར་རབ་རྒྱས་སྐེད་སྐབས་ཕྲ་ལྡེམ་སྒེག་པའི་ཉམས་ཀྱིས་རྒྱལ་རྣམས་དབྱིངས་ནས་བསླངས་དང་ལྷན་ཅིག་དགེ་ལེགས་འོ་མའི་རྒྱུན་བཟང་འཇོ། །འཇིགས་པ་བརྒྱད་སྐྱོབ་འཕྲིན་ལས་མཆོག་སྦྱིན་འདོད་རྒུ་སྩོལ་མཛད་དཔག་བསམ་ལྗོན་བཟང་ཨ”་ཏུ་རེས་འགྲོ་ལ་ལྷུན་གྲུབ་རྒྱུན་མི་ཆད་པའི་ཤིས་པ་སྒྲུབས།། མཐའ་དག་སྲིད་ཞིའི་མཛེས་པ་གཅིག་བསྡུས་དཀྱིལ་འཁོར་ཡོངས་རྫོགས་མཚན་དཔེའི་མཛེས་སྐུ་རི་དྭགས་མཚན་མས་ལེགས་བརྗོད་མ་དང་དཔལ་མོའི་ཁེངས་པ་སྟོབས་ལྡན་མནན་པའི་འགྲམ་ན་བཅིངས། །སྨིན་འཁྱོག་དཀྱུས་རིང་ཨུཏྤལ་མཐིང་གའི་ཟུར་མིག་དང་འགྲོགས་བདེ་ཆེན་ནུ་འབུར་དར་བའི་ལང་ཚོས་རྒྱལ་རྣམས་མི་ཕྱེད་དབྱིངས་རིག་ཀློང་ནས་ཐུགས་ཀྱི་བརྟན་པ་འཕྲོག་དང་ལྷན།། ཟབ་དང་རྒྱ་ཆེའི་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་ཆོས་ཚུལ་དྲི་ཟའི་རྒྱུད་མངས་ཁོག་ནས་དྲངས་པའི་འགྱུར་ཁུག་སྙན་པོ་དབྱར་གྱི་རྔ་དང་ཁུ་བྱུག་གཞོན་ནུའི་དྲུག་འགྱུར་བཞིན།། གཙུག་ལག་ལི་ཤིའི་དྲི་བསུང་རབ་འཐུལ་མཆུ་སྒྲོས་ཨུཏྤལ་དམར་པོའི་འཛུམ་ལྡན་ཀུན་དགའི་དཔལ་གྱུར་ངང་པའི་བུ་མོ་དབྱངས་ཅན་མ་ཁྱེད་བདག་མགྲིན་འོ་མའི་མཚོ་ན་རྩེན།། ཀླུ་ཐོགས་འཕགས་ལྷ་ཐོགས་མེད་དབྱིག་གི་གཉེན། ། ཕྱོགས་གླང་ཆོས་གྲགས་ཡོན་ཤུཀ་ལ་སོགས་པའི། ། ཐུབ་བསྟན་མི་ནུབ་བླ་ནས་བླ་འདེགས་པ། ། འཕགས་ཡུལ་པཎ་གྲུབ་འཛམ་གླིང་མཛེས་པའི་རྒྱན། ། མཁས་མཁས་འཕགས་ཡུལ་པཎ་གྲུབ་བྱེ་བ་ཡི། ། ཟབ་ཟབ་གསུང་གི་ལེགས་བཤད་བདུད་རྩིའི་ཁམས། ། གསལ་གསལ་གངས་ཅན་སྐད་དུ་སྒྱུར་མཛད་གང༌། ། ཡང་ཡང་དྲན་ནོ་ཆོས་རྒྱལ་ལོ་པཎ་རྣམས། ། ཐུབ་ཆེན་མེས་པོའི་རལ་ཚོགས་ཀློང་ནས་ཏི་སེ་གངས་རི་ལ་འཕོས་པའི།། གདུང་སེལ་བདུད་རྩི་རྣམ་བཞིའི་རྒྱུན་བཟང་བྷ་ཊའི་ཞིང་དུ་གཞོལ་དང་ལྷན།། སྐལ་ལྡན་ཤིང་རྟའི་ཉེས་པའི་དྲི་འཁྲུད་རྣམ་གྲོལ་རླབས་ཀྱི་རྩེད་འཇོ་རོལ། ། ངེས་དོན་རྒྱ་མཚོའི་ཀློང་ན་སྙོམས་པའི་གངས་ཅན་ཆོས་རྒྱུད་རྣམ་བཞི་མཛེས། ། མཐའ་དག་ཟླ་ཤེལ་གངས་རིའི་ཁོར་ཡུག་སྨུག་འོད་དང་འགྲོགས་ཐུན་མཚམས་སྤྲིན་གྱི་དྲ་བ་བརྩེགས་པའི་ངོས་ན་འགྱིངས། །རྣམ་དག་ཐུབ་པའི་དགོངས་དོན་ཡོངས་རྫོགས་དབྱངས་ཀྱི་ང་རོས་ལོག་སྨྲའི་ཝ་སྐྱེས་སྙིང་དང་ལྷན་ཅིག་འདར་བར་བསྟེན། །དཔལ་ལྡན་སྟོབས་བཅུ་མངའ་བ་ཀུན་གྱི་མཛད་པ་གཅིག་ཏུ་སྤུངས་པའི་དཔལ་སྟུག་འཕྲིན་ལས་རལ་པའི་ཁུར་འཆང་བ། ། ཁ་བའི་ལྗོངས་འདིའི་སེང་གེ་སྲབ་མེད་ཐུབ་བསྟན་གངས་རི་སྐྱོང་བའི་དཔལ་ལྡན་འཇམ་མགོན་བླ་མ་ཡབ་སྲས་བསྔགས། ། བདེ་ཆེན་གྲུ་འཛིན་དག་པའི་ཞིང་ནས་ཐུགས་བསྐྱེད་སྤྱན་སྟོང་གཡོ་བའི་འཕྲུལ། །ཁ་བའི་མེ་ཏོག་བཞད་པའི་ཚལ་འདིར་བུང་བའི་ཟོལ་གྱིས་འཕུར་དང་ལྷན། །ལུགས་ཟུང་གསེར་གྱི་འཁོར་ལོ་ཟླུམ་པོས་རྫོགས་ལྡན་དཔྱིད་ཀྱི་དགའ་སྟོན་འཇོ། །ཕྱག་ན་པདྨའི་སྐུ་རབས་ཕྲེང་བ་བདེ་ཆེན་འཁོར་ལོའི་གཙུག་ཏུ་བཀུར། ། ནུབ་ཕྱོགས་བདེ་ལྡན་དག་པའི་ཞིང་མཁར་མཚན་དཔེའི་ཟླ་གཞོན་འཛུམ་པ་ལས། །འཕགས་བོད་དབྱིག་གི་འཛིན་མའི་རྫིང་བུར་སྤྲུལ་པའི་ཟླ་རིས་གསལ་དང་ལྷན། །དགེ་ལེགས་ཆོས་ཚུལ་ཀུ་མུད་དགའ་ཚལ་དབྱར་གྱི་མཚོ་བཞིན་བརྟས་མཛད་པའི། །མ་ཧ་པཎ་ཆེན་ཆོས་ཀྱི་རྒྱལ་པོ་བདེ་འབྱུང་རལ་བའི་གཙུག་ན་མཛེས། ། འཇྃམ་པའི་དབྱྃངས་ལྡན་ཕྱོགས་ཀྱི་བུ་མོའི་འགྲམ་ཆང་བསགས་པ་རྣམ་བཀྲྃ་ཤིྃས་པའི་དཔྱིད་དཔྃལ་དང་འགྲོགས་སྐབས་གསུམ་འཇུག་ངོགས་དོག་པར་འཆང་བའི་སྤྲིན་རུམ་ནས། །ངན་རྟོག་འཇོམས་པའི་གློག་ཞགས་དང་འགྲོགས་གཞུང་བརྒྱའི་ལེགས་བཤད་རྔ་གསང་སྙན་པོས་རྨ་བྱ་དག་གི་ཡིད་རབ་དགའ་བའི་མཇུག་སྒྲོ་ཟླུམ་པོའི་གར་རྩེན་ཅིང༌། །སྣ་ཚོགས་རྒྱུད་ལྔའི་འགྲོ་ཁམས་མོས་པའི་དབྱིག་གི་འཛིན་མའི་ཕང་པ་རབ་གཤིན་འཕྲིན་ལས་འཇུག་པ་སྤྲིན་གྱི་མེ་ཏོག་གཞོལ་བའི་རྒྱུན་བཟང་འཇོ་བ་ཡིས། །ལེགས་ཚོགས་དཔལ་གྱི་སྙེ་མའི་ཁུར་ལྡྃན་གསེར་སྦྱངས་གཙང་མའི་རྒྱལ་མཚན་འཆང་བ་འཇྃམ་དབྱྃངས་བླྃ་མྃ་བཀྲྃ་ཤིྃས་དཔྃལ་དང་ལྡྃན་པའི་མགོན་དེས་སྐྱོང་གྱུར་ཅིག། དགེ་ལེགས་འགྲོ་ལྡན་དར་བའི་རླུང་ཤུགས་ཀྱིས། ། གླིང་འདིའི་མཁའ་ལ་གསལ་བའི་ཉིན་བྱེད་འོད། ། མཚམས་སྤྲིན་ལ་ཆགས་ཀུན་དགའ་གསར་པའི་གཏེར། ། སྡེ་འདིར་འདྲེན་མཛད་དམ་པ་རྣམས་ལ་འདུད། ། གང་གི་ཐུགས་སྲས་གསེར་རིའི་དབུས། ། རླབས་ཆེན་སྤྱོད་པའི་བང་རིམ་མཐོ། ། ཡེྃ་ཤེསྃ་སྣང་བའི་རྩེད་དགའ་རྒོད། ། ལེགྃས་ལྡནྃ་སྐབས་གསུམ་ལྷུན་པོ་རྒྱལ། །ཆོས་ཀུནྃ་མཁྱེྃན་པའི་རིགས་འཕྲུལ་རྣོན་པོས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་བསྟར།། ལེགྃས་པར་བཤད་པྃ་རྨད་བྱུང་གཏམ་གྱིས་སྐལ་བཟང་རྣ་བའི་དགའ་སྟོན་སྐྲུན། ། ཟབ་བརླིང་ཆོྃས་འབྱོྃར་སྤྲིན་རུམ་ལས་མཆེད་ཕས་རྒོལ་འཇོམས་པའི་ཐོག་ལྕེ་རྣོ། །འཇྃམ་དབྱྃངས་དགྃའ་བྃའི་བློྃ་གྲོྃས་གཏེར་ཆེན་གངས་ཅན་མཁས་རྒུའི་གཙུག་ན་མཐོ། །ཟབ་བརླིང་མདོྃ་སྔྃགས་རྒྱུད་སྡེ་རྒྱ་མཚོའི་དགོངས་དོན་རླབས་ཀྱི་འཁྲི་ཤིང་གཡོ་བ་འགོག་མེད་རྃབ་འབྱྃམས་ཁམས་སུ་བསྙེགས། །ངེས་དོན་ཇི་བཞིན་སྨྲྃ་བྃའི་རོ་འཛིན་མེ་ན་ཀ༔ཡི་འགྱིང་བག་ལ་རེག་འཕགས་ཡུལ་པྃཎ་ཆེྃན་བྱེ་བས་ཀྱང༌། །འགྲན་པར་མི་བཟོད་བསོྃད་ནམྃས་འཕྲུལ་གྱི་ལུས་སྟོབས་རབ་རྫོགས་གྲགྃས་པྃའི་གད་རྒྱངས་ཐུབ་བསྟན་ས་གསུམ་ཁྱོན་ན་སྒྲོག །ལུང་རིགས་དཔྃལ་གྱི་རྣམ་དཔྱོད་མཆོག་གྱུར་མཆེ་སྡེར་རྣོན་པོ་ཤ་ར་བྷདེ་ཐུབ་བསྟན་གངས་རིའི་མགོན་དུ་མཛེས། ། གངས་ཅན་ཆོས་སྡེ་ཀུན་གྱི་རབ་དང་ཕུལ། ། བློྃ་གསྃལ་མཁས་མང་བྱེ་བ་ཚོགས་པའི་གླིྃང༌། ། མཛེས་བྱེད་ལུང་རྟོགས་ནོར་བུའི་རྒྱན་འཆང་པ། ། རིམ་བྱོན་མཁས་གྲུབ་དེ་ཀོ་ཕྱག་གི་ཡུལ། །བྱེ་བ་ཕྲག་བརྒྱའི་ཀླུང་བཞིའི་རྡུལ་གྱིས་མཚོན་ནུས་མ་ཡིན་རྒྱལ་བ་ཀུན།།གཅིག་ཏུ་སྤུངས་པས་བསྒྲུན་ནུས་མ་ཡིན་ལེགས་ལྡན་བསོད་ནམས་ཞིང་གི་གཏེར། །མཁྱེན་བརྩེ་ནུས་པའི་འཕྲིན་ལས་ཕ་མཐའ་ནམ་མཁའི་ཁྱོན་དང་འགྲོགས་པ་ཡི། །དྲུག་གིས་ལྷག་པའི་བཅུ་ཕྲག་གཅིག་གི་ཞབས་སེན་ནོར་བུའི་ཅོད་པན་བཀུར། ། སྲིད་གསུམ་དགྲ་བགེགས་ཡོངས་ཀྱི་སྲོག་གི་གཤེད། ། མཁས་གྲུབ་བསྟན་འཛིན་ཡོངས་ཀྱི་སྙིང་གི་གྲོགས། ། མ་གཡེལ་མ་གཡེལ་བསྟན་སྲུང་རྒྱ་མཚོའི་ཚོགས། ། ལས་འདི་སྒྲུབ་པའི་འཕྲིན་ལས་གཉན་པོར་མཛོད། །མཁྃའ་འདིའི་མཁྃའ་མཐའ་འཚོལ་བའི་སླད་དུ་འདྃབ་བཟང་འདྃབ་མའི་ཤུགས་བསྐྱོད་དེ། །འཕུྃར་ཞིང་འཕུྃར་བས་རང་སྟོབས་ཟད་ཀྱང་མཁྃའ་ཡི་མཁྃའ་མཐའ་མི་རྙེད་པས།།བདྃག་དང་བདྃག་འདྲས་དམ་པའི་ཆོས་ཚུལ་ཇིྃ་ལྟར་ཇིྃ་ཞིག་བྱུང་བའི་ཚུལ། །བརྗོྃད་ཀྱང་བརྗོྃད་པའི་མཐའ་ལས་འགོངས་པས་མཐྃའ་དག་མཐྃའ་ནི་བརྗོད་ནུས་མིན། ། མཁྃའ་འདི་མཁྃའ་ལྡིང་རྩེན་པའི་ལམ་ཡིན་ཡང༌། ། སྦྲྃང་མས་སྦྲྃང་གཤོག་བསྐྱོད་ནས་འཕུར་རིགས་ན། ། བདྃག་དང་བདྃག་འདྲའི་ཕལ་བའི་སྐྱེ་བོས་ཀྱང༌། ། འདིྃ་དང་འདིྃ་འདྲའི་བྱུང་བ་བརྗོད་རིགས་སྙམ། །སྤྲིན་བྲལ་གནམ་མཐོངས་ཡངས་པོའི་དབྱིངས་ནས་ཚ་ཟེར་འོད་སྣང་ཟུག་པ་ན། །རྐང་དྲུག་གཉེན་གྱུར་པུབྲསྤྱ་རི་ཀས་སྦྲང་རྩིའི་ཕོན་པོ་སྐྱུགས་པ་བཞིན། །དམ་པའི་ཞལ་རླངས་མ་ལ་ཡ་རླུང་དྲག་ཏུ་བསྐྱོད་པས་བསྐུལ་བ་ལས། །ཛམྦུའི་གསེར་གྱི་འཁྲི་ཤིང་འདི་ཉིད་གཡོ་བ་མི་བྱེད་རང་དབང་ཅི། ། དམ་པའི་ཆོས་དང་སྡེ་བཞིའི་སྲིད་ལུགས་ལ། ། བློ་གྲོས་ཁབ་ཀྱི་བུ་ག་ལས་དོག་ཀྱང༌། ། ཆེ་རློམ་རྭ་རྩེ་དགུང་དུ་འདེགས་པ་དག ། རིགས་མཐུན་ནོག་ཅན་ཁྲོད་དུ་བག་ཡོད་གྱིས། །དེབ་ཕྲེང་མཛུབ་མོའི་གྲངས་ལས་མ་མཐོང་བར། །ཕྱོགས་དང་རྨོངས་ཞེན་ལྕགས་སྒྲོག་དྲ་བའི་གསེབ། །ཟེར་སྒྲོས་འཇའ་ཡི་ཐག་པ་ལ་འཁྱུད་པའི། །བཤེས་གཉེན་དེ་ཀོ་ད་ནི་ངལ་གསོ་མཛོད། ། ཅོལ་ཆུང་ཐོས་ཉུང་རི་དྭགས་སླུ་བའི་འཕྲུལ། ། འགལ་འདུ་ཆུ་རིས་འཆང་བའི་སྨིག་སྒྱུ་ཡང༌། ། ངེས་དོན་སྤྲིན་དང་འགྲོགས་པའི་གྲུ་ཆར་འདིས། ། བདེན་སྟོང་ཆོས་ཀྱི་དབྱིངས་སུ་བ༽་མུ། །པྲ་དང་མོ་ལུང་མངོན་ཤེས་ལྷ་ཡི་འཕྲུལ། །སྐྱབས་སུ་འཛིན་པའི་ཚུལ་ལས་འགོངས་དང་ལྷན། །གླེགས་བམ་སྟོང་གི་ཁོག་པའི་ཟུང་བཞིབས་ཏེ། །ཟུང་ལྡན་སྨྱུག་རྩེ་བརླན་པའི་ཟོལ་གྱིས་འབབ། ། དེ་སླད་རྟོན་པ་རྣམ་བཞིའི་འཇུག་ལྡོག་ཚུལ། ། རྨོངས་དང་སྡང་བའི་རབ་རིབ་དྲི་མ་ཡིས། ། མ་སྒྲིབ་སྤྱན་གྱི་ཨུཏྤལ་འདབ་ཡངས་པོས། ། གཟིགས་མོ་མཛད་པའི་དོ་ར་འདི་འོས་སྙམ། །དེ་ཕྱིར་དབྱིག་གི་འཛིན་མའི་ཕང་པ་འདིར། །དཔལ་སྟུག་ཛམྦུའི་འཁྲི་ཤིང་སྨིན་པ་ནས། །འཛད་དུ་མེད་པ་དགེ་ལེགས་བྱེ་བའི་ཆར། །འབེབས་པའི་ཚུལ་འདི་བརྗོད་གཞིའི་མྱུ་གུ་ཡིན། ། གང་ཞིག་རྣ་བའི་ལམ་དུ་ལྷུང་མ་ཐག ། རྨ་བྱ་དག་ལ་དབྱར་གྱི་རྔ་གསང་བཞིན། ། གཟུར་གནས་མཁས་པའི་ཞལ་གྱི་དཀྱིལ་འཁོར་ནི། ། ཉི་ཟེར་འཐུང་བའི་སྦྲང་རྩིའི་རྒྱལ་མཚན་བཞིན། ། གཞན་དུ་ཡིད་ལ་མུན་པའི་གོས་བཏུམས་ཤིང༌། ། མིག་ལ་ཚེར་མ་སྙིང་ལ་དུག་གི་མདའ། ། གྱུར་ཀྱང་རྨོངས་དང་སྡང་བའི་སྐྱོན་ཉིད་ལས། ། རྨད་བྱུང་གཏམ་འདིའི་ཉེས་པའི་རབ་རིབ་མིན། །ཤེས་བྱའི་མཁའ་ཡི་སྤྲིན་རུམ་ལས་ཐོན་སྐྱེས་སྦྱངས་གོམས་པའི་རྫིང་བུའི་ཀླུང་། །ཉེས་བཤད་འདམ་གྱི་དྲི་མས་མ་གོས་ལུང་རིགས་འདབ་མ་སྟོང་གྲོལ་བའི། །ལེགས་བཤད་གེ་སར་སྐྱུགས་པའི་ཁ་ལ་མངོན་ཆགས་རྐང་པ་དྲུག་པའི་ཁྱུ། །དར་དིར་སྙན་པའི་གླུ་དབྱངས་དང་བཅས་སྦྲང་རྩིའི་དགའ་སྟོན་རོལ་ཅིག་ཀྱེ། ། ཞེས་ཤིས་པ་བརྗོད་པའི་ཚིག་ཕྲེང་ཚངས་པའི་དབྱངས་བདུན་རྫོགས་པའི་འགྱུར་ཁུག་གི་གདངས་ཀྱིས་སྔུན་བསུས་ཏེ་འདིར་གླེང་བར་བྱ་བ་ནི། དེ་ཡང་མུ་དང་མཐའ་མེད་པའི་ཤེས་བྱའི་དཀྱིལ་འཁོར་འདི་ཉིད་དུ། གནས་སྐབས་དང་མཐར་གཏུགས་པའི་ཕན་པ་དང་བདེ་བའི་ལེགས་ཚོགས་མ་ལུས་པ་གང་ལས་འབྱུང་བའི་གནས་སམ་ཁུངས་ནི། བདེ་བར་གཤེགས་པའི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཁོ་ན་ཡིན་ཞིང༌། དེ་ཉིད་སྐལ་བ་བཟང་པོའི་གདུལ་བྱ་རྣམས་ཀྱིས་ཀུན་དགའ་སྤྱོད་བའི་དཔལ་དུ་རོལ་བ་ནི། བསྟན་པའི་བདག་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བསམ་བཞིན་བསྟན་འགྲོའི་དོན་དུ་བྱོན་པའི་ས་མཐོན་པོ་ལ་གནས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་རིམ་པར་བྱུང་བ་དག་གི་རྨད་དུ་བྱུང་བའི་རྣམ་པར་ཐར་པའི་མཛད་པ་བཟང་པོ་བདག་གིར་བསྐྱངས་པའི་བཀའ་དྲིན་ཁོ་ན་ཡིན་ལ། དེ་དག་གི་རྣམ་པར་ཐར་པ་ལ་ཡི་རང་དང་བ་འདྲེན་ཞིང༌། དད་པའི་ཐལ་ཕྱག་དང་གདུང་དབྱངས་གསོལ་འདེབས་ཞུ་བ་ཙམ་མ་ཟད། དེ་དག་གི་རྣམ་པར་ཐར་པ་ལ་རྗེས་དྲན་བྱེད་པ་ནི། མདོ་རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ། བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། ། མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོའང་ཐོབ། ། ཅེས་གསུངས་པ་ལྟར་བསོད་ནམས་འཕེལ་ཞིང་བར་ཆད་ཞི་བ། བདུད་དཔུང་འཇོམས་ཤིང་བྱང་ཆུབ་ཐོབ་པ་སོགས་ཀྱི་ཕན་ཡོན་ལྡན་ཞིང༌། ལྷག་པར་སྐྱེས་ཆེན་དམ་པའི་རྣམ་ཐར་འཆད་ཅིང་འབྲི་བ་དང་སྤེལ་བ་ནི་བཀའ་དྲིན་བཟོ་བ་དང་། སྔོན་བྱོན་དམ་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་བདེ་བ། ཆུ་བརྒྱུད་གངས་དང་ཆོས་བརྒྱུད་སངས་རྒྱས་ཀྱི་བརྒྱུད་རིམ་ལ་མི་རྨོངས་པ། ཆོས་དང་རྒྱུད་པའི་འབྱུང་ཁུངས་ཤེས་པ། ལུང་དང་མན་ངག་ལ་ཡིད་ཆེས་རྙེད་པ། འཇིག་རྟེན་སྲིད་པའི་ཡ་རབས་ཀྱི་ལམ་དང་ཡང་མཐུན་པ་སྟེ། དགེ་མཚན་དུ་མ་ལྡན་པས། དེས་ན་འདིར་འཇིག་རྟེན་གྱི་ཁོར་ཡུག་འདི་ཇི་ལྟར་བྱུང་བ་ནས། བསྐལ་པ་ཡར་ཐོག་གི་སྐབས་དང་། སྟོན་པ་བདེ་བར་གཤེགས་པ་འཇིག་རྟེན་འདིར་ཇི་ལྟར་བྱོན་པ་དང་། དེ་ལས་དམ་པའི་ཆོས་ཚུལ་ཇི་ལྟར་བྱུང་བ། འཕགས་པའི་ཡུལ་དུ་དགྲ་བཅོམ་པ་དང་པཎྜི་ཏ། གྲུབ་པ་ཐོབ་པའི་སྐྱེས་ཆེན། སྟོབས་དང་འབྱོར་པས་ཕྱུག་པའི་ཆོས་རྒྱལ་ཤིན་ཏུ་མང་པོ་རིམ་པར་བྱོན་ནས། བསྟན་པ་རིན་པོ་ཆེ་འདི་ཉིད་བཤད་སྒྲུབ་ལས་གསུམ་གྱིས་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་བྱས་ཚུལ། རྒྱལ་བའི་མདོ་རྒྱུད་དུ་མ་ནས་ལུང་གིས་ཟིན་པའི་བསིལ་ལྡན་གངས་ཅན་ར་བའི་ཞིང་འདི་ཉིད་དུ་དུས་ནམ་ཞིག་ནས། ཚུལ་ཇི་ལྟར་དུ་གྲུབ་པ་དང་། ཞིང་མཆོག་འདི་ནས་བསམ་བཞིན་སྲིད་པར་སྐྱེ་བ་འཛིན་པའི་རྒྱལ་བློན་ལོ་པཎ་རིམ་པར་བྱུང་བ་དག་གིས་དམ་པའི་ཆོས་ཚུལ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། རྒྱུད་པའི་ལུང་དང་མན་ངག་སྤེལ་བ། ས་ཆེན་པོ་ལ་སྟོབས་ཀྱིས་དཔུང་པ་གཏུམ་པའི་ལུང་གིས་དབང་བསྒྱུར་བྱས་ཏེ་རྒྱལ་སྲིད་དམ་པའི་ཆོས་བཞིན་སྐྱོང་བ། སྡེ་བཞིའི་སྲིད་ཀྱི་ཆ་ལག་ལ་དར་རྒུད་ཆུའི་གཉེར་མ་ལྟར་འཁྲུགས་ཀྱང་དམ་པའི་ཆོས་ཀྱི་བདུད་རྩིའི་རྒྱུན་བཟང་ནི། གདུལ་བྱའི་ཁམས་དང་མོས་པར་འཚམས་པ་གཡུང་དྲུང་ཐེག་པ་རིམ་དགུ་དང༌། རྫོགས་པ་ཆེན་པོ། དཀར་པོ་ཆིག་ཐུབ། ཕྱག་རྒྱ་ཆེན་པོ། གསལ་སྟོང་འཛིན་མེད། གཞན་སྟོང་ཆེན་པོ། དབུ་མ་ཆེན་པོ་སོགས་མདོར་ན་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། སོ་སོར་མིང་འདོགས་མང་ན་ཡང༌། ། ངེས་དོན་ལུང་རིགས་ལ་མཁས་ཤིང༌། ། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། ། དཔྱད་ན་དགོངས་པ་གཅིག་ཏུ་བབ། ། ཅེས་གསུངས་པ་ལྟར་གདུལ་བྱའི་ཁམས་དང་མོས་པའི་དབང་དུ་བྱས་ཏེ་དགོངས་པ་གཅིག་ལ་བརྡ་དང་ཐ་སྙད་མི་འདྲ་བ་དུ་མས་སྤྲས་པའི་སྔ་འགྱུར་རྙིང་མ་པ་དང་། བཀའ་བརྒྱུད་ཕྱག་རྒྱ་ཆེན་པོ། དཔལ་ལྡན་ས་སྐྱ་བ། རི་བོ་དགེ་ལྡན་པ། གཞན་ཡང་ཇོ་ནང་དང༌། ཞ་ལུ། བོ་དོང་ལ་སོགས་པའི་ཐུབ་ཆེན་གངས་ཀྱི་རི་བོ་གཅིག་ལས་འབབ་པའི་དམ་པའི་ཆོས་ཚུལ་ཆུ་བོའི་རྒྱུན་བཟང་དུ་མ་འཇོ་བའི་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་བྱུང་བ་དང་། བྱེ་བྲག་རིགས་གསུམ་གཅིག་བསྡུས་འཇམ་མགོན་ཙོང་ཁ་པ་ཆེན་པོ་འཇིག་རྟེན་དུ་བྱོན་པ་ནས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་བསྲེགསབཅད་བརྡར་གསུམ་གྱིས་དག་ཐེར་ལེགས་པར་མཛད་པའི་མཉམ་མེད་ཞྭ་སེར་རིང་ལུགས་པའི་བསྟན་པ་དེ་འཛིན་དང་བཅས་པ་ཇི་ལྟར་བྱུང་བ། ཡང་སྒོས་གངས་ཅན་གྱི་ན་ལེན་དྲ་དཔལ་ལྡན་འབྲས་དཀར་སྤུངས་པའི་གླིང་དང་། དེའི་ནང་ཚན་མཁས་མང་བློ་གསལ་བྱེ་བའི་གླིང་གྲྭ་ཚང་འདི་ཉིད་དུ་མཁས་དང་གྲུབ་པའི་སྐྱེས་ཆེན་རིམ་པར་བྱོན་པ་དེ་དག་གིས་བཤད་སྒྲུབ་ལས་གསུམ་གྱི་མཛད་པ་དང་འཕྲིན་ལས་བཟང་པོ་ཇི་ལྟར་བསྐྱངས་བའི་ཚུལ་ལས་བརྩམས་པའི་དེབ་ཐེར་འདི་ཉིད་གསར་དུ་བསྐྲུན་པ་ནི་ལུགས་ཟུང་རིག་གཞུང་གང་ནས་ཀྱང་གལ་ཆེ་བ་མཐོང་ནས་སྤྲོ་བ་བླ་ན་བརྟས་ཏེ། དེ་ཡང༌ས་ཕག་ལོའི་གནམ་ས་ཆུ་གཉེར་ལྟར་འཁྲུག་པའི་དུས་ཟིང་འོག གངས་ཅན་པའི་བསྟན་སྲིད་རིག་གཞུང་དང་བཅས་པ་མིང་གི་ལྷག་མ་ཙམ་དུ་གྱུར་ནའང༌། གངས་ཅན་འགྲོ་བའི་བསོད་ནམས་ཀྱི་ལས་མཐའ་མ་རྫོགས་པས་འཕགས་མཆོག་འཇིག་རྟེན་མགོན་པོའི་ཞབས་སེན་འཁོར་ལོའི་རེ་ཁ་འཕགས་པའི་ཡུལ་དུ་འཁོད་པ་ནས། ཞི་བསིལ་འཕྲིན་ལས་བཟང་པོས་མཚོ་བཞི་གླིང་ལྔའི་ཁྱོན་ཀུན་བརྡལ་བའི་ཐུགས་རྗེའི་གྲིབ་བསིལ་སྣུམ་པོའི་འོག བསྟན་སྲིད་རིག་གཞུང་དང་བཅས་པ་མི་ཉམས་སླར་གསོའི་རྨང་གཞི་བཏིང་བའི་གོ་སྐབས་དང་བསྟུན། ཆོས་རྒྱུད་གྲུབ་མཐའ་སོ་སོའི་བྱུང་རིམ་གྱི་དེབ་ཐེར་དང་། ཐ་ན་ལུང་ཚན་ཚུན་ཆད་ཀྱི་དཔོན་རབས་དང་། མི་རབས། བླ་རབས་སོགས་ཀྱི་ལོ་རྒྱུས་ཡིག་ཆ་ཁུངས་ལྡན་གསར་འབྲི་དགོས་པ་སོགས་ཀྱི་ཚད་མའི་བཀའ་ལུང་ཡང་ཡང་གནང་བ་སོགས་ཀྱིས་ཀྱང་རྐྱེན་བྱས་ཏེ། བཙན་བྱོལ་ཁྲོད་དུ་འཚོ་སྡོད་བྱས་པའི་བོད་རིགས་མཁས་བླུན་དུ་མས་ལོ་རྒྱུས་དང་། ཆོས་འབྱུང་། དེབ་ཐེར་སོགས། ཁུངས་དང་ལྡན་མིན་ཅི་རིགས་སྣ་ཚོགས་སྤེལ་བར་བྱས་པ་དེ་དག་གིས། རྒྱལ་ཞེན་གྱི་ལྷག་བསམ་དང་། ཡིད་ཆེས་ཀྱི་དད་པ། ཕྱོགས་རིས་ཀྱི་རྨོངས་ཞེན་སོགས་ངེས་མེད་ཅི་རིགས་འཕེལ་བའི་ཕན་གནོད་གྱི་མྱུ་གུ་འདྲ་མིན་སྨིན་པའང་མཐོང༌ལ། གདན་ས་ཆེན་པོ་འདིར་ཡང་ལོ་རབས་འགའ་ཞིག་གི་སྔོན་ནས་ལུང་དང་རིགས་པ་སྨྲ་བ་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དབང་པོ་ཚུལ་ཁང་དགེ་བཤེས་ཡེ་ཤེས་ཐུབ་བསྟན་གྲྭ་ཚང་བློ་གསལ་གླིང་གི་མཁན་པོ་ལས་ཐོག་སྐབས། ཆོས་སྡེ་འདི་ཉིད་ཇི་ལྟར་བྱུང་བ་ནས་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་ཇི་ལྟར་སྤེལ་བ་དང་། རྟེན་གསུམ་འདུས་སྡེ་དང་བཅས་པའི་ངོ་སྤྲོད་མཚོན་པའི་ཆོས་འབྱུང་ཞིག་གསར་རྩོམ་དགོས་པ་ཀུན་ཀྱང་ཞལ་འཆམ་པ་དང༌། ལུགས་ཟུང་མཁྱེན་པའི་སྤྱན་དཀྱུས་ཨུསྒྲཎ་ལའི་འདབ་མ་ལྟར་ཡངས་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཤེས་བྱའི་གནས་ལ་གཞན་དྲིང་མེད་པའི་མཁྱེན་རབ་ཀྱི་དཔལ་མངའ་བ། མ་ཧ་པ}སྤྱ༣་ཏ་ཟམ་གདོང་སྤྲུལ་པའི་སྐུ་རིན་པོ་ཆེ་བློ་བཟང་བསྟན་འཛིན་དཔལ་བཟང་པོ་དང༌། མདོ་སྔགས་རབ་འབྱམས་སྨྲ་བའི་མཁས་པ་ཀུན་གྱི་གཙུག་གི་རྒྱན་ལྟར་མངོན་པར་མཐོ་བ། འཇམ་མགོན་རྒྱལ་བ་གཉིས་པའི་རྒྱལ་ཚབ་ལ་ཉེ་བའི་རིགས་བདག་བྱང་རྩེ་ཆོས་རྗེ་རི་རྫོང་སྲས་རིན་པོ་ཆེ་ལ་སོགས་པས་ཀྱང་གལ་འགངས་ཆེ་བར་གཟིགས་ནས་སྐུལ་མ་གནང་བ་ལྟར། གདན་ས་འདིའི་ཆོས་འབྱུང་གསར་པ་རྩོམ་འབྲིའི་ཆོ་ག་ཉེ་བར་བཏིང་ནས་ཕྱོགས་སྒྲིག་བྱེད་འཆར་གྱིས། རང་ཁོངས་ཁང་ཚན་སོ་སོ་ནས་ལོ་རྒྱུས་ཀྱི་ས་བོན་བསྡུ་རུག་དང་། འབྲེལ་ཡོད་ཆོས་འབྱུང་དང་། ལོ་རྒྱུས་ཀྱི་རྒྱུ་ཆ་ས་བོན་འཚོལ་སྒྲུག་གང་རྙེད་བྱས་འདུག་ཀྱང༌། ཡུལ་དུས་ཀྱི་རྐྱེན་པས་ཆོས་འབྱུང་གསར་སྒྲིག་ལ་ཉེ་བར་མཁོ་བའི་དཔྱད་གཞི་དང་ས་བོན་གྱི་རྒྱུ་ཚོགས་དེ་ཙམ་འཛོམས་པོ་མ་བྱུང་བས་ལུས་སོང་བ་ལ། སླར་ཡང་མཁན་ཐོག་ཕྱི་མ་འདུལ་བ་འཛིན་པ་ཀུན་གྱི་གཙུག་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཉི་མ་དཔལ་བཟང་པོ་ནས་རིམ་པར་བཞིན། རི་རྫོང་སྲས་ཐུབ་བསྟན་ཉི་མ། ངེས་དོན་མཁས་པའི་ཁྱུ་མཆོག་ཚུལ་ཁང་དགེ་བའི་བཤེས་གཉེན་ཆེན་པོ་དཀོན་ཆོག་དབང་འདུས། ལུགས་གཉིས་མཁྱེན་པའི་སྤྱན་ཞགས་བླ་ན་ཡངས་པ་ཚུལ་ཁང་དགེ་བཤེས་དཀོན་མཆོག་དཔག་བསམ། ད་ལྟར་སྡེ་འདིའི་བཤད་སྒྲུབ་འཁོར་ལོ་གསུམ་གྱི་བྱ་བ་རྣམས་དབྱར་གྱི་མཚོ་དང་སྟོན་གྱི་ཟླ་བ་ལྟར་བླ་ན་སྤེལ་བར་མཛད་པའི་འཕྲིན་ལས་ཀྱི་འཇུག་པ་གནམ་གྱི་མཐོངས་དང་རྒྱ་མཚོའི་གཏིང་ལྟར་ཟབ་ཅིང་ཡངས་པ་གོ་བོ་དགེ་བཤེས་བློ་བཟང་རྒྱ་མཚོའི་བར་མཁན་རབས་རིམ་རྒྱུད་ཀྱིས་ཐུགས་ཀྱི་བཞེད་པའི་ཀློང་ན་འཁྱིལ་པའི་གལ་ཆེན་གྱི་བྱ་བ་ཞིག་ཏུ་ངོས་འཛིན་གནང་ནའང༌། དེ་དོན་སྒྲུབ་པ་ལ། འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས། རིག་པ་དཔེ་ཐོག་འགོད་པའི་ལག་ལེན་དཀའ། ། མ་སྦྱངས་སྨན་རྐྱལ་ཐོགས་པས་ནད་པ་སླུ། ། ཞེས་འབྱུང་བ་དང་མཐུན་པར་རེ་ཞིག་ནར་འགྱངས་སུ་ལུས་ནས་ཡོད་པའི་སྐབས། ༧གོང་ས་སྐྱབས་མགོན་ཆེན་པོ་གསེར་ཁྲིར་མངའ་གསོལ་ནས་མི་ལོ་ཧྲིལ་པོ་དྲུག་ཅུ་དང༌། ཆོས་སྲིད་ཀྱི་མཛད་འགན་བཞེས་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་དུ་རང་གཞུང་ཆོས་རིག་ལས་ཁུངས་ཀྱིས་བྱེས་འབྱོར་དགོན་སྡེ་ཡོངས་ཀྱི་ལོ་རྒྱུས་ས་བོན་འཚོལ་སྒྲུག་གིས་དེབ་ཕྲེང་སྤེལ་བའི་སྐབས་དང་བསྟུན་ནས། གྲྭ་ཚང་སྐབས་དགུ་པའི་ཕྱག་མཛོད་ཚོས་ཇི་ལྟར་བསྐུལ་མ་བྱུང་བ་ལྟར་དང་དུ་བླངས་ནས། དེའི་སྤྱི་ལོ་ནས་བཟུང་ལོ་མང་རིང་ལྟོ་གོས་ཐོག་གྱོང་རྒུད་བཏང་ནས་ཉོས་པའི་རང་ཤག་གི་དེབ་ཕྲེང་ཁག་དང་། གྲྭ་ཚང་སྒོ་བློ་གཉིས་ཀྱི་དཔེ་མཛོད། སློབ་གྲྭའི་དཔེ་མཛོད། དེ་བཞིན་རྡ་ས་དང་། ལྡི་ལི་དཔེ་མཛོད་ཁག་བཅས་ལ་ཡོད་པའི་འབྲེལ་ཡོད་དཔེ་ཚོགས་ཁག གཞན་ཡང་མདོ་སྔགས་རིག་གནས་དང་བཅས་པ་ལ་མ་སྒྲིབ་པའི་སྤྱན་དཀྱུས་སྲིད་ན་རིང་བ། སྡེ་འདིའི་སྔོན་དང་དེང་གི་བྱུང་བའི་གནས་རྣམས་སྙན་ནས་སྙན་དུ་བརྒྱུད་པའི་ངག་སྒྲོས་གཙང་མའི་མན་ངག་མང་པོ་ལྡན་པའི་དགེ་བའི་བཤེས་གཉེན་ཆེན་པོ་གསེར་གྱི་རི་བོ་ལྟ་བུ་དུ་མའི་ཞལ་ནས་བྱུང་བའི་ལོ་རྒྱུས་ཁག ཁང་ཚན་སོ་སོའི་ཁོངས་ནས་བསྡུ་རུག་བྱས་པའི་དཔྱད་གཞིའི་ཡིག་ཆ་ཁག ལྷག་དོན་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་བརྒྱུད་ནས་དེང་སང་འཛམ་གླིང་འདིར་མི་ཡུལ་གྱི་དག་ཞིང་བརྩི་ས་ནུབ་ཕྱོགས་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་ཨི་ཊིན་ཨ་ན་གཙུག་ལག་སློབ་གྲྭ་ཆེན་མོའི་ (Indiana Univsity) ལོ་རྒྱུས་རིག་པའི་ཕྱོགས་ཕེབས་དགེ་རྒན་ཆེན་མོའི་གོ་སྐབས་རག་པ་དང་སྟབས་བསྟུན་ནས། འཛམ་གླིང་འདིའི་སྐད་ཡིག་རིགས་པའི་གཞུང་ལུགས་ཡོངས་ཀྱི་དེབ་ཕྲེང་འབུམ་ཕྲག་མང་པོ་གསོག་པའི་བསྟི་གནས་ (IU) དཔེ་མཛོད་ཆེན་པོའི་ནང་ཟླ་བ་བཞིའི་རིང་ཞིབ་འཇུག་བྱེད་པའི་གོ་སྐབས་བཅས་ལ་བརྟེན་ནས། དེབ་ཐེར་འདི་ཉིད་གསར་དུ་སྒྲིག་པའི་སྤོབས་པ་བརྟས་ལ། གཞན་དུ་སྔོན་དང་ལྷག་པར་དེང་སང་ཤོག་ཐོག་སྨྱུ་གུ་འཛུགས་ཤེས་ཙམ་གྱི་ཕོ་གསར་རྐྱལ་སྟོང་། ཆོས་སྲིད་རིག་གཞུང་གང་ཐད་ནས་ཉམས་མྱོང་སྤུ་རྩེ་ཙམ་ཡང་མེད་པར་ཧམ་པ་དང་འདོད་རྔམས་རི་བོ་ལས་གཏོས་ཆེ་བ་མི་ཉུང་བ་ཞིག་གིས་འོལ་ཚོད་ཀྱིས་འཆལ་རྩོམ་འདྲ་མིན་སྤེལ་བ་དང༌། ཡང་དེབ་ཐེར་དང་ལོ་རྒྱུས་གང་ཐད་ནས་མཐོང་ཐོས་ཉམས་མྱོང་ངེས་ཅན་རེ་ཡོད་ན་ཡང་དཔེ་ཐོག་ཏུ་འབེབས་པའི་ལག་རྩལ་མེད་པ། གལ་ཏེ་གཉིས་ཀ་འཛོམས་ཀྱང་གཞུང་སྒེར་གྱི་ཚོགས་པ་དང་། མི་སྣ་གནད་ཡོད་རེ་གཉིས་ཙམ་ངོ་སྲུང་གི་འདྲ་འབག་གོན་པ་སོགས། བྱུང་རིམ་དངོས་དང་མཐུན་པའི་ལོ་རྒྱུས་ཀྱི་བཞིན་རས་མཐོང་བའི་གེགས་སུ་གྱུར་པ་ཡང་དུ་མ་མཐོང་ཞིང་། ད་དུང་དེབ་ཐེར་འདིའི་གྲུབ་ཆ་ལ་དགོས་ངེས་པའི་ཆ་རྐྱེན་མ་ཚང་བ་གཅིག་ནི། དེ་སྔོན་ལོ་རྒྱུས་ཁྲོད་ཆོས་སྡེ་འདིའི་ལོ་རྒྱུས་ཟུར་དུ་བཏོན་པའི་ཆོས་འབྱུང་དེབ་ཕྲེང་གཅིག་ཀྱང་བྱུང་མྱོང་མེད་པ་དེ་ཡིན་ལ། དེའི་ཐོག་གྲྭ་ཚང་འདིའི་མཁན་རབས་གསོལ་འདེབས་ཀྱང༌། རྐྱེན་དབང་གང་ཞིག་གིས་ལ་ཀྵིའི་མཚན་ཅན་ལྔ་ལ་གསོལ་བ་འདེབས་ས་དེ་ནས་མཚམས་འཇོག་བཟོ་དགོས་བྱུང་འདུག་པ་ལས། མཁས་རབས་ཕྱི་མ་ཚོའི་མཚན་གཞུང་ཙམ་ལའང་ཞིབ་འཇུག་དཀའ་བ་བཅས་ཡིན། དེར་བརྟེན་དེབ་ཐེར་འདི་ཉིད་གསར་དུ་བསླང་པའི་ཆེད། སྔ་ཕྱིར་རྒྱ་བོད་དབྱིན་གསུམ་གྱི་ལོ་རྒྱུས་ཚད་ལྡན་དང་ཚད་ལྡན་མ་ཡིན་པ་དེབ་གྲངས་གཅིག་སྟོང་(དཔྱད་གཞིའི་དེབ་ཕྲེང་རྣམས་ལེ་ཚན་སོ་སོའི་མཐའ་ལ་འགོད་རྒྱུ་ཡིན)ལྷག་ཙམ་དུས་རབས་ཀྱི་ལོ་རྒྱུས་རིག་པའི་འགྲོས་དང་བསྟུན་ནས་ཞིབ་འཇུག་ནན་པོའི་ལུགས་སུ་བྱས་ཏེ་གཏན་ལ་དབབ་པར་བྱ་ཡི། དེང་སང་ཁ་ཅིག་གིས་རང་གི་མིག་ལམ་དུ་མཐོང་བ་ཙམ་ཡང་བྱུང་མ་མྱོང་བའི་དཔེ་དེབ་རྙིང་སོང་རྩ་ཆེན་འགའ་ཞིག་གི་མིང་ཐོས་པ་དང་དེ་ཉིད་དཔྱད་གཞི་ཡིག་ཆའི་ཁོངས་སུ་བགྲངས་པ་སོགས་ངོ་ཚ་དང་ཞེ་ཁྲེལ་སྤུ་ཙམ་མེད་པར། ཆལ་ལེ་ཆོལ་ལེ་དང༌། འ་ལེ་འོ་ལེ། ཁུངས་མེད་ལུང་མེད། ངོ་དགའ་སྤྲེལ་ལད། མ་མཐོང་མཐོང་མདོག མ་ཤེས་ཤེས་མདོག་བྱེད་པ་དེ་དག་གི་རང་ལུགས་དང་། གཞན་ཡང་མི་འཇོན་འཇོན་འདོག ཆོས་ཞེན་དང་རྨོངས་ཞེན། ཆགས་ཞེན་དང་ཕྱོགས་ཞེན་སོགས། དེབ་ཐེར་རྩོམ་པའི་ཁ་ན་མ་ཐོ་པའི་རིགས་ཀྱིས་གཞར་ཡང་མ་གོས་པར། གཟུར་གནས་མཁས་པ་དགའ་བའི་མཆོད་སྤྲིན་ཁོ་ན་ལགས་ཏེ། གཞན་དུ་ཁེངས་པའི་ང་རྒྱལ་གྱི་བྲག་རི་ལ་འཛེགས་མཁན་དང། ཕྲག་དོག་ཚེར་མའི་མལ་དུ་ཉལ་མཁན། རྨོངས་པའི་བྲག་རྫོང་ནང་སྟོང་བསམ་གྱི་རྨི་ལམ་གཏོང་མཁན་ཚོའི་ཁ་ལ་ཙན་དུག་དང་། སྣ་ལ་སི་པན། མིག་ལ་སྣ་ཐ་ལྟར་འགྱུར་བ་ཐེ་ཚོམ་མེད་ཀྱང་། དེ་ནི་རྗེ་ཙོང་ཁ་པ་ཆེན་པོས། གང་ཞིག་མཐོང་ན་དད་ལྡན་དང་བའི་སྤུ་ལོང་གཡོ། ། རློམ་པས་ཁེངས་རྣམས་གདོང་ནི་ས་ལ་དྲུད་པར་བྱེད། ། ཕྲག་དོག་ཅན་རྣམས་ཡིད་ནི་ཚེར་མའི་མལ་དུ་ཉལ། ། གཟུར་གནས་རྣམས་ཀྱིས་གྲགས་པའི་རྒྱལ་མཚན་ཕྱོགས་བཅུར་སྒྲེང་། ། ཞེས་གསུངས་པ་དང་མཐུན་པར་རྩོམ་པ་པོའི་ཡོན་ཏན་གྱི་ཆ་ཤས་སུ་འཛིན་པ་ལས། སྐྱེ་བོ་དེ་དག་ལ་གུས་ཕྱག་ཐལ་སྦྱར་དང༌། མ་འཐོལ་མ་འཆབ་ཀྱི་མཐོལ་བཤགས་དགོས་དོན་མེད་པ་ཡང་། དེབ་ཐེར་འདིའི་ཐོག་མར་བཀོད་པའི་དམ་བཅའི་སྡོམ་ཚིག་ཅིག་ཡིན། དེ་ལྟར་མཆོད་པར་བརྗོད་པ་ནས་གླེང་གཞིའི་རིམ་པར་ཇི་ལྟར་བྱུང་བའི་ཚུལ་རྣམས་མདོར་བསྡུས་པའི་ལུགས་སུ་བཀོད་ཟིན་ནས། ད་ནི་རྩོམ་པའི་གཞུང་དངོས་ཀྱི་རིམ་པར་འཇུག་པར་བྱེད་དོ། །

ཡལ་འདབ་དང་པོ་རྒྱ་གར་འཕགས་པའི་ཡུལ་དུ་དམ་པའི་ཆོས་ཇི་ལྟར་དར་ཚུལ།

(༡) ཐེག་པ་ཆེན་པོའི་ལུགས་ཀྱི་ཞིང་ཁམས་ཀྱི་རྣམ་གཞག་རགས་ཙམ་གླེང་པ། དེ་ཡང་ཐེག་པ་མཆོག་གི་སྡེ་སྣོད་དག་ལས་འབྱུང་བ་ལྟར་ན། ཇི་སྲིད་ནམ་མཁའི་དབྱིངས་ལ་མུ་དང་མཐའ་མེད་པ་དེ་བཞིན་རྒྱུད་ལྔས་བསྡུས་པའི་འགྲོ་བ་རྣམས་ཀྱི་ཁམས་དང་མོས་པའི་མཐའ་ཡང་བརྗོད་དུ་མེད་ཅིང༌། དེ་ཉིད་དུ་འགྲོ་བ་ལས་ཀྱི་མཐར་གཏུགས་པ་མེད་པས་ཐུབ་པ་རྣམས་ཀྱི་བརྩེ་ཆེན་སྤྱན་གྱིས་འཇུག་པའང་ཟུམ་པའི་སྐབས་མེད་ལ། གདུལ་བྱ་འགྲོ་བ་རྣམས་ཀྱི་ལྷན་སྐྱེས་ཀྱི་མ་རིག་པའི་རྒྱུ་དང་ལས་ཀྱི་རྐྱེན་ལ་བརྟེན་ནས་སྲིད་པ་འཇིག་རྟེན་ཁམས་སུ་རང་དབང་མེད་པར་ཉིད་མཚམས་སྦྱོར་བ་ན། འདུལ་བྱེད་སངས་རྒྱས་རྣམས་ཀྱིས་གཟིགས་པ་དུས་ལས་གཡོལ་བ་མེད་པའི་ཐུགས་བསྐྱེད་བཙན་པོའི་རྟེན་འབྲེལ་གྱི་མཐུ་ལ་བརྟེན་ནས་ཞིང་ཁམས་བྱེ་བ་ཕྲག་བརྒྱའི་སྣོད་ཀྱི་བཀོད་པ་དང་། སྟོང་གསུམ་འཇིག་རྟེན་གྱི་རྡུལ་དང་མཉམ་པའི་སྐུའི་བཀོད་པ་འབད་རྩོལ་མེད་པར་དུས་གཅིག་ཏུ་སྤྲུལ་པའི་སྒྱུ་འཕྲུལ་རོལ་ཞིང་། འདུལ་བྱེད་ཐུན་མོང་དུ་སྣང་བའི་ཆོ་འཕྲུལ་ཆེན་མོ་བཞི་ལ་སོགས་པ་ཕལ་པའི་བློ་ལས་འགངས་པ་སྟོན་ཏེ། །བདེ་བར་གཤེགས་པའི་བྱིན་རླབས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་ཡོངས་སུ་སྦྱོང་བའི་སྨོན་ལམ་གྱི་མཐུ་དང༌། སེམས་ཅན་རྣམས་ཀྱི་ལས་ཀྱི་མཐུ་བརྟས་པ། ཆོས་ཉིད་ཀྱིས་རབ་དུ་ཐོབ་པ་སྟེ། རྒྱུ་རྐྱེན་བཞི་པོ་དེ་དག་ལ་བརྟེན་ནས་དག་དང་མ་དག་པའི་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ལྟ་བུ་འབྱམས་ཀླས་སུ་གྲུབ་པར་ཡིན་ཏེ། མདོ་སྡེ་ཕལ་བོ་ཆེ་ལས། ཕྱོོགས་ཀྱི་ཞིང་རྣམས་རྒྱ་མཚོ་ཀུན་སྦྱོང་ཞིང༌། །བསྐལ་བ་མཐའ་ཡས་ཞིང་རྣམས་རེ་རེར་སྦྱོང༌། །སེམས་ཅན་ཁམས་དབྱིངས་བསམ་གྱིས་མི་ཁྱབ་པའི། །ལས་ཀྱི་ཞིང་རྣམས་རྒྱ་མཚོ་ཐམས་ཅད་འབྱུང༌། །ཞེས་གསུངས་པས་སོ། །དེ་ལ་འོག་མིན་སྟུུག་པོ་བཀོད་པའི་ཞིང་ཞེས་རང་བཞིན་དང་གློ་བུར་གྱི་དྲི་མས་ཡོངས་སུ་དག་པའི་སངས་རྒྱས་ཀྱི་ཡེ་ཤེས་ཐོག་མར་བརྙེས་པའི་ཞིང་ཁམས་ཏེ། ཁམས་གསུམ་ལས་ཡོངས་སུ་འདས་པ། ཡེ་ཤེས་རང་སྣང་གི་ལོངས་སྤྱོད་ཡོངས་སུ་རྫོགས་པའི་རྒྱན་ཡོ་བྱད་མཐའ་དག་ལྷུན་གྱིས་གྲུབ་པས་བར་མཚམས་མ་མཆིས་པར་སྟུག་པོར་བཀོད་པའི་གནས་དེར་སངས་རྒྱས་རྣམས་ཀྱི་ཡེ་ཤེས་གངས་ཆེན་མཚོའི་སྐུའི་བ་སྤུའི་ཁུང་བུ་རེ་རེ་ལའང་ཞིང་ཁམས་བྱེ་བ་ཕྲག་བརྒྱའི་བཀོད་པ་དང་ལྡན་པས། ཇི་སྐད་དུ། དེ་ལྟར་མ་ལུས་ཐམས་ཅད་ཕྱོོགས་སུ་ཡང་། །སྐྲ་ཙམ་ཁྱོན་ལ་དུས་གསུམ་ཚད་སྙེད་ཀྱིས། །སངས་རྒྱས་རྒྱ་མཚོ་ཞིང་རྣམས་རྒྱ་མཚོ་དང་། །བསྐལ་པར་རྒྱ་མཚོ་སྤྱོད་ཅིང་རབ་ཏུ་འཇུག །ཅེས་པ་ལྟར་སྐུ་གཅིག་ལའང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ལྷུན་གྱིས་རྫོགས་ཤིང་། རྡུལ་གཅིག་གི་སྟེང་ན་རྡུལ་གྲངས་ཇི་སྙེད་ཀྱི་ཞིང་སྣང་ཞིང་། སྐུ་གཅིག་ལ་སྐུ་རབ་འབྱམས་རྒྱ་མཚོའི་གྲངས་དང་མཉམ་པ་འདུ་བ་དང་། སྐུ་རེ་རེས་ཀྱང་སྐུ་དང་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ཡོངས་སུ་ཁྱབ་པ་སོགས་ས་མཐོན་པོ་ལ་གནས་པའི་འཕགས་ཆེན་དམ་པ་ཚོས་མ་གཏོགས་སྤྱོད་པའི་ཡུལ་ལས་འདས་པའི་ཆོ་འཕྲུལ་ཆེན་པོའི་བཀོད་པ་སྣ་ཚོགས་སྤྲུལ་ཏོ། ། དེ་ཡང་དང་པོ་གནས་ཀྱི་ཁྱད་པ་ནི། མདོ་སྡེ་ཕལ་བོ་ཆེ་ལས། ཞིང་རྣམས་རྒྱ་མཚོ་ལ་ལ་དྲི་མེད་འོད་ཅེས་ནམ་མཁའི་དབྱིངས་ལ་གནས། །སྣང་བའི་སྙིང་པོ་འོད་ཅན་ནོར་བུའི་རྒྱ་མཚོ་དག་ལ་ལེགས་པར་གནས། །ཞིང་རྣམས་རྒྱ་མཚོ་མཐའ་དང་དབུས་མེད་རྒྱ་ཆེན་པདྨི་རྒྱ་མཚོ་དག་ལ་གནས། །ཞིང་ཁམས་རྒྱ་མཚོའི་དབྱིབས་རྣམས་ལ་ལ་སངས་རྒྱས་བྱིན་ལ་གནས། །ཞེས་པ་ལྟར། འབྱུང་བ་བཞི་དང༌། སེམས་ཅན་གྱི་ལས། སངས་རྒྱས་ཀྱི་བྱིན་རླབས་སོགས་ལ་བརྟེན་ནས་གནས་ཤིང༌། གནས་ལུགས་ཀྱང༌། གོ་རིམ་བཀྲམ་པ་དང༌། སྤྱིའུ་ཚུགས་རྣལ་ལ་སོགས་ཅི་རིགས་སུ་ཡོད་ཅིང༌། དབྱིབས་ཀྱི་ཁྱད་པར་ནི། ལ་ལ་ཟླུམ་པོ་དང༌། ལ་ལ་ཟུར་གསུམ། ལ་ལ་གྲུ་བཞིའི་དབྱིབས་ཅན་སོགས་ཅི་རིགས་སུ་ཡོད་ཅིང་། རྒྱ་ཁྱོན་གྱི་ཁྱད་པར་ནི། སངས་རྒྱས་སྐར་མ་ལ་དགའ་བའི་ཞིང་ཁམས་མཐེ་བོ་ཅན་ནས་མི་མཇེད་ཀྱི་ཞིང་རྣམས་རྒྱ་ཁྱོན་ཆུང་ཞིང་བདེ་བ་ཅན་དང་མངོན་དགའི་ཞིང་ཁམས་རྣམས་རྒྱ་ཁྱོན་ཤིན་ཏུ་ཆེ་བ་བཤད། དུས་ཡུན་གྱི་ཚད་ནི། དག་དང་མ་དག་གི་ཞིང་ཁམས་དེ་དག་ལས་ལ་ལ་བསྐལ་བ་རེ་ཙམ་ནས། ལ་ལ་བསྐལ་བ་བཅུ་རེ་དང༌། ལ་ལ་སྟོང་གསུམ་གྱི་རྡུལ་གྱི་གྲངས་དང་མཉམ་པའི་བསྐལ་བ་བྱེ་བའི་བར་དུ་གནས་པར་བཤད་དེ། ཕལ་ཆེན་ལས། ཞིང་རྣམས་ལ་ལ་བསྐལ་བ་ཙམ། །ལ་ལ་བསྐལ་བ་བཅུ་པ་སྟེ། །ཞིང་རྣམས་ལ་ལ་རྡུལ་མཉམ་པའི། །བསྐལ་བ་བྱེ་བ་བརྗོད་པ་ཡིན། །ཞེས་འབྱུང་བས་སོ། །ཞིང་ཁམས་དེ་དག་ཏུ་སངས་རྒྱས་བྱོན་པའི་ཁྱད་པར་ནི་དེ་ཉིད་ལས། ཞིང་རྣམས་ལ་ལ་སངས་རྒྱས་མེད། །ཞིང་རྣམས་ལ་ལར་སངས་རྒྱས་བཅས། །ལ་ལའི་ཞིང་ན་སངས་རྒྱས་གཅིག། ལ་ལར་སངས་རྒྱས་མང་པོའོ། །ཞེས་འབྱུང་པ་ལྟར། ཞིང་ཁམས་ལ་ལར་སངས་རྒྱས་མི་བྱོན་པ་དང༌། ལ་ལར་སངས་རྒྱས་གཅིག་བྱོན་པ། འགའ་ཞིག་ཏུ་སངས་རྒྱས་མང་པོ་བྱོན་པར་གསུངས་སོ། །འོད་ཀྱི་ཁྱད་པར་ནི། ཞིང་ཁམས་ལ་ལར་འོད་མེད་པར་མུན་པས་སྐྱི་གཡའ་བ་དང། འགའ་ཞིག་ཏུ་ལྷའི་འོད་དང་། ཉི་ཟླའི་འོད། རང་གི་འོད། ཤིང་གི་འོད། རིའི་འོད །ནོར་བུའི་འོད། མར་མེའི་འོད། སངས་རྒྱས་ཀྱི་འོད། པད་མའི་འོད། སྤོས་ཆུའི་འོད་སོགས་ལ་བརྟེན་པར་བཤད། ཆུ་བོས་བཅད་པའི་ཁྱད་པར་ནི་སྟོང་གསུམ་འདི་གླིང་དང་གླིང་ཕྲན་གྱིས་བཅད་ཅིང་། མངོན་དགའི་ཞིང་ཁམས་སོགས་གླིང་གི་ཡོངས་སུ་མ་བཅད་པར་ལག་མཐིལ་ལྟར་ཡོངས་སུ་མཉམ་ཞིང་གླིང་དང་གླིང་ཕྲན་གྱིས་ཕན་ཚུན་བཅད་པ་དག་ལའང་ཆེ་ཆུང་དང་བཟོ་དབྱིབས་སྣ་ཚོགས་པ་དང། བརྟེན་པའི་ཁྱད་པར། སེམས་ཅན་ཁ་ཅིག་ཉོན་མོངས་པ་དང་ལྡན་པ་དང༌། ཁ་ཅིག་ཉོན་མོངས་རྣམ་པར་དག་པ་དང་། གཞན་དག་བསམ་གྱིས་མི་ཁྱབ་པའི་ཚུལ་ལ་བརྟེན་པ་སྟེ། དེ་དག་ནི་སྟུག་པོ་བཀོད་པའི་ཞིང་ཁམས་ཀྱི་སྤྲོ་བསྡུའི་རྣམ་གཞག་ཡིན་ལ། ས་ཆེན་པོ་ལ་གནས་པའི་འཕགས་ཆེན་དམ་པ་ཚོ་ལས་གཞན་གྱི་སྤྱོད་པའི་ཡུལ་ལས་འདས་པ་ཐུབ་པ་གངས་ཆེན་མཚོ་གང་དུ་བཞུགས་པའི་གནས། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་འོག་གཞི་རླུང་གི་དཀྱིལ་འཁོར་ནས་གླིང་བཞི་རི་རབ་ཁོར་ཡུག་ལྕགས་རིའི་བར་དང་འོག་མིན་ལ་ཐུག་གི་བར་གྱི་གནས་དེ་ལ་གླིང་བཞི་པའི་འཇིག་རྟེན་ཀྱི་ཁམས་གཅིག་ཏུ་བགྲངས་ཤིང། གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་གྱི་ཁོར་ཡུག་སྟོང་ལ་མུ་ཁྱུད་ཀྱིས་བསྐོར་བ་སྟོང་རེར་སྟོང་གཅིག་གམ་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་དང་། གླིང་བཞི་རི་རབ་ལྕགས་རི་དང་བཅས་པ་སྟོང་རེ་ལ་མུ་ཁྱུད་ཀྱིས་བསྐོར་བའི་ཁོར་ཡུག་གཅིག་ཏུ་བྱས་པའི་འཇིག་རྟེན་གྱི་ཁོར་ཡུག་སྟོང་གཉིས་ལ་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཁམས་དང༌། སྟོང་གཉིས་པའི་མུ་ཁྱུད་ཀྱིས་བསྐོར་བའི་འཇིག་རྟེན་གྱི་ཁོར་ཡུག་རེ་རེ་བཞིན་བགྲངས་པས་སྟོང་ཕྲག་གསུམ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཏུ་བགྲངས་ཤིང་། སྟོང་གསུམ་པའི་འཇིག་རྟེན་གྱི་ཁམས་གཅིག་ལ་གླིང་བཞི་རི་རབ་དང་བཅས་པའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་རེ་ཡོད་ལ། དེ་ལྟར་སྟོང་གསུམ་པའི་ཁོར་ཡུག་གི་མུ་ཁྱུད་ཀྱིས་བསྐོར་བའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་མཚམས་སྦྱོར་གྱི་འཇིག་རྟེན་དང་། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་ཀྱི་འཇིག་རྟེན། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱ་མཚོའི་འཇིག་རྟེན། དེ་ཉིད་དུང་ཕྱུར་ཕྲག་བཅུ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་གཅིག་ཏུ་འདོད་དོ། །དེ་དག་ཀུན་ཀྱང་གནས་ཚོད་ལ་མཆོག་གི་སྤྲུལ་པའི་སྐུ་གཅིག་གི་གདུལ་བྱ་ཡིན་ལ། བློ་དམན་ཕལ་བ་དག་གི་སྣང་ངོར་ནི་ཞིང་ཁམས་འདི་སྟོང་གསུམ་པའི་འཇིག་རྟེན་ཙམ་དུ་སྣང་གི དེ་ལས་བརྒལ་བ་བློ་ཡུལ་དུ་འགོངས་པས་མི་འདོད་དོ། ། འཇིག་རྟེན་གྱི་ཁམས་ཆེན་པོ་དེ་དག་གི་ནང་ནས་མི་མཇེད་འཇིག་རྟེན་གྱི་ཁམས་ནི་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁོར་ཡུག་ཆེན་པོ་དེའི་ནང་དུ་ཐུབ་པ་གངས་ཆེན་མཚོའི་དབྱངས་ཀྱི་སྤོས་ཆུའི་རྒྱ་མཚོ་བརྗོད་དུ་མེད་པའི་སངས་རྒྱས་ཀྱི་ཞིང་རྡུལ་སྙེད་ཀྱི་དབུས་སུ་སྤོས་ཆུའི་རྒྱ་མཚོའི་ཟེ་བ་ལ་གནས་པའི་པདྨཆེན་པོ་བཞིས་བརྟེན་པའི་འཇིག་རྟེན་ཀྱི་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པ་དེའི་བཅུ་གསུམ་པ་མི་མཇེད་ཅེས་གྲགས་པའི་སྟོང་གསུམ་གྱི་འཇིག་རྟེན་འདི་ཉིད་ཡིན་ཏེ། དེ་ལ་མི་མཇེད་ཀྱི་སྐད་དོད་ནི། སཱ་ཧ་མི་བཟོད་པའམ་མི་ནུས་པ་ལ་འཇུག་པས། ཞིང་ཁམས་འདིར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ཉོན་མོངས་པ་དང་སྡུག་བསྔལ་ལ་མི་བཟོད་པའམ་མི་ནུས་པ་ལས་བཟློག་སྟེ་ཉོན་མོངས་པ་དང་སྡུག་བསྔལ་ལ་བཟོད་བསྲན་ཐུབ་པས་མི་མཇེད་པ་ཞེས་གྲགས་ཤིང་མཇེད་ནི་མི་བཟོད་པའི་དོན་ནོ། །རྣམ་པ་གཞན་དུ་ཞིང་འདིའི་བྱང་སེམས་རྣམས་གཞན་དོན་སྒྲུབ་པའི་སྙིང་སྟོབས་དང་དཀའ་སྤྱད་ལྷག་པར་བཟོད་པས་ཀྱང་མི་མཇེད་འཇིག་རྟེན་གྱི་ཞིང་ཞེས་བགྲངས་པར་བཤད་དོ། ། དེ་ལྟ་བུའི་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་འདི་ལ་ཤར་དུ་ཁེབས་ལྡན། ལྷོར་ལྷག་པ། ནུབ་ཏུ་རྡུལ་གསལ། བྱང་དུ་རྣམ་བྱང་། ཤར་ལྷོར་ཕན་བྱེད། ལྷོ་ནུབ་ཏུ་ཀུན་སོང༌། ནུབ་བྱང་དུ་ཡོངས་སུ་དགའ་བ། བྱང་ཤར་དུ་འཕོ་བྱེད། སྟོད་དུ་དབྱངས་སྒྲོགས། འོག་ཏུ་མི་ཆེ་བ་སོགས་སངས་རྒྱས་ཀྱི་ཞིང་རྡུལ་བཅུ་གསུམ་གྱི་གྲངས་སྙེད་ཀྱིས་བསྐོར་ཞིང༌། མི་མཇེད་སྟོང་གསུམ་གྱི་འཇིག་རྟེན་འདིའི་སྟོན་པ་ནི་རྣམ་སྣང་གི་རྣམ་པར་རོལ་བའི་ལོངས་སྤྱོད་རྫོགས་པའི་སྐུ་གཅིག་ཉིད་ལས་མཆེད་པའི་སྤྲུལ་པའི་སྐུ་བགྲང་ལས་འདས་པས། ཞིང་ཁམས་བྱེ་བ་ཕྲག་བརྒྱར་འགྲོ་དོན་མཛད་པར་བཤད་ལ། མི་མཇེད་འཇིག་རྟེན་གྱི་དབུས་སུ་ཚུད་པའི་གླིང་བཞི་པོ་འདི་ཁོ་ན་ལའང། ཤིན་ཏུ་སྲུང་དང་། དགའ་བ། བཟོད་དཀའ། སྙིང་པོ་དམ་པ། གཉེན་ལྡན། ས་བཟང་། སེང་གེ་ཡོད་པ། རྣམ་བསགས། ནོར་འཛིན། འོད་འཕྲོ་ལྡན་ཏེ། འཇིག་རྟེན་གྱི་ཁམས་བཅུས་བསྐོར་ཞིང་། དེ་དག་ཆགས་འཇིག་གནས་གསུམ་མཉམ་པར་གསུངས་ཤིང་འདི་ལྟ་བུ་འཇིག་རྟེན་གྱི་ཁམས་རྒྱ་ཆེ་བ་ནི་ས་བཅུའི་དབང་ཕྱུག་དམ་པ་ཚོའི་སྤྱོད་ཡུལ་དུ་གྱུར་པ་མ་གཏོགས་ཉན་རང་ལ་སོགས་པའི་བློ་ངོར་མི་ཤོང་བར་བཤད་དོ།། རབ་འབྱམས་རྒྱ་མཚོའི་འཇིག་རྟེན་བྱེ་བའི་ཁམས། ། གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་། ། སྟུག་པོ་བཀོད་པའི་ཐུབ་པ་གངས་ཅན་མཚོའི། ། མཆོག་གི་སྤྲུལ་པའི་ཞིང་གི་བཀོད་པ་ཡངས། །ཞེས་ཀྱང་སྨྲས་སོ།།

(༢) ཐེག་པ་ཐུན་མོང་བའི་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ། ཐེག་པ་ཐུན་མོང་བའི་ལུགས་ཀྱི་འཇིག་རྟེན་ཆགས་འཇིག་གནས་སྟོང་བཞིའི་རྣམ་གཞག་རགས་ཙམ་གླེང་ན། སྔ་མའི་བསྐལ་བ་འཇིག་ཅིང་སྟོང་བའི་བསྐལ་བ་ཉི་ཤུ་འདས་ནས་སླར་ཡང་བསྐལ་བ་འདི་ཉིད་ཆགས་པའི་མགོ་ཚུགས་ཏེ། དེ་ཡང་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གི་མཐུ་ལས་ཕྱོགས་རྣམས་ཀུན་ནས་རླུང་ཆེན་དྲག་ཏུ་ལྡང་སྟེ་ཕན་ཚུན་བརྡབས་པ་ཡུན་རིང་སོང་བ་ལས་ཤིན་ཏུ་མཁྲེགས་པའི་འོག་གཞི་རླུང་གི་རྒྱ་གྲམ་ཆགས། དེ་ནས་ནམ་མཁའི་ཁྱོན་ཀུན་ཏུ་གསེར་གྱི་གཉའ་ཤིང་ལྟ་བུའི་སྤྲིན་པ་བསྟིབས་པ་ལས། ཆར་གྱི་རྒྱུན་ཤིང་རྟའི་འཕང་ལོ་ཙམ་པ་རྒྱུན་དུ་གཞོལ་བས་འཇིག་རྟེན་འདི་ཆུའི་ཕུང་པོ་ཆེན་པོ་ཞིག་ཏུ་གྱུར། དེ་ལས་གསེར་གྱི་པད་མོ་སྟོང་ཕྲག་བཞད་པ་གནས་གཙང་གི་ལྷ་རྣམས་ཀྱིས་མཐོང་སྟེ་བསྐལ་བ་བཟང་པོ་འདིར་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་སངས་རྒྱས་སྟོང་ཕེབས་པར་འགྱུར་རོ་ཞེས་སྒྲོགས་པར་བཤད་ཅིང། སླར་ཡང་སེམས་ཅན་སྤྱི་མཐུན་གྱི་ལས་དབང་གིས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་ཆེན་རྒྱུན་མར་འབབ་པ་རྣམས་འོག་གཞི་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ཆགས་པ་དང༌། དེའི་སྟེང་གི་ཆུའི་རྦ་རླབས་ཕན་ཚུན་ཤིན་ཏུ་འཁྲུགས་ཤིང་གཡོ་བས་རིན་པོ་ཆེའི་ཁམས་ཀྱི་སྙིང་པོ་རྣམས་དབུས་སུ་རིམ་པར་སྤུངས་པ་ལས་རིའི་རྒྱལ་པོ་རི་རབ་གྲུབ། ཁམས་འབྲིང་རྣམས་རིམ་པ་བཞིན་ཚོམ་བུར་སྤུངས་པ་ལས་གསེར་གྱི་རི་བདུན་གྲུབ། ཁམས་ཐ་མ་རྣམས་བསྲུབས་པ་ལས་གླིང་བཞི་དང་གླིང་ཕྲན་བཅོ་བརྒྱད་སོགས་གྲུབ། ཡང་ཐ་རྣམས་ཀྱིས་ཕྱིའི་ལྕགས་རི་གྲུབ་བོ། །དབུས་ཀྱི་ལྷུན་པོའི་ཤར་ཤེལ་དང་། ལྷོ་བཻཌཱུ”། ནུབ་པདྨར་ག བྱང་གསེར་ལས་གྲུབ་པའི་ངོས་དེ་དག་གི་འོད་ཟེར་ཆུ་ལ་ཕོག་པས་ཆུའི་ཁ་དོག་ཀྱང་རིམ་པ་བཞིན་དཀར། སྔོ། དམར། གསེར་གྱི་རྣམ་པར་གསལ་བ་དང་། དེའི་འཕྲུལ་ལས་ལྷུན་པོའི་ཕྱོགས་བཞིའི་ནམ་མཁའིི་མདོག་ཀྱང་དེ་དག་སོ་སོ་དང་མཚུངས་པར་བཤད། རིན་ཆེན་སྣ་བཞི་ལས་གྲུབ་པའི་ལྷུན་པོ་ལ་བང་རིམ་བརྒྱད་དང་བང་རིམ་རེ་ལ་དཔག་ཚད་ཁྲི་རེར་བྱས་པས་དཔག་ཚད་བརྒྱད་ཁྲི་ཡོད་ལ། དེ་ལས་བང་རིམ་བཞི་རོལ་བའི་མཚོར་བྱིངས་པ་དང་བང་རིམ་བཞི་གྱེན་དུ་འཕགས། དེའི་མཐར་གཉའ་ཤིང་འཛིན་དང་། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་གྱིས་རིམ་པར་བཞིན་ཡོངས་སུ་བསྐོར། ལྷུན་པོ་ནས་གླིང་བཞི་བར་གསེར་གྱི་རི་བདུན་ཕྲེང་བ་ལྟར་བསྐོར་བའི་བར་རྣམས་སུ་ཡན་ལག་བརྒྱད་ལྡན་གྱི་རོལ་བའི་མཚོ་ཆེན་བརྒྱད་འཁྱིལ། དེའི་མཐར་རིམ་པར་བཞིན་ཤར་ན་ལུས་འཕགས་ཀྱི་གླིང་ཟླ་གམ་གྱི་དབྱིབས། ལྷོ་འཛམ་བུ་གླིང་སོག་པའི་དབྱིབས། ནུབ་བ་ལང་སྤྱོད་ཟླུམ་པོ་འཕང་ལོའི་དབྱིབས། བྱང་སྒྲ་མི་སྙན་གྲུ་བཞི་འབོའི་དབྱིབས་སྟེ་གླིང་བཞི་དང། དེ་དག་གི་གཡས་གཡོན་དུ་རིམ་པ་བཞིན་ལུས་དང་ལུས་འཕགས། རྔ་གཡབ་དང་རྔ་གཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་སྟེ་གླིང་ཕྲན་བརྒྱད་པོ་རྣམས་མགོ་བོ་ལ་རྣ་བ་བཞིན་གླིང་བཞིའི་འགྲམ་རྣམས་སུ་ཆགས་ཤིང༌། ད་དུང། ཟངས་གླིང་དང་། གསེར་གླིང་། སིང་ག་གླིང་། ཐོད་དཀར་གླིང་སོགས་མ་ངེས་པའི་གླིང་ཕྲན་དུ་མ་ཆགས་པ་མདོ་སྡེ་ལས་གསུངས་ལ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་གླིང་བཞི་ལས་གཞན་གླིང་ཕྲན་སྟོང་ཕྲག་ཡོད་པར་བཤད་ཅིང༌། དེ་དག་གི་ཞེང་ཚད་དང་ཆགས་དབྱིབས་སོགས་སྣ་ཚོགས་པས་བརྗོད་ཀྱིས་མི་ལང་ངོ༌། དེང་སང་གི་རིག་གསར་བའི་འཕྲུལ་ལ་བརྟེན་ནས་གླིང་ཕྲན་འདི་དང་འདི་ཞེས་བྱ་བ་གསར་དུ་རྙེད་པའི་ཚུལ་ཡང་ཡང་བྱུང་དང་འབྱུང་བཞིན་པ་འདི་དག་ཀྱང་གོང་གི་ལུང་དེའི་བདེན་དཔང་ཤིན་ཏུ་འོས་པ་ཞིག་ཏུ་འཁུམས་སོ། །གླིང་བཞི་དང་གླིང་ཕྲན་རྣམས་ཀྱི་བར་དང་ཕྱིའི་ལྕགས་རིའི་ཁོར་ཡུག་བར་རྣམས་སུ་བ་ཚྭ་ཅན་གྱི་རྒྱ་མཚོས་ཕན་ཚུན་བཅད་ཅིང། ཕྱིའི་ལྕགས་རིའི་མུ་ཁྱུད་རྣམས་རྡོ་སོལ་གྱི་མེ་ཡིན་པས་བ་ཚྭ་ཅན་གྱི་རྒྱ་མཚོའི་འཕེལ་ཁ་དང་འཕྲད་པ་ན་འབར་བར་འགྱུར་བས་མཚམས་ལས་མི་འདའ་བར་སྐེམ་པར་བཤད་དོ། །ལྷུན་པོའི་ལྷོ་ངོས་ན་ལྷ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་དཔག་བསམ་གྱི་ལྗོན་པ་འཛད་དུ་མེད་པའི་འབྲས་བུ་སྨིན་པ་རྣམས་རོལ་བའི་མཚོར་ལྷུང་ཞིང་། མཚོ་དེར་གནས་པའི་ཀླུ་རྣམས་ཀྱིས་ཉར་སྤྲུལ་ཏེ་ཛམ་བུའི་ཤིང་འབྲས་ཟ་བར་བྱེད། མ་ཟོས་ན་འཛམ་བུའི་གསེར་དུ་འགྱུར་བར་བཤད། ཛམྦུའི་ཤིང་འབྲས་རོལ་བའི་མཚོར་ལྷུང་བ་ན་ཛམ་ཞེས་པའི་སྒྲ་འབྱིན་པ་དང་། དེའི་ལྷོ་ངོས་ན་ཡོད་པའི་གླིང་ཡིན་པས། རང་ཅག་གི་འཇིག་རྟེན་འདིར་འཛམ་བུའི་གླིང་ཞེས་འདོགས་པར་བཤད་དོ། ། ཡང་ཆོས་མངོན་པ་མཛོད་ལས། འདི་ནས་དགུ་འདས་རི་ནག་པོ། ། སྤོས་ངད་ལྡང་པའི་ཚུར་རོལ་ན། ། ཆུ་ཞེང་ལྔ་བཅུ་ཡོད་པའི་མཚོར། ། ཞེས་རྡོ་རྗེ་གདན་ནས་བྱང་གི་ཕྱོགས་སུ་རི་ནག་པོ་དགུ་འདས་པའི་མཚམས་སུ་རི་བོ་གངས་ཅན་ཞེས་པ་ཡོད་ཅིང་། དེའི་འགྲམ་དུ་རི་བོ་སྤོས་ངད་ལྡན་པ་ཡོད། དེ་གཉིས་ཀྱི་བར་དུ་གླིང་འདིའི་རྩི་ཤིང་། ནགས་ཚལ། སྨན་དང༌། རིན་པོ་ཆེ། ཆུ་ཀླུང་ཐམས་ཅད་འབྱུང་བའི་གཏེར། ཆུ་ཞེང་དཔག་ཚད་ལྔ་བཅུ་ཡོད་པ་ཀླུའི་རྒྱལ་པོ་མ་དྲོས་པ་གནས་པའི་གཞི་མཚོ་མ་དྲོས་པ་ཞེས་བྱ་བ་འཁྱིལ་ཞིང༌། མཚོ་དེའི་ཤར་ཕྱོགས་བྲག་གླང་པོའི་གདོང་འདྲ་བ་ལས་དངུལ་གྱི་བྱེ་མ་འདྲེན་པའི་ཆུ་བོ་གReབའམ་གླང་ཆེན་ཁ་འབབ་དང་། ལྷོ་ཕྱོགས་ནས་རྨ་བྱའི་ཁ་འདྲ་བ་ལས་བཻཌཱུ”འི་བྱེ་མ་འདྲེན་པའི་ཆུ་སིནདྷུའམ་རྨ་བྱ་ཁ་འབབ། ནུབ་ཕྱོགས་ནས་བྲག་རྟ་མཆོག་གི་གདོང་འདྲ་བ་ལས་ཤེལ་གྱི་བྱེ་མ་འདྲེན་པའི་ཆུ་བོ་པཀྵིའམ་རྟ་མཆོག་ཁ་འབབ། བྱང་ཕྱོགས་ནས་བྲག་སེང་གེའི་གདོང་འདྲ་བ་ལས་གསེར་གྱི་བྱེ་མ་འདྲེན་པའི་ཆུ་བོ་སི་ཏུའམ་སེང་གེ་ཁ་འབབ་སྟེ། ཁ་འབབ་རྣམ་བཞིས་མཚོ་མ་དྲོས་པ་ལ་གཡས་སྐོར་བདུན་བདུན་བྱས་ཏེ་མཐར་རྒྱ་མཚོར་འགྲོ་བར་བཤད་པ་དང༌། འཛམ་གླིང་གི་ཆགས་དབྱིབས་སོག་པ་དང་འདྲ་བར་བཤད་པ་ས་ཁྱོན་དཔག་ཚད་ཉིས་ཁྲི་ཆིག་སྟོང་ཡོད་ཚུལ་བཤད་པ། དེ་བཞིན་བཀའ་གདམས་ཕ་ཆོས་སུ། ཇོ་བོ་བོད་དུ་ཕེབས་པ་ན་འཇིག་རྟེན་ཀྱི་ཁམས་གཞན་དུ་ཕེབས་པ་ཞེས་བྲིས་འདུག་པ་སོགས་ལ་དཔག་ན། སྐབས་དེའི་འཛམ་གླིང་ནི་དེང་སང་གི་རྒྱ་གར་ཁོ་ན་ལ་ངོས་འཛིན་གནང་འདུག་པ་དང༌། ཆོས་མངོན་པའི་གསུང་སྒྲོས་དེ་དག་ལས་གངས་ཀྱི་རི་བོ་དང༌། མཚོ་མ་དྲོས་པ། ཆུ་ཀླུང་བཞི་སོགས་རིམ་པ་བཞིན་རང་རེའི་གངས་ཏི་སེ་དང༌། མ་ཕམ་གཡུ་མཚོ། ཁ་འབབ་བཞི་ལ་ངོས་འཛིན་ཤིན་ཏུ་གསལ་བར་མཛད་འདུག་པར་མ་ཟད། ད་དུང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་སྡེ་རྣམས་སུའང༌། དེ་དག་དང་ཕྱོགས་མཚུངས་པ་དུ་མ་སྣང་མོད། འདིར་རེ་ཞིག་རྒྱས་པར་བཤད་པའི་སྐབས་སུ་མ་བབས་པས་སྐྱུར་ཏེ་དཀྱུས་ལ་འཇུག་པར་འདོད་དོ། ། དེ་ལ་ལྷུན་པོའི་ཤར་ངོས་ཀྱི་གླིང་ཆེན་ལ་ལུས་འཕགས་གླིང་ཞེས་བརྗོད་པ་ནི། གླིང་དེའི་མི་རྣམས་གླིང་གཞན་གྱི་མི་ལས་ལུས་བོངས་ཆེ་ཞིང་འཕགས་པས་དེ་སྐད་འདོགས་པ་དང༌། ནུབ་ངོས་ཀྱི་གླིང་ཆེན་ལ་བ་ལང་སྤྱོད་ཅེས་པ་ནི་རི་རབ་ཀྱི་ནུབ་ངོས་སུ་འདོད་འཇོའི་བ་མོ་ཡོད་པ་དེ་ནས་གླིང་དེའི་མི་རྣམས་ལ་དགོས་འདོད་འབྱུང་བས་དེ་སྐད་དུ་འདོགས། བྱང་ངོས་ཀྱི་གླིང་ཆེན་ལ་སྒྲ་མི་སྙན་ཞེས་འདོགས་པ་ནི། གླིང་དེའི་མི་རྣམས་ཚེ་ལོ་སྟོང་ལོན་པ་ན། ནམ་མཁའ་ནས་ཁྱེད་མྱུར་དུ་འཆི་བར་འགྱུར་རོ་ཞེས་པའི་སྒྲ་མི་སྙན་པ་ཞིག་གྲགས་ཡོང་བས་དེ་སྐད་དུ་བཏགས་པར་བཤད། དེ་ལྟར་གླིང་བཞི་དང་གླིང་ཕྲན་དེ་དག་ནི་གཙོ་བོ་མིའི་འགྲོ་བའི་རྟེན་གཞི་ཡིན་ལ། གླིང་དང་གླིང་ཕྲན་དག་ཕན་ཚུན་བཅད་པའི་བ་ཚྭ་ཅན་གྱི་མཚོ་དང་ཕྱིའི་ལྕགས་རིའི་ཁོར་ཡུག་གི་མཚོ་རྣམས་ནི་གཙོ་བོ་དུད་འགྲོའི་གནས་སོ། ། འཛམ་བུ་གླིང་གི་ས་ཆེན་པོ་འདིའི་འོག་གི་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡི་དྭགས་ཀྱི་རྒྱལ་པོ་གཤིན་རྗེ་གནས་ཤིང་། ལྟོ་གུག་ལ་སོགས་པའི་ཡི་དྭགས་ཀྱི་གནས་ཆེན་སུམ་ཅུ་རྩ་དྲུག་ཡོད་པ་དེ་དག་ཏུ་ཡི་དྭགས་བྱིངས་ན་གནས་པ་རྣམས་ཀྱི་རྟེན་གཞི་བྱས། འཛམ་གླིང་གི་ས་ཆེན་པོ་འདིའི་འོག་གི་དཔག་ཚད་ཉི་ཁྲིའི་འོག་ཏུ་སེམས་ཅན་དམྱལ་བ་ཆེན་པོའི་འཇིག་རྟེན་ཡང་སོས་དང་། དེ་ནས་རིམ་པ་བཞིན་ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་དེ་བརྒྱད་དང་། དེ་དག་རེ་རེའི་མཐའ་སྐོར་དུ། ཉེ་འཁོར་བའི་དམྱལ་བ། མེ་མ་མུར་དང་། རོ་མྱག་འདམ། རལ་གྲི་ལོ་མའི་ནགས་ཚལ། ཤ¿¨ཱ་ལིའི་ནགས་ཚལ་དང་། གྲང་དམྱལ་ཆུ་བོ་རབ་མེད་རྣམས་དང་། དམྱལ་ཁམས་དེ་དག་ལས་ལོགས་སུ་རིམ་པ་བཞིན་ཆུ་བུར་ཅན་དང་། ཆུ་བུར་བརྡོལ་བ། སོ་འཐམས། ཨ་ཆུ། ཀྱི་ཧུད། ཨུཏྤལ་ལྟར་གས་པ། པད་མ་ལྟར་གས་པ། པདྨལྟར་ཆེར་གས་པ་བཅས་གྲང་བའི་དམྱལ་ཁམས་བརྒྱད་རྣམས་སུ་སེམས་ཅན་དམྱལ་བ་པ་རྣམས་གནས་པར་བཤད། ལྷུན་པོའི་ཆུ་མཚམས་མན་ཆད་དུ་སྒྲ་གཅན་ལ་སོགས་པའི་ལྷ་མིན་རྣམས་ཀྱིས་བརྟེན་པ་དང༌། ཆུ་མཚམས་ལས་གྱེན་དུ་འཕགས་པའི་བང་རིམ་དང་པོ་ལ་གཞོང་ཐོགས་དང་། གཉིས་པར་ཕྲེང་ཐོགས། གསུམ་པར་རྟག་མྱོས། དེ་བཞིན་གསེར་གྱི་རི་བདུན་རྣམས་སུའང་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་མ་གནས་ཤིང༌། ལྷུན་པོའི་བང་རིམ་བཞི་པའི་ངོས་བཞི་དང་གཉའ་ཤིང་འཛིན་ལ་སོགས་པའི་གསེར་གྱི་རི་བདུན་གྱི་སྟེང་གི་བར་སྣང་ཁམས་རྣམས་སུ་རྒྱལ་ཆེན་རིགས་བཞིའི་ལྷ་རྣམས་གནས་ཤིང། ལྷ་གནས་འདིར་རྒྱལ་པོ་ཆེན་པོ་བཞིས་དབང་བསྒྱུར་བས་རྒྱལ་ཆེན་རིགས་བཞི་ཞེས་འདོགས་སོ། རི་རབ་ཀྱི་རྩེ་མོ་ན་སུམ་ཅུ་རྩ་གསུམ་དུ་གྲགས་པའི་ལྷའི་གནས་ཡོད་དེ་སུམ་ཅུ་རྩ་གསུམ་ནི། ནོར་ལྷ་བརྒྱད་དང་ཐ་སྐར་གྱི་བུ་གཉིས། དྲག་པོ་བཅུ་གཅིག ཉི་མ་བཅུ་གཉིས་རྣམས་ཡིན་ཞིང་། གྲོང་ཁྱེར་དེ་དག་གི་གཙོ་བོ་ཉི་མ་བཅུ་གཉིས་ཀྱི་ནང་ཚན་བརྒྱ་བྱིན་ཡིན་ལ། ཁྱབ་འཇུག་སོགས་གཞན་སོ་གཉིས་ལ་བརྒྱ་བྱིན་གྱི་མདུན་སར་ཉེ་བར་དབང་བས་ཉེར་དབང་ཞེས་གྲགས་སོ། །གྲོང་ཁྱེར་དེ་དག་རེ་རེ་བཞིན་བགྲང་ན། ཆོས་བཟང་དང་། མཐོ་བ། རྩ་ལེགས། མཐོང་གནས། ཕྱོགས་གཅིག ཤིང་གསེབ། ཤིང་རྟ་སྣ་ཚོགས་གནས། དགའ་བྱེད། རྣམ་མཛེས། ཡོངས་འདུར་གནས། འདྲེས་པའི་འགྲམ་གནས། ཚང་ཚིང་འགྲམ་གནས། ནོར་བུའི་སྙིང་པོ་གནས། ཀུན་གསལ་སྤྱོད། གསེར་ཕུག་ཁང་། ཕྲེང་བའི་གྲིབ་མ། མཐོ་དམར་རྒྱུ། བཀྲ་བ་སྣ་ཚོགས་ཀྱིས་སྦྱོར་བ་འཇུག་པ། ཞིབ་ཏུ་སྤྱོད་པ། གླུ་སྒྲར་ཆགས། གཟི་བརྗིད་འབར། ཟླ་བའི་གནས། ཤིང་སཱ་ལ་གནས། མིག་ཕྱེར་འགྲོ། བཙུམས་འགྲོས། ལུས་མདོག་བཟང་། ནོར་བུ་འཕྱང་བ། རིས་མཐུན། འཁོར་གནས། མཐོ་བར་སྤྱོད། གཟི་མཆོག གཟི་འབྲིང༌། མ་དྲོས་པ་སྟེ་སོ་གསུམ་མོ།། གྲོང་ཁྱེར་དེ་དག་ལས་ཆོས་བཟང་ལྷའི་གྲོང་ཁྱེར་གྱི་དབུས་ན། ལྷའི་ཕོ་བྲང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཁང་བཟང་གྲུ་བཞི་པ། རིན་པོ་ཆེའི་ཀ་བ་ཁྲི་དྲུག་སྟོང་གིས་བཏེགས་པ། རིན་པོ་ཆེའི་བ་གམ་བརྒྱ་རྩ་གཅིག་གིས་བསྐོར་བ། གསེར་གྱི་ལྕགས་རི་ངོས་རེ་རེ་ལ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་དང་འཕངས་སུ་ཕྱེད་དང་གཉིས་འཕགས་པ། ཕྱོགས་བཞིའི་སྒོ་ཆེན་བཞི་ལ་ལྷའིི་བུ་ལྔ་བརྒྱ་རེས་སྲུང་ཞིང་སྒོ་བཞིའི་འགག་ནས་སྲང་ཆེན་བཞི་དང་སྲང་ཕྲན་དུ་མ་པ་ཊ་ལྟར་ལྷས་པ། ཕྱོགས་བཞིར་ལྟ་ན་སྡུག་ལ་སོགས་པའི་ཉམས་དགའ་བའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སྐྱེད་ཚལ་བཞི། དེ་དག་གི་བྱང་ཤར་གྱི་མཚམས་ན་དཔག་བསམ་གྱི་ལྗོན་པ་ཞེས་ལྷ་རྣམས་ཀྱི་བསོད་ནམས་ཀྱི་མཐུ་ལས་འཁྲུངས་པའི་ལྗོན་ཤིང་ཐུར་དུ་དཔག་ཚད་ལྔ་བརྒྱ་ཟུག་ཅིང། གྱེན་དུ་དཔག་ཚད་ལྔ་བརྒྱ་འཕགས་པ། དཔག་ཚད་ལྔ་བརྒྱའི་ཁྱོན་ལ་ཡལ་འདབ་ཀྱིས་ཡོངས་སུ་ཁྱབ་པ་དང་དགོས་འདོད་ཐམས་ཅད་འབད་མེད་དུ་འཇོ་བ། དེའི་འོག་ཏུ་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཆུ་ཞེང་དཔག་ཚད་ལྔ་བཅུ་ཅན་གྱི་མཐར་དཔག་ཚད་ཉིས་བརྒྱས་བསྐོར་བ་དང། ལྟ་ན་སྡུག་གི་ལྷོ་ནུབ་ཀྱི་མཚམས་ན་ཆོས་བཟང་ལྷའི་མདུན་ས་ཞེས་པ་དཔག་ཚད་བདུན་བརྒྱས་བསྐོར་བའི་དབྱིབས་ཟླུམ་པོ། དེའི་དབུས་ན་བརྒྱ་བྱིན་གྱིས་ཆོས་སྟོན་པའི་ཁྲི་དང་། དེའི་ཉེ་འཁོར་དུ་ཉེ་དབང་སོ་གཉིས་ཀྱི་ཁྲི་བཤམས་པ། གཞན་ཡང་ཆོས་ཀྱི་སྡོམ་བཞི་སྟོན་པའི་ལྷ་ཡི་རྔ་བོ་ཆེ་དང་དུས་མིན་འཆི་བ་འཇོམས་པའི་བདུད་རྩི། གླང་པོ་ཆེ་ས་ལ་རབ་བརྟན། རྟ་མཆོག་སྤྲིན་གྱི་ཤུགས་འཆང་ལ་སོགས་པའི་འབྱོར་པ་བླ་ན་མཐོ་བ་དང་། ལྕོག་བཞི་ན་གནོད་སྦྱིན་ལག་ན་རྡོ་རྗེ་དག་གནས་ཤིང་། དེའི་སྟེང་གི་ནམ་མཁར་སྤྲིན་ཆགས་པ་ལྟ་བུ་ལ་བརྟེན་ནས་འཐབ་བྲལ་གྱི་ལྷའི་གནས་རང་དང་རིགས་མཐུན་པའི་ལས་ལས་བྱུང་བའི་ཁང་བཟང་དང་སྐྱེད་ཚལ་སོགས་ཁྱད་དུ་འཕགས་པར་གནས་ཤིང༌། འདི་ནས་ལྷ་མ་ཡིན་དང་ཕན་ཚུན་དམག་འཐབ་ཀྱི་གཡུལ་དང་བྲལ་བས་ན་འཐབ་བྲལ་ཞེས་བརྗོད་པར་བཤད། དེའི་གོང་དུ་རྒྱལ་བ་མ་ཕམ་པས་ཆོས་སྒྲ་སྒྲོགས་པ་ལས་དགའ་བ་དང་ལྡན་པས་དགའ་ལྡན་ཞེས་བཏགས་པའི་ལྷའི་གནས་ཡོད་ལ། དེ་ཡང་བསྐལ་བཟང་འདིའི་རྣམ་འདྲེན་སྟོང་གིས་ཐོག་མར་སྐྱེ་བ་སྤྲུལ་པའི་སྐུའི་མཛད་པ་སྟོན་པའི་ཞིང་དགའ་ལྡན་ཡིད་དགའ་ཆོས་འཛིན་ཆོས་ཀྱིས་མཐོ་བའི་ཁང་བཟང་རྒྱལ་མཚན་མཐོན་པོར་སྐྱེ་བ་གཅིག་གིས་ཐོགས་པའི་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་བཞུགས་པ་ལས་ཡུལ་དགོན་གྱི་ཚུལ་དུ་ཡོད་པ་ཡིན་གྱི། འདོད་པའི་ལྷ་དེ་དག་ཡིད་དགའ་ཆོས་འཛིན་དུ་དམ་པའི་ཆོས་ཉན་པའི་སྐལ་བ་དང་ལྡན་པ་ནི་མ་ཡིན་ནོ། །དེའི་གོང་ན་རང་གིས་འཕྲུལ་ལ་བརྟེན་ནས་འདོད་པའི་ཡོན་ཏན་ཅི་དགར་སྤྱོད་པ་ལ་དབང་བྱེད་པའི་འཕྲུལ་དགའ། དེའི་གོང་ན་གཞན་གྱིས་འཕྲུལ་བའི་ལོངས་སྤྱོད་ལའང་ཅི་དགར་དབང་བྱེད་པའི་གཞན་འཕྲུལ་དབང་བྱེད་དེ་འདོད་ལྷ་རིགས་དྲུག འདི་མན་ཆད་ཀྱིས་རེག་བྱའི་འདོད་ཡོན་ལ་གཙོ་བོར་སྤྱོད་པའི་འདོད་ཁམས་སུ་འཇོག་གོ ། དེ་དག་གི་གོང་ན་ཚངས་རིས་ལ་སོགས་པའི་བསམ་གཏན་བཞིས་བསྡུས་པའི་གཟུགས་ཁམས་གནས་རིགས་བཅུ་བདུན་ཡོད་དེ། ཡས་རིམ་བཞིན་མི་ཚངས་པའི་ཆོས་སྤོང་བ་ཚངས་པའི་རིས་སུ་གཏོགས་པའི་ཚངས་རིས། ཚངས་པའི་མདུན་ན་འདུག་སྟེ་རིག་བྱེད་ཀྱི་ཚིག་འདོན་པར་དབང་བའི་ཚངས་པ་འདུན་ན་འདོན། གོང་གི་དེ་གཉིས་ལས་དགེ་རྩ་སྟོབས་ཆེ་བས་ལུས་དང་ཚེའི་ཚད་ཀྱང་ཆེ་ཞིང་རིང་བས་མི་མཇེད་ཀྱི་བདག་པོ་ཚངས་ཆེན་ཏེ། འདི་གསུམ་པོ་ནི་བསམ་གཏན་དང་པོའི་གནས་སོ། །དེའི་གོང་ན་རང་གི་གོང་ས་ལ་ལྟོས་ཏེ་འོད་ཀྱི་རྒྱ་ཁྱོན་དང་གསལ་ཆ་གཉིས་ཀ་ཆུང་བའི་འོད་ཆུང་དང་། དེའི་གོང་ན་རང་འོད་ཀྱི་ཁྱོན་དང་གསལ་ཆ་སོགས་ཚད་བཟུང་མི་ནུས་པའི་ཚད་མེད་འོད་དང་། དེའི་གོང་ན་རང་འོད་ཀྱི་ཁྱོན་དང་གསལ་ཆ་གཉིས་ཀ་ཆེ་ཞིང་གནས་གཞན་ཡང་གསལ་བར་ནུས་པའི་འོད་གསལ་ཏེ། འདི་དག་ནི་བསམ་གཏན་གཉིས་པའི་ལྷའི་གནས་སོ། །དེའི་གོང་ན་ཡིད་ཀྱི་ས་བོན་གྱི་བདེ་བ་རབ་ཏུ་ཞི་བའི་ཕྱིར་དགེ་བ་ཞེས་བཏགས་ཤིང་། དེ་ཉིད་རང་གི་གོང་ས་ལས་ཆུང་བའི་དགེ་ཆུང་དང་། བདེ་བ་དེ་ཉིད་འོག་སས་ཚོད་གཟུང་དུ་མེད་པའི་ཚད་མེད་དགེ འོག་སའི་ལྷ་དེ་དག་གི་དགེ་བ་ལས་རྒྱས་ཤིང་འཕེལ་བའི་དགེ་རྒྱས་ཏེ། འདི་དག་ནི་བསམ་གཏན་གསུམ་པའི་གནས་སོ། །དེའི་གོང་དུ་ས་གཞི་སྤྲིན་འཁྲིགས་པ་ལྟར་འདབ་མ་ཆགས་པ་མེད་པའི་སྤྲིན་མེད་དང་། དེའི་གོང་ན་མི་གཡོ་བའི་བསོད་ནམས་ཀྱི་མཐུ་ལས་སྐྱེས་པའི་བསོད་ནམས་སྐྱེས། གནས་གཞན་དང་འབྲེལ་བའི་སོ་སྐྱེ་ཐམས་ཅད་ལས་འབྲས་བུ་མཆོག་ཏུ་གྱུར་པའི་འབྲས་བུ་ཆེ་བ་སྟེ། འདིའི་མན་ཆད་ནི་སོ་སྐྱེས་གནས་སུ་བཤད། དེའི་གོང་ན་རང་གི་གོང་སའི་གནས་གཙང་གི་ལྷ་གཞན་ལ་ལྟོས་པའི་ཡོན་ཏན་གྱི་ཁྱད་པར་མི་ཆེ་བས་མི་ཆེ་བ་དང་། དེའི་གོང་ན་ཏིང་ངེ་འཛིན་ཁྱད་པར་བ་ཐོབ་པ་ལས་ཉོན་མོངས་པས་གདུང་བ་མེད་པས་མི་གདུང་བ། དེའི་གོང་ན་འོག་སའི་ཉོན་མོངས་རབ་ཏུ་ཞི་བའི་ཏིང་ངེ་འཛིན་གྱིས་མཆོག་ཏུ་མཛེས་པར་སྣང་བའི་གྱ་ནོམ་སྣང་བ། དེའི་གོང་ན་འཇིག་རྟེན་པའི་ལྟ་བ་རྣམ་པར་དག་ཅིང་བཟང་བའི་ཤིན་ཏུ་མཐོང་བ། དེའི་གོང་ན་རང་གི་འོག་སའི་གནས་རྣམས་ལས་ཡོན་ཏན་ལྷག་པ་གོང་ན་མེད་པའི་འོག་མིན་ཏེ། འདི་ལྔ་འཕགས་པ་ཁོ་ནའི་གནས་ཡིན་པས་གནས་གཙང་མ་ཞེས་བྱ། བརྒྱད་པོ་འདི་དག་ནི་བསམ་གཏན་བཞི་པའི་ལྷའི་གནས་ཡིན་ཞིང་འདི་དག་གིས་འདོད་ཡོན་ལྔ་ལས་གཙོ་བོར་གཟུགས་ཀྱི་ཡོན་ཏན་ཙམ་སྤྱོད་པས་གཟུགས་ཀྱི་ཁམས་ཞེས་བྱའོ། །ལོངས་སྐུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་མཆོག་འོག་མིན་སྟུག་པོ་བཀོད་པ་ནི་གཟུགས་ཁམས་གནས་རིགས་བཅུ་བདུན་ནང་གི་འོག་མིན་གྱི་ཞིང་ཁམས་དེ་མིན་པར་དེའི་གོང་དུ་ཡོད་པ་ས་སྡེ་སོགས་གཞུང་ཆེན་པོ་རྣམས་སུ་གསུངས་སོ། ། དེ་ནས་ཆོས་ཐམས་ཅད་ནམ་མཁའ་ལྟར་མཐའ་ཡས་པར་སྙོམས་པར་འཇོག་པའི་ནམ་མཁའ་མཐའ་ཡས་དང་། ཆོས་ཐམས་ཅད་རྣམ་ཤེས་ཀྱི་ངོ་བོ་ཙམ་དུ་མཐའ་ཡས་པར་སྙོམས་པར་འཇོག་པའི་རྣམ་ཤེས་མཐའ་ཡས། མིང་གཞིའི་ཕུང་པོ་ཙམ་ལས་ཅི་ཡང་ཡིད་ལ་མི་བྱེད་པའི་ཅི་ཡང་མེད། རང་གི་གོང་ན་འཇིག་རྟེན་པའི་ས་གཞན་མེད་པའི་རྩེ་མོ་ན་གནས་པའི་སྲིད་རྩེ་སྟེ། གཟུགས་མེད་སྐྱེ་མཆེད་བཞིའི་ལྷ་རྣམས་ཀྱི་གནས་ནི་རང་གི་སྐྱེ་བ་སྔོན་མ་གང་དུ་འཆི་འཕོས་པའི་གནས་དེ་ག་རང་དུ་སྐྱེ་སྲིད་གྲུབ་པས། འདི་ལ་ཏིང་ངེ་འཛིན་དང་སྙོམས་འཇུག་གི་མཐོ་དམན་ཙམ་ལས་གནས་ཀྱི་མཐོ་དམན་གང་ཡང་མེད་པར་བཤད་དོ། ། དེ་ལྟར་གླིང་བཞི་རི་རབ་ཉི་ཟླ་སོགས་ཕྱིའི་ལྕགས་རིའི་མུ་ཁྱུད་ཚུན་ཆད་ལ་འཇིག་རྟེན་གྱི་ཁམས་གཅིག་ཏུ་བྱས་ནས། དེ་འདྲ་བ་སྟོང་ལ་སྟོང་སྤྱི་ཕུད་དང་། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་ཁམས་སྟོང་གཉིས་ལ་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཁམས་དང། དེ་རེ་རེ་ལ་སྟོང་རེ་རྩིས་པའི་སྟོང་གསུམ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གཅིག་ཏུ་བགྲང་ཞིང་། དེ་འདྲའི་འཇིག་རྟེན་གྱི་ཁམས་གཅིག་ལ་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པ་བྱེ་བ་ཕྲག་བརྒྱ་ཡོད་པར་བཤད་དོ།། ཐུན་མོང་གདུལ་བྱའི་སྣང་ངོའང་འཇིག་རྟེན་འདིར།། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱ་ཡི།། མཆོག་གི་སྤྲུལ་པའི་གདུལ་བྱའི་འཇིག་རྟེན་ཁམས།། འཛད་དུ་མེད་པ་ནམ་མཁའི་མཐའ་དང་འགྲོགས།།ཞེས་ཀྱང་སྨོས་སོ།། (༣) བཅུད་ཀྱི་སེམས་ཅན་ཇི་ལྟར་བྱུང་ཚུལ། དེ་ལྟ་བུའི་མ་དག་པའི་སྣོད་ཀྱི་འཇིག་རྟེན་ཡངས་ཤིང་རྒྱ་ཆེ་བའི་ཞིང་ཁམས་འདི་ན་བཅུད་ཀྱི་སེམས་ཅན་བྱུང་ཚུལ་ཇི་ལྟར་ཡིན་ཞེ་ན། སྔ་མའི་བསྐལ་བ་འཇིག་པའི་སྐབས་སྲེད་པའི་མཐུ་ཤིན་ཏུ་བརྟས་པ་དང་། ལས་ཀྱི་རྣམ་སྨིན་ཤིན་ཏུ་བརྟས་པའི་རིགས་འགའ་ཞིག་འཇིག་རྟེན་གྱི་ཁམས་གཞན་དུ་སྐྱེ་བ་མ་གཏོགས། སྤྱི་བྱིངས་ཆོས་ཉིད་ཀྱི་མཐུ་ལས་བསམ་གཏན་གྱི་དངོས་གཞི་ལ་བརྟེན་ནས་གཟུགས་ཁམས་བསམ་གཏན་བཞི་པ་ཡན་ཆད་དུ་སྐྱེ་བ་ལེན་པ་རྣམས། རིམ་གྱིས་ལས་དང་ཉོན་མོངས་པའི་མཐུ་བརྟས་ཏེ། རང་སའི་དངོས་གཞི་ཉམས་ནས་འོག་སའི་འདོད་གཟུགས་རྣམས་སུ་སྐྱེ་བ་ཡིན་ལ། དེ་ཡང་སྡིག་པ་མི་དགེ་བའི་ལས་ཀྱི་ས་བོན་ལ་ཉོན་མོངས་པས་གསོས་འདེབས་པ་རྣམས་རིམ་པར་བཞིན་དུ་དམྱལ་ཁམས་བཅོ་བརྒྱད་དང་། ཡི་དྭགས། དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེ་གནས་རྣམ་པ་བཞི་ཅི་རིགས་པའི་སྒོ་ནས་སྐྱེ་བ་བླངས་པ་དང་། འདོད་པའི་སས་བསྡུས་ཀྱི་བསོད་ནམས་ཀྱི་ལས་ལ་ཉོན་མོངས་པས་རྐྱེན་བྱས་ཏེ་གླིང་བཞི་དང་གླིང་ཕྲན་བརྒྱད་སོགས་ཀྱི་མི་དང་། ལྷ་མ་ཡིན། འདོད་ལྷ་རིགས་དྲུག་སོགས་ཀྱི་སྐྱེ་གནས་སུ་སྐྱེ་བ་བླངས། མི་གཡོ་བའི་ལས་ལ་བརྟེན་ནས་གཟུགས་དང་གཟུགས་མེད་ཅི་རིགས་པའི་སྐྱེ་གནས་སུ་སྐྱེ་བ་ལེན་པར་བཤད་ཅིང་། དེ་དག་ལས་འཛམ་གླིང་གི་འགྲོ་བ་མིའི་ཆགས་ཚུལ་བྱེ་བྲག་ཏུ་ཕྱེས་ནས་ཅུང་ཟད་འཆད་པར་འདོད་དེ། མི་མཇེད་འཛམ་བུ་གླིང་གི་མིའི་འགྲོ་བ་ཐོག་མ་ནི་འོད་གསལ་ལྷ་ནས་འཕོས་ཏེ་གླིང་འདིར་རྫུས་ཏེ་སྐྱེས། དེ་ལས་རིམ་གྱིས་ཆད་དེ་གླིང་འདིའི་མིའི་འཕེལ་རིམ་མགོ་ཚུགས་ཤིང། དེའི་དུས་སུ་གླིང་འདིའི་མི་རྣམས་ཕ་དང་མ་ལ་¿ོeས་མི་དགོས་པར་རྫུས་ཏེ་སྐྱེ་བ་དང་། ཉི་མ་དང་ཟླ་བའི་འོད་ལ་མི་ལྟོས་པར་འོད་ཀྱིས་གསལ་བ། དུས་མིན་དུ་མི་འཆི་བར་ཚེ་ལོ་དཔག་མེད་དུ་སྡོད་པ། ཁམ་གྱི་ཟས་རགས་པ་ལ་མི་ལྟོས་པར་ཏིང་ངེ་འཛིན་གྱི་ཟས་ལ་སྤྱོད་པ་སྟེ། དུས་དེར་བསྐལ་བ་བཞི་དང་ལྡན་པའི་རྫོགས་ལྡན་གྱི་དུས་ཡིན་ཞིང། དེ་ནས་རིམ་གྱིས་ས་བཅུད་དཀར་པོ་སྦྲང་རྩི་ལྟ་བུའི་རོ་ཡོད་པ་བྱུང་བས་དེ་ཉིད་མང་དུ་སྤྱོད་ཅིང་ཟོས་པ་ལས་སྲེད་པ་འཕེལ་ཏེ། བསམ་གཏན་ཉམས་པས་ཏིང་ངེ་འཛིན་གྱི་ཟས་ཉམས་ནས་ཁམ་གྱི་ཟས་ལ་སྤྱོད། དེ་ཡང་རིམ་གྱིས་ཟད་དེ་ས་ཞག་ཁ་དོག་དམར་སེར་ཅན་བྱུང་བས་དེ་ལ་སྤྱོད་དེ་ལུས་ཀྱི་འོད་ཉམས། དེའི་ཚེ་འཇིག་རྟེན་སྤྱི་མཐུན་གྱི་ལས་དང་སྲིད་པའི་ཆོས་ཉིད་ཀྱིས་ཉི་མ་དང་ཟླ་བ་བྱུང་། དེ་ནས་ས་ཞག་ཀྱང་རིམ་བཞིན་ཟད་པ་ན། མ་རྨོས་པའི་འབྲས་སཱ་ལུའི་ཚལ་ཞོགས་པར་བརྔས་ན་ནུབ་ལ་སྐྱེ་བ་དག་ཟས་སུ་བྱས་པས་སྙིགས་མ་དང་བཤང་གཅིན་སོགས་ཀྱང་བྱུང་། དེ་ལྟར་ཁམ་གྱི་ཟས་རགས་པ་ལ་སྤྱོད་པས་ཕོ་མོའི་དབང་པོ་ཐ་དད་པར་གྱུར་ཅིང་ཕན་ཚུན་ཆགས་ཅིང་སྲེད་པ་ལས་འཁྲིག་སྦྱོར་བྱུང་། དེ་ཉིད་ངོ་ཚ་བར་རྩིས་ཏེ་གཞན་གྱིས་མཐོང་བ་ལས་བསྐལ་བའི་ཆེད་སྤྱིལ་བུ་བྱས་པས་ཁང་པ་བརྩིགས་པའི་སྲོལ་བྱུང་། རྫུས་ཏེ་སྐྱེ་བའང་ཉམས་ཏེ་རིམ་གྱིས་མངལ་ནས་སྐྱེ་བ་དང༌། དེ་ལྟeར་མངལ་ནས་སྐྱེས་པའི་བུ་ཚ་དང་ཕ་མ་ཚོམ་བུར་གྱིས་སྡེབ་ནས་མ་རྨོས་པའི་སཱ་ལུའི་འབྲས་སོགས་གསོག་འཇོག་བྱས་པ་ལས་དེ་ཡང་ཉམས་ཏེ་སྦུན་མ་དང་བཅས་པའི་འབྲས་བྱུང་བ་བརྔས་པས་མཐར་གཏུགས་ནས། ས་ཞིང་རྨོས་འདེབས་པའི་སྲོལ་བྱུང་པ་དང་། ས་ཁྱོན་ཕན་ཚུན་རྩོད་ཅིང་། ལོ་ཏོག་ཕན་ཚུན་རྐུ་བ་སོགས་བྱུང་བས་རྩོད་པར་གྱུར་ཏེ་མི་རྣམས་ཀྱི་ནང་ནས་གཟུགས་དང་སྤྱོད་པ་ཕུན་སུམ་ཚོགས་པ་ཞིག་དཔོན་དུ་བསྐོས་པ་དེར་རྒྱལ་པོ་མང་པོས་བཀུར་ཞེས་འདོགས་ཤིང་། འཛམ་བུའི་གླིང་གི་མིའི་རྒྱལ་པོ་ཐོག་མའང་འདི་ཉིད་ཡིན་ནོ། །དེ་ལ་རྒྱལ་པོ་ཞེས་པ་ནི་འབངས་མི་དཀྱུས་མ་ལས་ཞིང་དང་ལོ་ཏོག་ལྡབ་དྲུག་གིས་མང་བ་ལ་དབང་བས་རྒྱལ་བ་དང་། པོ་ཞེས་པ་བདག་པོའི་རྐྱེན་བྱིན་པས་མིང་འདི་བྱུང་བ་ཡིན་ནོ། །མི་རྣམས་སྡིག་པ་ཤས་ཆེར་འཕེལ་བ་ལས་རྒྱལ་པོའི་བཀའ་ཡིས་བསྒོ་བ་ལས་འགལ་ནས་མ་བྱིན་པ་ལེན་པ་ན་ཆད་པས་བཅད་དེ་སྲོག་གི་ཉེས་པ་བཏང་བ་ལ་ཞེད་ནས་རྫུན་སྨྲ་བ་ཡང་བྱུང་ཞིང་། དེ་ལྟར་མི་ཚངས་པར་སྤྱོད་པ་དང་། མ་བྱིན་པར་བླངས་པ་ལས་སྔོན་གྱི་བསྐལ་བའི་ཕུན་ཚོགས་བཞི་ཆ་གཅིག་འགྲིབ་པས་སྐལ་བ་གསུམ་ལྡན་དུ་གྱུར། སླར་ཡང་རྫུན་བཤད་པའི་སྲོལ་བྱུང་བ་ནས་བཞི་ཆ་གཅིག་འགྲིབ་སྟེ་བསྐལ་བ་གཉིས་ལྡན་དུ་གྱུར། དེ་ནས་སྲོག་གཅོད་སོགས་ཀྱིས་རྐྱེན་བྱས་ཏེ་རྫོགས་ལྡན་གྱི་བསྐལ་བ་ཉམས་ནས་ནད་མཚོན་མུ་གེ་དམག་འཁྲུག་སོགས་ཀྱིས་གཙེས་པའི་རྩོད་དུས་ཀྱི་བསྐལ་བའི་འཕེལ་རིམ་འགོ་འཛུགས་བྱས། དེ་ལ་བརྟེན་ནས་མི་ཡི་འཇིག་རྟེན་ལ་སུན་སྣང་གི་ངེས་འབྱུང་སྐྱེས་ཏེ་རི་བྲག་སོགས་དབེན་པར་བསྟེན་ནས་བསྡད་པ་རྣམས་ལས་བྲམ་ཟེའི་རིགས་དང་། རྒྱལ་པོའི་རིགས་རྒྱུད་འཛིན་པའི་རྒྱལ་རིགས། རྫུན་དང་མ་བྱིན་པ་སོགས་མི་བྱེད་པའི་རྗེའུ་རིགས། དེ་དག་ལས་ཧ་ཅང་མང་བའི་དམངས་རིགས་ཏེ་རིགས་མི་འདྲ་བ་བཞིའི་དབྱེ་བ་བྱུང༌བར་བཤད། མང་བཀུར་གྱི་བུ་འོད་མཛེས། དེའི་བུ་དགེ་བ་དང་། དེའི་བུ་དགེ་མཆོག དེའི་བུ་གསོ་སྦྱོང་འཕགས་ཏེ་ལྔ་པོ་ལ་སྔོན་གྱི་རྒྱལ་པོ་ལྔ་ཞེས་གྲགས། གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ནས་ང་ལས་ནུ་དང་། དེ་ནས་རིམ་པར་བཞིན་མཛེས་པ། ཉེར་མཛེས། མཛེས་ཅན། མཛེས་ལྡན་ཏེ་ལྔS་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལྔར་གྲགས་ཤིང་། དང་པོས་གསེར་གྱི་འཁོར་ལོས་གླིང་བཞི་དང་། སུམ་ཅུ་རྩ་གསུམ་མན་ཆད་དབང་བསྒྱུར་ཏེ། བརྒྱ་བྱིན་དང་སྐལ་བ་མཉམ་པར་བྱས་སོ། །གཞན་རྣམས་རིམ་པ་བཞིན་གསེར་དངུལ་ཟངས་ལྕགས་ཀྱི་འཁོར་ལོས་གླིང་བཞི་དང་། གསུམ། གཉིས། གཅིག་བཅས་དབང་བསྒྱུར་བར་བྱས་སོ། །མཛེས་ལྡན་ཀྱི་བུ་བཟང་པོ་ནས་འོད་ཟེར་བར་རྒྱལ་རབས་སུམ་ཅུ་བྱུང་རྗེས་རྒྱལ་པོའི་ཁབ་ནས་ཡུལ་གྲུ་འཛིན་དུ་སྤོས་པ་ལས། རྒྱལ་པོ་བརྒྱ་ཐམ་པ་བྱུང་། དེ་ནས་རིམ་པར་བརྒྱུད་ཡུལ་དམག་གིས་མི་ཚུགས་པར་རྒྱལ་རབས་ལྔ་ཁྲི་བཞི་སྟོང་། ཝ་ར་ཎ་སིར་དྲུག་ཁྲི་སུམ་སྟོང་། ཀམ་པ་ལར་བརྒྱད་ཁྲི་བཞི་སྟོང༌། གླང་པོའི་གྲོང་དུ་སུམ་ཁྲི་བཞི་སྟོང་། རྡོ་འཇོག་ཏུ་ལྔ་སྟོང་། གྲོང་གི་བདག་དུ་སུམ་ཁྲི་ཉིས་སྟོང་། རྒྱས་བ་ལས་རྒྱང་བར་སུམ་ཁྲི་ཉིས་སྟོང་། ཀ་ཎི་ཀར་ཁྲི་ཉིས་སྟོང་། ཙམ་པ་ཀར་ཁྲི་བརྒྱད་སྟོང་། སླར་ཡང་རྒྱལ་པོའི་ཁབ་ཏུ་ཉིས་ཁྲི་ལྔ་སྟོང་། ཝ་ར་ཎ་སིར་བརྒྱ་ཐམ་པ། རྩྭ་ཅན་དུ་བརྒྱད་ཁྲི་བཞི་སྟོང་། ཝ་ར་ཎ་སིར་འབུམ་ཕྲག་གཅིག་བྱུང་ངོ་། །དེའི་ཚེ་བསྐལ་བ་གསུམ་ལྡན་ཏེ་མི་རྣམས་ཚེ་ལོ་སུམ་ཁྲི་འཚོ་ཞིང་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན། དེ་ནས་ཡང་དམག་གིས་མི་ཚུགས་པར་འབུམ་ཕྲག་གཅིག མི་ཐི་ལར་བརྒྱད་ཁྲི་བཞི་སྟོང་ལྔS་བཅུ། ཀུན་ཏུ་སྣང་བར་བདུན་ཁྲི་བདུན་སྟོང་། ཝ་ར་ཎ་སིར་བརྒྱ་ཐམ་པའི་ཐ་མར་རྒྱལ་པོ་ཀྲི་ཀྲི། དེའི་ཚེ་བསྐལ་བ་གཉིས་ལྡན་ཏེ། མི་རྣམས་ཚེ་ལོ་ཉིས་ཁྲི་འཚོ་ཞིང་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན། དེ་ནས་ཡུལ་གྲུ་འཛིན་དུ་རྒྱལ་པོ་ཉིས་བརྒྱ་ཐམ་པའི་ཐ་མ་འཕགས་སྐྱེས་པོ། དེ་ནས་རིམ་པར་བཞིན་སེར་སྐྱར་རྒྱལ་རྒྱུད་ལྔ་ཁྲི་ལྔ་སྟོང་རྒྱུད་བའི་ཐ་མར་གཞུ་བརྟན་ལ་སེང་གེ་འགྲམ་དང་། སེང་གེའི་སྒྲ་ཞེས་པའི་བུ་གཉིས་བྱུང་། སྔ་མ་ལ་རྒྱལ་པོ་ཟས་གཙང་དང་། ཟས་དཀར་བྲེ་འོ་ཟས། བདུད་རྩི་ཟས། ཚད་མེད་ཟས་ཏེ་བཞི་བྱུང་བ་ལས། སྔ་མ་ཟས་གཙང་ལ་གཞོན་ནུ་དོན་འགྲུབ་དང་། གཅུང་དགའ་བོ་གཉིས་བྱུང་ཞིང་། མང་པོས་བཀུར་ནས་རྒྱལ་པོ་ཟས་གཙང་ཡན་ཆད་རྒྱལ་པོ་དགུ་འབུམ་ཉི་ཁྲི་གཉིས་སྟོང་ལྔ་བརྒྱ་དང་གཅིག་བྱུང་ཞིང་། བཅོམ་ལྡན་འདས་དང་སྲས་སྒྲ་གཅན་གཉིས་སྣོན་པས་གསུམ་མོ། །དེ་ནས་ཤུཀྱའི་རྒྱལ་རྒྱུད་ཆད་པར་གྲགས་སོ། །དེའི་ཚེ་རྩོད་དུས་ཀྱི་བསྐལ་བ་སྟེ་མི་རྣམས་ཚེ་ལོ་བརྒྱར་ཐུབ་པར་བཤད་དོ།། དུག་གསུྃམ་བ་ཚྭའི་སྙོག་མ་དང་འགྲོགས་པའི།། ལས་གསུྃམ་བསྣོལ་མ་འཐབ་པའི་མཚོ་ཀློང་ན།། སྲིད་གསུྃམ་རླབས་ཀྱི་གཉེར་མ་འཁྲུག་པ་ཡི།། ཁམས་གསུྃམ་འཁོར་བའི་སྐྱེ་འགྲོ་མཐའ་ལས་འགོངས།། མི་མཇེད་ཛམ་བུ་ན་དུའི་ལྷོ་གླིང་འདིར།། མང་པོས་བཀུར་ནས་སྒྲ་གཅན་འཛིན་གྱི་བར།། རྒྱལ་དང་རྒྱལ་ཕྲན་དུ་མ་ལས་ཆད་པའི།། མི་ཡི་འཕེལ་རིམ་བརྗོད་པའི་གཏམ་རྒྱུད་རིང་།།ཞེས་ཀྱང་སྨྲས་སོ།།

(༤) སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་ཇི་ལྟར་བྱོན་པའི་ཚུལ། དེ་ནས་སྟོན་པ་ཐུགས་རྗེ་ཅན་འཇིག་རྟེན་དུ་ཇི་ལྟར་བྱོན་པའི་ཚུལ་མདོ་ཙམ་འཆད་པར་འདོད་དེ། དེ་ཡང་ཇི་སྐད་དུ་དཔལ་མགོན་ཀླུས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ། །བསྐལ་བ་གྲངས་མེད་གསུམ་དུ་ཚོགས་རྫོགས་ཤིང༌། །བར་དུ་གཅོད་པའི་བདུད་བཞི་འཇོམས་མཛད་པ། །བཅོམ་ལྡན་སེངྒེ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་འདིར་ཡང་སྟོན་པ་ཐུགས་རྗེ་ཅན་གང་གིས་དང་པོ་ཐུགས་ཇི་ལྟར་བསྐྱེད་པ་དང་། བར་དུ་ཚོགས་གཉིས་ཇི་ལྟར་རྫོགས་པ། མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་མཛད་པ་བཅུ་གཉིས་ཇི་ལྟར་བསྟན་པའི་ཚུལ་གསུམ་དུ་བསྡུས་ནས་འཆད་ན། དེ་ཡང་དང་པོ་ཇི་ལྟར་ཐུགས་བསྐྱེད་པའི་ཚུལ་ནི། ཉན་ཐོས་སྡེ་བ་ཁ་ཅིག སྔོན་བྱུང་འདས་པའི་དུས་སུ་འཕགས་ཡུལ་དུ་རྒྱལ་པོ་གསལ་གྲགས་ཞེས་པ་བྱུང་ཞིང་། དེའི་འཁོར་གྱིས་གླང་པོ་བཏུལ་ཡང་དེའི་སེམས་མ་འདུལ་བར་ཡིད་འབྱུང་ནས། སྦྱིན་པ་འདིས་ཤུཀྱའི་རིགས་སུ་སྐྱེས་ཏེ། །ཡོན་ཏན་རིགས་རུས་མཉམ་པའི་སངས་རྒྱས་ཉིད་གྱུར་ཏེ། །ཚངས་པའི་བར་གྱི་ཉམ་ཐག་འཆིང་པ་རྣམས། །ཞི་བ་རྒྱས་ཆེན་འཇིགས་མེད་སྒྲོགས་པར་ཤོག །ཅེས་སྨོན་ལམ་བཏབ་སྟེ་ཐོག་མར་སེམས་བསྐྱེད་པར་བཤད་ཅིང་། མདོ་སྡེ་བསྐལ་བཟང་ལས་ནི། དེ་བཞིན་གཤེགས་པ་ཤུཀྱ་ཐུབ་ཆེན་འཇིག་རྟེན་དུ་བྱོན་པའི་སྐབས་སྟོན་པ་ཐུགས་རྗེ་ཅན་ཉིད་རྫ་མཁན་གྱི་བུའི་སྐྱེ་བ་བཞེས་ཏེ། རྫའི་བུམ་པ་ལེགས་པ་ཞིག་ཕུལ་ནས། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཅེས་སྨོན་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བཤད། སྙིང་རྗེ་པད་དཀར་ལས་ནི། སྟོན་པ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྐྱེ་བ་བཞེས་པའི་སྐབས། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གསུངས། ཕུང་པོ་གསུམ་པའི་མདོ་ལྟར་ན། སྔོན་སྟོན་པ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་འཁྲུངས་པའི་ཚེ་གྲོགས་སྡུག་བསྔལ་བ་ལ་དམིགས་པའི་སྙིང་རྗེ་སྐྱེས་ཏེ། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གསུངས། འཕགས་པ་ཕུང་པོ་གསུམ་པའི་མདོ་ལྟར་ན། སྟོན་པ་ཚོང་དཔོན་གྱི་བུ་མངོན་དགའ་ཞེས་བྱ་བའི་སྐྱེ་བ་བཞེས་པའི་སྐབས། དེ་བཞིན་གཤེགས་པ་མཛེས་ལྡན་གྱི་དྲུང་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གསུངས་ཤིང༌། ཡང་དེ་ཉིད་ལས། ཚེ་སྔོན་སྟོན་པ་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་སྐྱེས་པའི་སྐབས་དེ་བཞིན་གཤེགས་པ་ཤུཀྱ་ཐུབ་ཆེན་ལ་རྫའི་བུམ་པ་ཞིག་དང་། མགྲོན་བུ་ལྔ་མཆིལ་ལྷམ་བཅས་ཕུལ་ནས། དེ་བཞིན་གཤེགས་པ་ཁྱོད་སྐུ་ཅི་འདྲ་དང༌། །ཞེས་སོགས་ཀྱི་སྨོན་ལམ་བཏབ་ནས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པར་བཤད་དོ། ། གཉིས་པ་ཚོགས་གཉིས་ཇི་ལྟར་བསགས་པའི་ཚུལ་ནི་གནས་བརྟན་སྡེ་བ་ཁ་ཅིག །ཚེ་སྔོན་རྒྱལ་པོ་གསལ་གྲགས་ནས་(འགྱུར་འགའ་ཞིག་ཏུ་འདིར་འོད་ལྡན་ཞེས་གསུངས་པ་གཉིས་དོན་གཅིག)བཟུང་སངས་རྒྱས་ཡུལ་འཁོར་སྐྱོང་འཇིག་རྟེན་དུ་བྱོན་པའི་བར་སངས་རྒྱས་བདུན་ཁྲི་ལྔ་སྟོང་ལ་བསྙེན་བཀུར་སོགས་བྱས་ཏེ་བསྐལ་ཆེན་གྲངས་མེད་དང་པོའི་ཚོགས་རྫོགས། དེ་ནས་སངས་རྒྱས་ལེགས་མཛད་ནས་དབང་པོའི་རྒྱལ་མཚན་གྱི་བར་སངས་རྒྱས་བདུན་ཁྲི་དྲུག་སྟོང་ལ་བསྙེན་བཀུར་སོགས་བྱས་ནས་བསྐལ་ཆེན་གྲངས་མེད་གཉིས་པའི་ཚོགས་རྫོགས། དེ་ནས་སངས་རྒྱས་མར་མེ་མཛད་ནས་འོད་སྲུང་བར་སངས་རྒྱས་བདུན་ཁྲི་བདུན་སྟོང་ལ་བསྙེན་བཀུར་སོགས་བྱས་ནས་བསྐལ་ཆེན་གྲངས་མེད་གསུམ་པའི་ཚོགས་རྫོགས་བར་བཤད་དེ། ལུང་ལས། སངས་རྒྱས་ཤུཀྱ་ཐུབ་ཆེན་ནས། །འདྲེན་པ་ཡུལ་འཁོར་སྐྱོང་གི་བར།། བདུན་ཁྲི་ལྔ་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་ལེགས་མཛད་ནས་བཟུང་སྟེ། །དབང་པོའི་རྒྱལ་མཚན་ཐུབ་པའི་བར། །བདུན་ཁྲི་དྲུག་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །སངས་རྒྱས་མར་མེ་མཛད་ནས་ནི། །སངས་རྒྱས་འོད་སྲུང་བར་དག་ཏུ། །བདུན་ཁྲི་བདུན་སྟོང་ཚང་བ་ཡི། །སངས་རྒྱས་རྣམས་ནི་ངས་མཆོད་དོ། །ཞེས་གསུངས་སོ། །ཆོས་མངོན་པ་མཛོད་ལྟར་ན། སངས་རྒྱས་ཤུཀྱ་ཐུབ་ཆེན་ནས་རིན་ཆེན་གཙུག་ཏོར་ཅན་བར་གྲངས་མེད་དང་པོའི་ཚོགས་རྫོགས་ཤིང་། དེ་ནས་མར་མེ་མཛད་ཡན་ཆད་གྲངས་མེད་གཉིས་པ་དང་། དེ་ནས་འོད་སྲུང་ཡན་ཆད་གྲངས་མེད་གསུམ་པའི་ཚོགས་རྫོགས་པར་བཤད་དེ། རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་མཐའ་མར་བྱུང༌། །དང་པོ་ཤུཀྱ་ཐུབ་ཆེན་ཡིན། །ཞེས་འབྱུང་ངོ༌། ། གསུམ་པ་སྟོན་པ་ཇི་ལྟར་མངོན་པར་རྫོགས་པ་སངས་རྒྱས་པ་སོགས་ལས་རྩོམ་པ་མཛད་པ་བཅུ་གཉིས་ཀྱི་ཚུལ་ནི། ཇི་སྐད་དུ། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང༌། ། དགའ་ལྡན་གནས་ནས་འཕོ་བ་དང༌། ། ལྷུམས་སུ་ཞུགས་དང་བལྟམས་པ་དང༌། ། བཟོ་ཡི་གནས་ལ་མཁས་པ་དང༌། ། བཙུན་མོ་འཁོར་གྱིས་རོལ་བ་དང༌། ། ངེས་འབྱུང་དཀའ་བ་སྤྱོད་པ་དང༌། ། བྱང་ཆུབ་སྙིང་པོར་གཤེགས་པ་དང༌། ། བདུད་སྡེ་འཇོམས་དང་རྫོགས་པ་ནི། ། བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། ། མྱ་ངན་འདས་དང་གཤེགས་མཛད་རྣམས། ། ཡོངས་སུ་མ་དག་ཞིང་རྣམས་སུ། ། སྲིད་པ་ཇི་སྲིད་གནས་པར་སྟོན། ། ཞེས་འབྱུང་བ་ལྟར་མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ལས། དང་པོ་སྐྱེ་བ་མངོན་པར་སྐྱེ་བའི་མཛད་པ་ནི་རྣམ་འདྲེན་འོད་སྲུང་འཁོར་གྱི་བྲམ་ཟེ་ཁྱེའུ་བླ་མ་དེ་ཉིད་ཚེ་འཕོས་ཏེ་དགའ་ལྡན་ལྷའི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་གྱི་སྐྱེ་བ་བཞེས་ནས་འཁོར་གྱི་ལྷ་རྣམས་ལ་དམ་པའི་ཆོས་ཚུལ་རྒྱ་ཆེར་བསྟན། གཉིས་པ་དགའ་ལྡན་ནས་འཆི་འཕོ་བའི་མཛད་པ་ནི། དེའི་ཚེ་ཉིད་ཀྱི་བསོད་ནམས་དང་སངས་རྒྱས་རྣམས་ཀྱི་བྱིན་རླབས་ཀྱིས་ལྷའི་རོལ་མོའི་སྒྲ་ལས། སྐྱེས་མཆོག་ཁྱོད་ཀྱི་བསོད་ནམས་དཔལ་གྱི་རིར། ། དགའ་ལྡན་ཕོ་བྲང་ཤིན་ཏུ་མཛེས་མོད་ཀྱི། ། འོན་ཀྱང་ཐུགས་རྗེའི་ཐུགས་དང་ལྡན་པ་ན། ། ཐུགས་རྗེའི་རྒྱལ་མཚན་དག་ཏུ་ཆར་པ་ཕོབ། ། ཅེས་སོགས་ཀྱི་སྒྲས་བསྐུལ་བ་དང་གནས་གཙང་མའི་རིགས་ཀྱི་ལྷ་དག་གིས་བྲམ་ཟེར་སྤྲུལ་ཏེ་འཛམ་བུ་གླིང་དུ་ད་ནས་མི་ལོ་བཅུ་གཉིས་ན་འཁོར་ལོའི་བསྒྱུར་རྒྱལ་ལམ་སངས་རྒྱས་འཇིག་རྟེན་དུ་འབྱོན་པར་འགྱུར་བའི་གཏམ་བསྒྲགས་པས། ཝཱ་ར་ཎཱ་སིར་རང་རྒྱལ་དགྲ་བཅོམ་པ་ལྔ་བརྒྱ་ཡོད་པ་རྣམས་ཀྱིས་ཐོས་ཏེ་བར་སྣང་དུ་རྫུ་འཕྲུལ་གྱིས་འཕུར། མེའི་ཁམས་ཀྱི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ལུས་བསྲེགས་ཏེ་མྱ་ངན་ལས་འདས་པའི་རིང་བསྲེལ་རྣམས་སར་ལྷུང་བས་གནས་དེར་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་གྲགས། ལྷའི་རོལ་མོའི་སྒྲས་ཇི་ལྟར་བསྐུལ་བའི་དོན་རྗེས་སུ་དགོངས་ཏེ། ཡུལ་དང་། དུས། རིགས། རུས། ཆོ་འབྲང་ཏེ། གཟིགས་པ་ལྔ་ལ་གཟིགས་ནས་མི་མཇེད་འཛམ་བུ་གླིང་གི་མིའི་འཇིག་རྟེན་དུ་སྐྱེ་བ་བཞེས་པའི་སླད། དགའ་ལྡན་ལྷའི་གནས་ནས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། ། འདྲེན་པ་སྐྱེས་བུ་སེང་གེ་འཆི་འཕོ་ཚེ། ། ལྷ་རྣམས་དག་ལ་ཚིག་ཏུ་སྨྲས་པ་ནི། ། གྲོགས་དག་བག་མེད་སྤྱོད་པ་སྤང་པར་གྱིས། ། ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རིན་པོ་ཆེ་ཅོད་པན་བྱམས་མགོན་གྱི་དབུ་ལ་བཅིངས་ཏེ་དགའ་ལྡན་ལྷའི་རྒྱལ་ཚབ་ཏུ་མངའ་གསོལ་བས། ལྷ་རྣམས་དམ་པ་ཏོག་དཀར་པོ་འཆི་འཕོ་བར་ཡིད་མི་དགའ་བས་བློ་ཕམ་སྟེ། སྐྱེ་བུ་དམ་པ་ཁྱེད་ནི་མི་བཞུགས་ན། །དགའ་ལྡན་གནས་འདི་མཛེས་པར་མི་འགྱུར་རོ། །ཞེས་སོགས་དང་། གཞན་ཡང་། ད་ལྟར་མི་མཇེད་འཛམ་བུ་གླིང་ན་མུ་སྟེགས་སྟོན་པ་བཅོ་བརྒྱད་ཀྱིས་མ་རང་པ་བགྱིས་པའི་སྐབས་ཡིན་པས་གཤེགས་པའི་སྐབས་མ་ལགས་སོ། །ཞེས་བཤོལ་བཏབ་ཀྱང་བདག་ཉིད་ཆེན་པོས་སེངྒེའི་སྒྲ་གཅིག་གིས་ནགས་ཀྱི་རི་དྭགས་ཀུན་སྐྲག་པ་དང༌། རྡོ་རྗེ་གཅིག་གིས་བྲག་རིའི་རྩེ་མོ་ཀུན་གཞོམས་པ་དང་། ཉི་མ་གཅིག་གིས་མུན་པ་ཀུན་དྲུངས་ནས་འབྱིན་པ་དང་། བརྒྱ་བྱིན་གཅིག་གིས་ལྷ་མིན་ཀུན་འཇོམས་པའི་དཔེར་གསུངས་ནས་བྱམས་མགོན་ཉིད་དགའ་ལྡན་དུ་ཆོས་ཀྱིས་མཐོ་བའི་ཁང་བཟང་གི་མི་འཇིགས་སེང་གེའི་ཁྲི་ལ་དབང་བསྐུར་ཏེ། ལྷ་རྣམས་ལ་ཆོས་སྟོན་པས་ལྷ་རྣམས་ཡིད་ཕམ་པ་ལས་སངས་པས་མ་ཕམ་པ་ཞེས་བླ་དྭགས་སུ་འདོགས་ཏེ་བདག་ཉིད་ཆེན་པོ་དགའ་ལྡན་ལྷའི་གནས་ནས་འཆི་འཕོ་བར་མཛད་དོ། ། གསུམ་པ་ལྷུམས་སུ་ཞུགས་པའི་མཛད་པ་ནི། དེའི་ཚེ་ལྷ་རྣམས་ཀྱིས་ལ་ལས་བརྒྱ་བྱིན་དང༌། ལ་ལས་ཚངས་པའི་གཟུགས་ཀྱིས་སྐྱེ་བར་བཞེས་པར་བསྐུལ་ཞིང་། ལྷའི་བུ་གཟི་བརྗིད་དམ་པས། རིག་བྱེད་ལས་འབྱུང་བ་བཞིན་གླང་པོ་ཆེའི་གཟུགས་ཀྱིས་ལྷུམས་སུ་ཞུགས་པར་རིགས་སོ་ཟེར། དེ་ནས་བྱང་ཆུབ་སེམས་དཔའ་ཆས་པ་དང་ཤུཀྱའི་གྲོང་ཁྱེར་གྱི་རྒྱལ་པོ་ཟས་གཙང་གི་ཁྱིམ་དུ་ལྟས་མི་འདྲ་བ་བཅོ་བརྒྱད་བྱུང༌། དེ་ནས་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན་མོར་སྒྱུ་འཕྲུལ་ལྷ་མོ་གསོ་སྦྱོང་ལ་གནས་པའི་གློ་གཡས་པར་གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པས་ལྷུམས་སུ་ཞུགས་པའི་མཛད་པ་སྟོན་ཏེ། ལུང་ལས། གསེར་གྱི་དྲ་བས་ལེགས་གཡོག་སྤྱི་གཙུག་དམར། ། ཐལ་ཀར་མཆེ་བ་དྲུག་དང་རབ་ལྡན་ཞིང༌། ། དུང་དང་ཁ་བ་དངུལ་མདོག་ལྟ་བུ་ཡི། ། གླང་པོ་མཆོག་ཅིག་ཁོག་ཏུ་སོང་སྙམ་བྱེད། ། དེ་ཞུགས་ནས་ནི་བདག་གི་ལུས་དང་སེམས། ། སྔོན་ཆད་མཐོང་ཐོས་མྱོང་བ་མ་གྱུར་པའི། ། གྱ་ནོམ་བདེ་བས་ཤིན་ཏུ་བདེར་གྱུར་ཏེ། ། བསམ་གཏན་མཉམ་པར་བཞག་པ་བཞིན་དུ་གྱུར། །ཅེས་སོ། རྨི་ལྟས་དེ་རྣམས་ཡུལ་གྱི་བྲམ་ཟེ་རྣམས་ལ་དྲིས་པས་སྲས་ཁྱད་པར་ཅན་ཞིག་འབྱུང་སྟེ། ཁབ་ཏུ་བཞུགས་ན་འཁོར་བསྒྱུར་དང༌། རབ་ཏུ་བྱུང་ན་སངས་རྒྱས་སུ་འགྱུར་བའི་ལུང་བསྟན་ཏོ། ། བཞི་པ་སྐུ་བལྟམས་པའི་མཛད་པ་ནི། དེ་ནས་གནས་བརྟན་སྡེ་བའི་ལུགས་གཞིར་བྱས་ན་མེ་སྤྲེལ་(སྤྱི་ལོ་སྔོན་༦༢༥)ཟླ་བ་དགུ་དང་ངོ་བཅུ་ལོན་པ་དབོ་ཟླའི་ཚེས་བཅུའི་ཉིན་ལུཁྲརྟ༣་ནིའི་ཚལ་དུ་ཡུམ་སྒྱུ་མ་ལྷ་མཛེས་ཀྱི་གློ་གཡས་པ་ནས་གནོད་པ་མེད་པར་བལྟམས་པ་དང་ལྷས་མེ་ཏོག་གི་ཆར་ཕབ། ཚངས་པ་དང་བརྒྱ་བྱིན་གྱིས་ཀ་ཤིི་ཀའི་རས་ཀྱིས་བླངས། ཀླུའི་རྒྱལ་པོ་དགའ་བོ་དང་ཉེ་དགའ་བོས་ཁྲུས་གསོལ། དེའི་ཚེ་བྱང་ཆུབ་སེམས་དཔའི་ཞལ་ནས། ཀཽ་ཤི་ཀ། ང་ཐོངས་ཤིག་གསུངས་ཏེ། ས་ཆེན་འདིའི་ཕྱོགས་རྣམས་སུ་གོམ་པ་བདུན་བདུན་བོར་ནས་ཤར་དུ་དགེ་བའི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོའོ། །ཞེས་པ་ནས། སྟེང་དུ་སེམས་ཅན་ཐམས་ཅད་ཀྱིས་གྱེན་དུ་བལྟ་བར་འགྱུར་བར་བྱའོ། །ཞེས་པའི་བར་གསུངས་པས་བྱང་ཆུབ་སེམས་དཔས་གོམ་པ་བོར་བའི་རྗེས་རྣམས་སུ་པདྨརེ་བྱུང་སྟེ། ལུང་ལས། གང་ཚེ་རྐང་གཉིས་གཙོོ་བོ་ཁྱོད་བལྟམས་ཚེ། ། ས་ཆེན་འདི་ལ་གོམ་པ་བདུན་སྤོས་ཏེ། ། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུང༌། ། དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་སོ། ། དེའི་ཚེ་བཀྲིས་པའི་ལྟས་སུ་ཕྱོགས་ཐམས་ཅད་སྣང་བས་གང་བ་དང་། བདག་ཉིད་ཆེན་པོ་འདི་ཉིད་འཇིག་རྟེན་དུ་འཁྲུངས་པའི་ཉིན་དེ་རང་དུ། རྒྱལ་པོའི་ཁབ་ཏུ་པདྨཆེན་པོའི་བུ་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་། གཉན་ཡོད་དུ་རྒྱལ་པོ་གསལ་རྒྱལ། ཤ་པའི་བུ་དམག་བརྒྱ་པ། གཏུམ་པོ་རབ་སྣང་སྟེ་རྒྱལ་སྲས་བཞི་ན་མཉམ་དུ་འཁྲུངས། དེ་བཞིན་དུ་ཡ་རབས་ཀྱི་རིགས་ལྔ་བརྒྱ། གྲགས་ལྡན་མ་ལ་སོགས་པ་བརྒྱད་བརྒྱ། འདུན་པ་ལ་སོགས་པ་བྲན་ལྔ་བརྒྱ། བསྔགས་ལྡན་ལ་སོགས་པ་རྟེའུ་ཁྲི་དང་། བ་ལང་ཁྲི་ཡང་བཙས། གླིང་གི་དབུས་སུ་བྱང་ཆུབ་ཤིང་དང་། སྐྱེད་ཚལ་ལྔ་བརྒྱ། གཏེར་ཁ་ལྔ་བརྒྱ་སོགས་ཀྱང་འབད་མེད་དུ་བྱུང་བས་གཞོན་ནུ་དོན་ཐམས་ཅད་འགྲུབ་པ་ཞེས་པའི་མཚན་གསོལ། ཤུཀྱའི་གྲོང་ཁྱེར་དུ་སུར་ཁྱེའུ་བཙས་ན་ཡང་གྲོང་གི་ལྷ་ཤུཀྱ་འཕེལ་གྱི་མདུན་དུ་ཕྱག་མཆོད་བྱེད་པར་འགྲོ་དགོས་པ་ལྟར། བྱང་ཆུབ་སེམས་དཔའ་ཡང་རིགས་ཀྱི་ལྷ་མཆོད་པའི་ཕྱིར་ཕེབས་པར་ལྷས་ཚུར་ཕྱག་བྱས་པས་ལྷ་ཡི་ལྷ་ཞེས་འདོགས། དེའི་ཚེ་ཤུཀྱ་མུ་ཅོར་སྨྲ་བ་རྣམས་ཐུབ་པ་ལྟར་འདུག་པས་ཤུཀྱ་ཐུབ་པ་ཞེས་གསོལ། ལྔ་པ་བཟོ་ཡི་གནས་ལ་མཁས་པའི་མཛད་པ་ནི། དེ་ནས་སྐྱེད་བསྲིངས་ཏེ་ཤུཀྱའི་ཡིག་མཁན་ཀུན་གྱི་བཤེས་གཉེན་གྱི་དྲུང་དུ། ཤུཀྱའི་ཁྱེའུ་སྟོང་ཕྲག་བཅུ་དང་ལྷན་ཅིག་ཏུ་ཡི་གེ་སློབ་པའི་གྲྭར་བྱོན། གང་གི་ཚེ་སློབ་དཔོན་ལ་ཚངས་པའི་ཡི་གེ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་ལས་བདག་གང་ལ་བསླབ་དྲིས་པས། སློབ་དཔོན་གྱིས། ཡི་གེ་གང་གི་མིང་དག་ཀྱང༌། ། བདག་གིས་ཤེས་པར་མ་གྱུར་པ། ། དེ་ལ་འདི་ནི་བྱང་གྱུར་ཀྱང༌། ། ཡི་གེ་བསླབ་པའི་གྲྭར་བྱོན་ཏོ། །ཞེས་སྨྲས་སོོ། ། དེ་ལྟར་ཡིག་རིགས་དྲུག་ཅུ་རྩ་བཞི་དང་། རྩིས་ཀྱི་གྲངས་གནས། བཟོ་ཡི་འདུ་བྱེད་ལ་སོགས་པ་རྣམས་གཞོན་ནུ་ཉིད་ནས་དཀའ་ཚེགས་མེད་པར་མཁྱེན་པའི་ཚུལ་མཛད། དེ་ནས་ཤུཀྱའི་རྒན་རབས་པ་དག་གིས་རྒྱལ་པོ་ལ་མཚན་མཁན་གྱི་ལུང་བསྟན་པ་དང་ལྷའི་ལྟས་དག་ལས་གཞོན་ནུ་འདི་ཁབ་ཏུ་བཞུགས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ།། ཞེས་ལུང་སྟོན་ན་བཙུན་མོ་བླངས་བར་རིགས་སོ། །གཞོན་ནུའི་ཚུལ་དང་མཐུན་པའི་བུ་མོ་གང་དུ་ཡོད་པ་ལྟོས་ཤིག་ཅེས་བགོས། དེ་ནས་ཤུཀྱ་བ་ལྔ་བརྒྱ་ཙམ་གྱིས་ངེད་ཀྱི་བུ་མོ་དང་མཐུན་ནོ་ཟེར་བར་རྒྱལ་པོས་གཞོན་ནུ་ཉིད་ལ་དྲིས་ཤིག་ཅེས་བཀོད་པ་ལྟར་དྲིས་པས། གཞོན་ནུས་འདོད་པའི་ལོངས་སྤྱོད་ནི་མྱ་ངན་དང་སྡུག་བསྔལ་ཀུན་གྱི་རྩ་བར་གཟིགས་ཏེ་ཤུཀྱའི་བུ་མོ་དེ་དག་ལ་ཆགས་པ་སྤང་ནས་མི་སྨྲ་ནགས་སུ་ཏིང་ངེ་འཛིན་བསྒོམ་པར་འདོད་ཀྱང་། རེ་ཞིག་ཐབས་མཁས་ཀྱིས་ཡབ་ལ་ཡོན་ཏན་འདི་ལྟ་བུ་ལྡན་པའི་ཤུཀྱའི་བུ་མོ་ཡོད་ན་བདག་གི་ཁབ་ཏུ་རུང་ངོ་ཞེས་ཞུས་པ་ལྟར། ཤུཀྱའི་གྲོང་ཁྱེར་གྱི་ཕྱོགས་རྣམས་སུ་འཚོལ་བས། ཤུཀྱའི་བློན་པོ་བེ་ཅོན་ཅན་གྱི་བུ་མོ་ས་འཚོ་མ་ལ་ཡོན་ཏན་དེ་དག་ཚང་བས་རྒྱལ་པོས་བེ་ཅོན་ཅན་ལ་དེ་ཉིད་སྐབས་དབྱེ་བ་བྱས་ཀྱང་། བདག་གི་རིགས་འདི་བཟོ་ཡི་གནས་ལ་སོགས་པའི་སྒྱུ་རྩལ་ལ་མ་གོམས་པར་སྟེར་བ་མི་རུང་ལ། གཞོན་ནུ་ཕོ་བྲང་དུ་རྩེད་འཇོ་ཁོ་ནར་རོལ་བས་བཟོ་ཡི་གནས་སོགས་ཀྱི་སྒྱུ་རྩལ་མི་ཤེས་ན་ཁོ་བོའི་བུ་མོ་མི་སྟེར་ཞུས་པས། རྒྱལ་པོ་ཡིད་ཁོང་དུ་ཆུད་པ་ན་གཞོན་ནུས་སྐྱེ་བོ་ཕལ་བ་རྣམས་ཀྱི་ཁེངས་པ་གཞོམ་པའི་སླད་ཤུཀྱའི་ཡིག་མཁན་ཀུན་གྱི་བཤེས་གཉེན་དཔང་དུ་བཙུགས་ཏེ་ཡིག་རིགས་དྲུག་ཅུ་རྩ་བཞིར་འགྲན་པས། སུས་ཀྱང་འགྲན་པར་མ་ནུས། དེ་བཞིན་རྩིས་དང་། མཆོང་རྩལ། འཕོངས་ལ་སོགས་པ་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ལ་ཤུཀྱའི་གཞོན་ནུ་སུས་ཀྱང་འགྲན་དུ་མ་ནུས་པས་ཀུན་གྱིས་བསྔགས་པར་བརྗོད། དྲུག་པ་བཙུན་མོའི་འཁོར་གྱིས་དགྱེས་པར་རོལ་བའི་མཛད་པ་ནི། གོང་དུ་བཤད་པ་ལྟར་འཇིག་རྟེན་ཕལ་བ་རྣམས་མགུ་བའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་མངོན་པར་ངོམས་ནས་ཤུཀྱའི་གཞོན་ནུ་ཀུན་ཟིལ་གྱིས་གནོན་པར་བྱས་ཏེ། ཤུཀྱའི་བློན་པོ་བེ་ཅོན་གྱི་བུ་མོ་ས་འཚོ་མ་ཁབ་ཏུ་བསུས་ཤིང་། བཙུན་མོ་ཀུན་གྱི་གཙོ་བོར་བསྟེན། དེ་བཞིན་གྲགས་འཛིན་མ་ལ་སོགས་པ་བཙུན་མོ་ལྔ་བརྒྱ་ཉེ་བར་བླངས། འཇིག་རྟེན་དང་མཐུན་པར་བྱ་བའི་ཕྱིར་དེ་དག་དང་རྩེད་དགའ་ལ་ལོངས་སུ་སྤྱོད་པར་མཛད་དོ། ། བདུན་པ་རབ་ཏུ་བྱུང་བའི་མཛད་པ་ནི། དེའི་ཚེ་སྟོན་པ་དགུང་ལོ་ཉེར་དགུ་པ་ཤིང་བྱི་(སྤྱི་ལོ་སྔོན ༤༩༧)བར་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཐུགས་རྒྱུད་བསྐུལ་ཏེ་བྱང་ཆུབ་སེམས་དཔའ་ཕོ་བྲང་གི་ཕྱོགས་བཞིར་སྤྲོ་འཆམ་དུ་ཕེབས་པ་ན། རིམ་པ་བཞིན་ལྷའི་སྤྲུལ་པའི་སྐྱེ་རྒ་ན་འཆིའི་རྣམ་པར་མཐོང་ནས་འཁོར་བ་ལ་ཡིད་འབྱུང་། བརྒྱ་བྱིན་གྱིས་སྤྲུལ་བའི་དགེ་སློང་མཐོང་བས་དེ་ལ་ཡིད་སྨོན་གནང་། ལྷ་རྣམས་ཀྱིས་བར་སྣང་ནས་བྱང་ཆུབ་སེམས་དཔའ་འཁོར་བའི་འདམ་དུ་བྱིང་པའི་ཉེས་དམིགས་གཟིགས་ནས་རབ་ཏུ་བྱུང་བར་བསྐུལ་བ་དང་། བཙུན་མོ་འཁོར་གྱིས་རོལ་མོའི་སྒྲ་འཁྲོལ་བ་ལས་ཀྱང་འཁོར་བའི་ཉེས་དམིགས་དང་རབ་ཏུ་བྱུང་བའི་དགེ་མཚན་ངང་གིས་གྲགས་པ་ལས་བྱང་ཆུབ་སེམས་དཔའི་ཐུགས་རྒྱུད་ངེས་པར་འབྱུང་། དེའི་ཚེ་རྒྱལ་པོ་ཟས་གཙང་སོགས་ལ་རྨི་ལྟས་དུ་མ་བྱུང་བར་བརྟགས་པས་གཞོན་ནུ་རབ་ཏུ་བྱུང་བའི་ལྟས་སུ་ཤེས་ཏེ། ཉུག་རུམ་པ་རྣམས་ལ་སྒོ་བརྟན་པོ་སྲུང་བ་དང་། བཙུན་མོ་རྣམས་ལ་གླུ་དབྱངས་ཀྱི་རྩེ་དགའ་ལ་སྦྱོར་དུ་བཅུག་གོ། དེའི་ཚེ་ས་འཚོ་མའིི་རྨི་ལམ་དུ་ས་གཡོ་བ་དང་། གཞོན་ནུའི་རྨི་ལམ་དུ་རི་བོ་སྔས་སུ་བྱེད་པ་དང༌། རྒྱ་མཚོ་རྐང་མཛུབ་ཀྱིས་དཀྲུགས་པ། ས་ཆེན་མལ་དུ་བྱེད་པ། འོད་ཀྱིས་གླིང་བཞིར་གསལ་བ། ངན་སྐྱུགས་ཀྱི་རི་བོ་བརྒལ་ཀྱང་མི་གཙང་བས་མ་གོས་པ། ཆུས་ཁྱེར་བར་རྟེན་པ། ནད་པ་གསོས་པ། རི་རབ་ཀྱི་ངོས་ལ་སེང་གེའི་ཁྲིར་འདུག་པར་ལྷ་རྣམས་ཀྱིས་མཆོད་པ་དང་ཕྱག་འཚལ་བ་སོགས་རྨིས་ཏེ། རབ་ཏུ་བྱུང་བ་དང་མི་རིང་བར་མངོན་པར་རྫོགས་པ་སངས་རྒྱས་པའི་ལྟས་སུ་གོ དེ་ནས་བྱང་ཆུབ་སེམས་དཔས་ཡབ་ཀྱི་གནང་བ་མ་ཐོབ་བར་རབ་ཏུ་བྱུང་བ་མི་རིགས་སོ་དགོངས་ཏེ། ཁོ་བོ་རབ་ཏུ་བྱུང་བར་གེགས་མི་བྱེད་པར་འཚལ། ཞེས་གསུངས། ཡབ་ཀྱིས་དེ་བས་ཁྱོད་ཁྱིམ་དུ་བཞུགས་ན་ཅི་འདོད་པ་དེ་བྱེད་ལ་སྦྱིན་ནོ། །ཞེས་སྨྲས། འོ་ན་སྐྱེ་རྒ་ན་འཆིའི་རྒུད་པ་ལས་གྲོལ་བ་ཉིད་སྩོལ་ཅིག །ཡབ་ན་རེ། དེ་སྦྱིན་པའི་མཐུ་མེད་དོ། །འོ་ན། ཤི་འཕོས་ན་ཉིང་མཚམས་མི་སྦྱོར་བའི་གནང་སྦྱིན་མཛོད་ཅིག ཡབ་ཀྱིས་དེ་ཡང་ངས་སྦྱིན་པར་མི་ནུས་པས་ད་ནི་ཁྱོད་ཀྱིས་འདོད་པ་ལྟར་གྱིས་ཤིག་ཅེས་སྐབས་ཕྱེས་སོ། །དོན་དེ་དག་ཤུཀྱའི་གྲོང་ཁྱེར་དུ་ཡོངས་སུ་བརྡལ་བར་བྱས་པས། ཤུཀྱའི་ཡུལ་མི་རྣམས་བགྲོས་ཏེ་ཕོ་བྲང་གི་སྒོ་བཞི་དང་ལམ་གྱི་སྲང་མདོ་ཀུན་སྲུང་བ་དང་བཙུན་མོ་རྣམས་བྱང་ཆུབ་སེམས་དཔའི་དྲུང་དུ་གར་དང་དབྱངས་སོགས་ཀྱི་འདོད་པའི་སྒྱུ་རྩལ་སྣ་ཚོགས་ལ་རོལ་དུ་འཇུག དེའི་མཚན་ནམ་ཕྱེད་ཙམ་ན་ལྷའི་མཐུས་བཙུན་མོ་རྣམས་རེ་རེ་བཞིན་གཉིད་ལོག་སྟེ། སྐྲ་ལོ་གང་སར་གཟིངས་བ་དང་ཁ་ཆུ་འཛག ནུ་མ་དང་མཚན་མ་སོགས་ཀྱང་རྗེན་པར་བསྟན། རོ་བཞིན་གན་རྐྱལ་རེངས་ནས་ཡོད་པར་གཟིགས་ཏེ་བཙུན་མོའི་འཁོར་གྱིས་རོལ་བའི་རྒྱལ་པོའི་ཕོ་བྲང་ལ་དུར་ཁྲོད་དངོས་ཀྱི་འདུ་ཤེས་སྐྱེས། ཕོ་བྲང་གི་ཞབས་འབྲིང་བ་འདུན་པ་རོགས་སུ་སྦྲན་ཏེ་རྟ་མཆོག་བསྔགས་ལྡན་ལ་ཞོན་ནས་རྒྱལ་པོའི་ཕོ་བྲང་ལས་བྲོས། ལྷའི་བུ་ཞི་བའི་བློ་གྲོས་དང་རྩེ་བ་བཀོད་པས་ཆོ་འཕྲུལ་ལས་ཤུཀྱ་བ་རྣམས་གཉིད་མཐུག་པོར་ལོག་སྟེ་བྱང་ཆུབ་སེམས་དཔའ་ཕྱི་རོལ་ཏུ་ཕེབས་པ་སུས་ཀྱང་མ་ཚོར། རྒྱལ་པོ་ཆེན་པོ་བཞིས་སྔུན་བསུས་ཏེ་གྱད་ཀྱི་ཡུལ་བརྒལ། མཆོད་རྟེན་རྣམ་དག་གི་དྲུང་དུ་ཕྱིན་པ་དང་། རྟ་དང་རྒྱན་ཆ་རྣམས་འདུན་པ་ལ་བྱིན་ཏེ་མཚོན་ཆ་རྣོན་པོས་དབུ་སྐྲ་གཙུག་ཕུད་བཅད། རབ་ཏུ་བྱུང་ནས་ཀ་ཤི་ཀའི་གོས་དཀར་པོ་གྱོན་པ་མི་རིགས་སོ་སྙམ་པའི་སྐབས། གནས་གཙང་མའི་རིགས་ཀྱིས་ལྷས་རྔོན་པར་སྤྲུལ་ཏེ་ངུར་སྨྲིག་ཕུལ་བ་དང་། ཀ་ཤི་ཀའི་གོས་རྔོན་པར་བྱིན་ཏེ་ངུར་སྨྲིག་གི་ན་བཟའ་བསྣབས། ཡངས་པ་ཅན་དང་མ་ག་དྷར་སོགས་སུ་ཕྱིན་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་སོགས་ཕྱི་རོལ་རིག་བྱེད་པ་རྣམས་བསྟེན་ནས་སྲིད་རྩེའི་སེམས་མན་ཆད་ཁོང་དུ་ཆུད་པར་གྱུར། དེ་ཙམ་གྱིས་མ་ཚིམས་ཏེ་འདིས་ནི་མྱ་ངན་ལས་འདའ་བར་མི་ནུས་སོ་ཞེས་སུན་ཕྱུང་སྟེ་སོང་ངོ༌། ། བརྒྱད་པ་ལོ་དྲུག་དཀའ་བ་སྤྱོད་པའི་མཛད་པ་ནི། དེ་ནས་རིམ་གྱིས་ག་ཡའི་རི་རྩེར་སྔར་མ་ཤེས་པའི་དཔེ་གསུམ་མངོན་དུ་གྱུར་ཏེ། ཆུ་བོ་ནེ་རགྲjནའི་འགྲམ་དུ་ཕྱིན་ནས་བདག་གིས་སྙིགས་མ་ལྔ་བདོ་བའི་དུས་ངན་པར་དམན་པ་ལ་མོས་ཤིང་བརྟུལ་ཞུགས་ངན་པས་ལམ་ལོག་པ་ཡང་དག་པར་འཛིན་པ་རྣམས་སུན་ཕྱུང་བའི་ཕྱིར་དཀའ་བ་སྤྱད་རྒྱུ་དམ་བཅའ་བརྟན་པོ་བཞག་སྟེ། མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞག་སྟེ་དགུང་ལོ་ཉེར་དགུ་ཤིང་བྱི་སྤྱི་ལོ་སྔོན་༤༩༧ ནས་དགུང་ལོ་སོ་ལྔ་པ་ལྕགས་རྟ་སྤྱི་ལོ་སྔོན་༤༩༡ བར་ལོ་དྲུག་གི་རིང་ལ་ཉིན་རེར་ཏིལ་འབྲུ་གཅིག་དང་། རྒྱ་ཤུག་གི་ཚི་གུ་གཅིག འབྲས་འབྲུ་གཅིག་རེ་ཙམ་སྤྱད་ནས་དབུགས་ཀྱི་རྒྱུ་བ་བཅད་དེ་བཞུགས་སོ། །དེ་ནས་ལངས་ཏེ་ཟས་བཅད་པ་དང་དཀའ་ཐུབ་ཙམ་གྱིས་གྲོལ་བར་འཛིན་པའི་ལོག་རྟོག་དགག་པའི་ཆེད་ལེགས་སྐྱེས་མ་ཞེས་པའི་ཁྱིམ་བདག་མས་ཁྱིམ་གྱི་རིགས་རྒྱུད་འཛིན་པའི་བུ་བཙའ་བའི་དོན་དུ་གསེར་སྣོད་དུ་འབྲས་དང་འབྲུ་མར་བླུགས་ནས་བཙོས་པའི་བ་ཕྱུགས་ཀྱི་འོ་མའི་ཉིང་ཁུ་བཀང་ནས་བྱུང་བ་དང་། བྱང་ཆུབ་སེམས་པ་ཤིང་དྲུང་དུ་ཡོད་པས་ཤིང་གི་ལྷར་འཛིན་ནས་ཕུལ་བ་བཞེས་ནས་ཆུ་བོ་ནེ་རགྲj་ནར་བཞུགས། སྐུ་ཁྲུས་མཛད་དེ་འོ་ཐུག་དེ་ཉིད་བཏུང་བར་མཛད་པས་སྐུ་གསེར་གྱི་མདོག་ལྟར་གྱུར། དགུ་པ་བདུད་སྡེ་ཚར་བཅད་པའི་མཛད་པ་ནི། དེ་ནས་དགུང་ལོ་སོ་ལྔ་པ་ལྕགས་རྟ་(སྤྱི་ལོ་སྔོན་༤༩༡)ལོར་རྡོ་རྗེ་གདན་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་བཞེད་དེ་བསྐྱོད་པ་ན་རྩྭ་འཚོང་བཀྲ་ཤིས་ཀྱིས་རྩྭ་ཆུན་པོ་ཕུལ་བ་དེ་ཉིད་སྟན་དུ་བྱས་ཏེ་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་མངོན་དུ་མ་གྱུར་པར་སྐྱིལ་ཀྲུང་གཅིག་ལས་མི་ལངས་པ་དམ་བཅས་ཏེ་བཞུགས་པ་ན། དེའི་རྟགས་དང་མཚན་མས་བདུད་ཀྱི་སྡེ་མོག་མོག་པོར་གྱུར་པ་དང་ས་རྣམ་པར་གཡོས་པས་བདུད་སྡིག་ཅན་རྣམས་ཀྱིས་རང་གི་ཆུང་མ་དང་བུ་མོ་རྣམས་བྱང་ཆུབ་ཤིང་དྲུང་དུ་བཏང་། ལུས་ཀྱི་གསང་བའི་གནས་བསྟན་གདོང་ཕྱེད་སྒྲིབ་པ་སོགས་འདོད་པའི་སྒྱུ་རྩལ་སྣ་ཚོགས་ཀྱི་གཡོ་ཐབས་དང་བསླུ་ཁྲིད་བྱས་ཀྱང་བྱང་ཆུབ་སེམས་པའི་བདེན་ཚིག་གི་མཐུ་ལས་བདུད་ཀྱི་བུ་མོ་དེ་དག་གློ་བུར་དུ་བཞིན་གཉེར་མས་ཁེངས་ཤིང་མདོག་མི་སྡུག་པ་དང་དྲི་ང་བར་གྱུར་བས་དེ་དག་ཡིད་མི་དགའ་བཞིན་སྐྲག་ནས་ཕྱིར་གྱེས། དེ་ནས་བདུད་སྡིག་ཅན་དེ་དག་གི་བདུད་དམག་བྱེ་བ་འབུམ་ཕྲག་བཏང་ཏེ་ཕྱོགས་མཚམས་ཀུན་ནས་བདུད་ཀྱི་མཚོན་ཆ་སྣ་ཚོགས་བུ་ཡུག་འཚུབ་པ་ལྟར་བཏབ་ཀྱང་བྱང་ཆུབ་སེམས་དཔའི་བྱམས་པའི་ཏིང་ངེ་འཛིན་གྱི་མཐུ་ལས་མདའ་མཚོན་མཐའ་དག་མེ་ཏོག་གི་ཆར་ཁོ་ནར་གྱུར། བདུད་ཀྱི་སྡེ་རྣམས་ཞེད་ཅིང་། དངངས་པར་གྱུར་ཏོ། །བདུད་ཀྱིས་དེའི་རྒྱུ་མཚན་དྲིས་པས་བདག་གིས་བདུད་བཞི་དགྲ་ལས་ཐར་པའི་ཟད་མི་ཤེས་ཀྱི་ཡེ་ཤེས་ཐོབ་བོ་གསུངས། བདུད་ཀྱིས་དེའི་དཔང་པོ་མེད་པས་མི་བདེན་ནོ་ཟེར། བྱང་ཆུབ་སེམས་དཔས་ཕྱག་གཡས་ས་གནོན་གྱི་ཕྱག་རྒྱ་མཛད་དེ་དཔང་པོ་ས་གཞི་ཆེན་པོ་འདི་ཡིན་གསུངས་པ་དང༌། ས་རྣམ་པ་དྲུག་ཏུ་གཡོས་ཤིང་ས་ཡི་ལྷ་མོ་བརྟན་མ་ལུས་ཕྱེད་ས་སྟེང་དུ་ཐོན་ནས་དཔང་པོའི་ཕྱག་རྒྱ་དང་བཅས། དེ་དེ་བཞིན་ནོ་ཞེས་བརྗོད་པའི་སྒྲ་ཐོས་པ་དང་བདུད་ཀྱི་སྡེ་རྣམས། ཝ་མོས་ནགས་ཀྱི་སེང་གེའི་སྒྲ་ཐོས་པ་དང་། བྱ་རོག་ལ་རྡོ་འཕངས་པ་ལྟར་སྐྲག་ཅིང་དངངས་ནས་སྐད་ཅིག་དེ་ཉིད་ལ་ཕྱོགས་སོ་སོར་བྲོས་ཤིང་བྱེར། བདུད་མང་པོ་བྱང་ཆུབ་ཏུ་སེམས་བསྐྱེད། གནས་གཙང་མའི་རིགས་ཀྱི་ལྷ་རྣམས་དགའ་ནས་ནམ་མཁའ་ནས་མེ་ཏོག་གི་ཆར་ཕབ། འཇིག་རྟེན་ཀུན་ཏུ་སྣང་བར་བྱས། ས་རྣམ་པ་དྲུག་ཏུ་གཡོས། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། ། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། ། བདུད་བཅོམ་ནས་ནི་བྱང་ཆུབ་མྱུར་དུ་རེག་པར་འགྱུར། ། མྱ་ངན་ལས་འདས་ཞི་བ་བསིལ་བའི་དངོས་པོའང་ཐོབ། །ཅེས་ཆེད་དུ་བརྗོད་དོ།། བཅུ་པ་མངོན་པར་རྫོགས་པ་སངས་རྒྱས་པའི་ཚུལ་ནི། དེ་ནས་དགུང་ལོ་སོ་ལྔ་ལྕགས་རྟ་(སྤྱི་ལོ་སྔོན་༤༩༡)ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་མཚན་གྱི་གུང་ལ་བསམ་གཏན་བཞི་དང་གཟུགས་མེད་པ་བཞི་ལ་རིམ་པ་བཞིན་མཉམ་པར་བཞག ཐོ་རེངས་བཅོ་ལྔའི་ཉའི་སྐྱ་རེངས་ཤར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་བསྟན་ཏོ། ། བཅུ་གཅིག་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། ། བདུད་རྩི་ལྟ་བུའི་རོ་མཆོག་ཁོ་བོས་མྱོང༌། ། སུ་ལ་བཤད་ཀྱང་གོ་བར་མི་འགྱུར་བས། ། མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། ། ཞེས་གསུངས་ཏེ་ཉིན་ཞག་ཞེ་དགུའི་བར་དུ་བཞུགས་པ་ན། ལྷའི་དབང་པོ་བརྒྱ་བྱིན་དང་ཚངས་པ་གཉིས་ཀྱིས་དུང་དཀར་གཡས་འཁྱིལ་དང་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན་ཕུལ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བས། ཐོག་མར་གནས་མཆོག་ཝཱ་ར་ཎཱ་སིར་འཁོར་ལྔ་སྡེ་བཟང་པོ་ལ་བདེན་པ་བཞི་ལས་རྩོམ་པའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རིར་ཐེག་པ་མཆོག་གི་གདུལ་བྱ་ལ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། ཡངས་པ་ཅན་སོགས་སུ་གདུལ་བྱ་ཐེག་པ་སྣ་ཚོགས་པར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་བས་མཚོན། སྐབས་དང་དུས་གཞན་དང་གཞན་དུའང་གདུལ་བྱ་དང་འཚམས་པའི་ཆོས་ཚུལ་རྒྱ་ཆེར་གསུངས་ཤིང་། ཐེག་པ་ཐུན་མོང་མིན་པའི་གདུལ་བྱ་རྣམས་ལ་ཨོ་ཊི་བི་ཤ་དང་། དཔལ་ལྡན་འབྲས་སྤུངས་སོགས་སུ་རྒྱུད་སྡེ་བཞིའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། བསྐལ་བཟང་སངས་རྒྱས་སྟོང་ལ་སྔགས་རྒྱུད་སྡེའི་ཆོས་སྐོར་གསུང་བ་ནི་རྣམ་འདྲེན་རེ་གཉིས་ལས་མེད་པས་རང་རེའི་སྟོན་པ་དང་བསྟན་པ་འདི་ནི་སྟོན་པ་དང་བསྟན་པ་བྱོན་དང་འབྱོན་འགྱུར་ཀུན་ལས་འཕགས་པར་བཤད་དོ། ། ཞར་ལ་འདིར་སྟོན་པའི་མཛད་པ་འགངས་ཆེ་བ་འགའ་ཞིག་བརྗོད་པར་འདོད་དེ། དེ་ཡང་བཅོམ་ལྡན་འདས་དགུང་ལོ་བཞི་བཅུ་ཞེ་གཅིག་ཏུ་ཕེབས་པ་མེ་བྱ་(སྤྱི་ལོ་སྔོན་༤༨༥)ལོ་སུམ་ཅུ་རྩ་གསུམ་དུ་ཕེབས་ནས་དབྱར་གནས་མཛད་དེ། དེ་ཡང་འདི་ལྟར། བཅོམ་ལྡན་འདས་ཡུམ་སྒྱུ་མ་ལྷ་མཛེས་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་བཞེས་པ་དེ་རྗེས་སུ་གཟུང་བར་བཞེད་པ་དང༌། གཞན་ཡང་ལྷ་བགྲང་བ་ལས་འདས་པ་ཞིག་ལ་དགེ་བའི་རྩ་བ་ཡོད་པར་གཟིགས་ནས་སུམ་ཅུ་རྩ་གསུམ་དུ་གཤེགས་ཏེ། ཆོས་བཟང་ལྷའི་མདུན་སར་བཞུགས་ནས། གདུགས་དཀར་མོ་ཅན་གྱི་གཟུངས་དབུའི་གཙུག་ཏོར་ནས་ཕྱུང་ངོ༌། །དེ་ནས་ལྷའི་དགའ་བའི་ཚལ་དུ་གཤེགས་ཏེ་བརྒྱ་བྱིན་དང་ཚངས་པ་སོགས་སྡེ་བརྒྱད་དང༌། བློ་གྲོས་ཆེན་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་མང་པོ་དང་ལྷན་ཅིག་གོ །དེའི་ཚེ་འོད་བཀྱེ་བས་སྟོང་གསུམ་འདིའི་ངན་སོང་ཐམས་ཅད་སྡུག་བསྔལ་ལས་གྲོལ་བ་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ནོར་བུའི་སྟེང་དུ་འཁོད་ནས་ཆེད་དུ་བརྗོད་པ་དང༌། བརྒྱ་བྱིན་གྱིས་གསོལ་པ། ལྷའི་རིས་འདི་ནས་ལྷའི་བུ་ནོར་བུ་དྲི་མ་མེད་པའི་འོད་ཤི་འཕོས་ནས་དགུང་བདུན་ལོན་ལགས་ན་གང་དུ་སྐྱེས། །བཀའ་སྩལ་པ། ལྷའི་དབང་པོ། དེ་ནི་མནར་མེད་པའི་དམྱལ་བར་སྐྱེས་སོ། །བརྒྱ་བྱིན་གྱིས་དེ་ལས་བསྐྱབ་པར་ཞུས་པས་ངན་སོང་སྦྱོང་བའི་བརྟག་པ་གསུངས་ཏེ། བརྒྱ་བྱིན་ལ་ངན་སོང་སྦྱོང་བའི་ཆོ་ག་བསྟན། བརྒྱ་བྱིན་གྱིས་དེའི་ལུས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བས་དེ་སྐད་ཅིག་གིས་དམྱལ་བ་ལས་ཐར་ནས་དགའ་ལྡན་དུ་སྐྱེས་ཏེ་གཙང་མའི་རིས་ཀྱི་ལྷ་རྣམས་དང་ལྷན་ཅིག་དགའ་བའི་ཚལ་དེར་འོངས་ནས་བཅོམ་ལྡན་འདས་དང་བརྒྱ་བྱིན་ལ་ཆེད་དུ་བརྗོད་ཅིང་མཆོད་པའི་སྤྲིན་གྱིས་མཆོད་དོ། །དེ་ནས་བཅོམ་ལྡན་འདས་ལྷའི་ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་དུ་ཨར་མོ་ནིག་སྟེ་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཀྱི་སྟེང་དུ་བཞུགས་ཏེ། ཤུ་རིའི་བུ། འོད་སྲུངས་ཆེན་པོ། ཀུ་ཏའི་བུ་ཆེན་པོ། གང་པོ། ནམ་གྲུ། རྟ་ཐུལ། ཀ་པི་ན། གསུས་པོ་ཆེ། རབ་འབྱོར་ལ་སོགས་པ་དགྲ་བཅོམ་པ་བརྒྱད་སྟོང་དང༌། ཀུན་དགའ་བོ་དང་ཐབས་ཅིག་ཏུ་དབྱར་གནས་པ་མཛད། དེའི་ཚེ་བྱང་ཆུབ་སེམས་དཔའ་མང་པོ་ཡང་འདུས་ཤིང་ཡུམ་སྒྱུ་འཕྲུལ་ཆེན་མོ་ཡང་མཆོག་ཏུ་དགའ་པར་མཛད་ལ། རྒྱལ་པའི་སྲས་ལེགས་པར་གནས་ལ་དབྱིག་ལྡན་གྱི་གཟུངས་བསྩལ་ཏོ། །དེའི་ཚེ་ལྷ་རྣམས་ཐགས་བཟང་རིས་ཀྱི་དཔུང་དང་འཐབས་པས་ཕམ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་བརྒྱ་བྱིན་སྐྲག་བཞིན་དུ་འོངས་ཏེ་ཞུས་པས་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་གཟུངས་སྩལ་ནས་དབུགས་ཕྱུང་ངོ༌། །སྤྱན་རས་གཟིགས་ཀྱི་ལྷ་རྣམས་མཆོད་རྟེན་བགྱིད་པར་འཚལ་ན། དེའི་བསོད་ནམས་འཕེལ་བའི་ཐབས་ཞུས་པས། །རྟེན་འབྲེལ་སྙིང་པོ་གསུངས་སོ། །ལྷའི་བུ་ཤིན་ཏུ་བརྟན་པས་ཞག་བདུན་ནས་ཤི་སྟེ་དམྱལ་བར་སྐྱེའོ་ཞེས་པའི་སྒྲ་ཐོས་པ་བརྒྱ་བྱིན་ལ་སྨྲས་ཏེ། དེས་ཞུས་པས་གཙུག་ཏོར་རྣམ་པར་རྒྱལ་བ་ངན་འགྲོ་རྣམ་སྦྱོང་གསུངས་པས་ལྷའི་བུ་དེའི་སྡིག་པ་དག་ཅིང་ཚེ་བསྲིངས་སོ། ། དེའི་ཚེ་ས་བཅུ་པ་འབའ་ཞིག་དང་ཐབས་ཅིག་ཏུ་བཞུགས་ཏེ། བྱམས་པས་འཛམ་བུ་གླིང་པ་རྣམས་ཀྱི་འཚེ་བ་ཞི་བར་གསོལ་པས། བཅོམ་ལྡན་འདས་ཀྱིས་ཞབས་ས་ལ་བརྡབས་ཤིང༌། སྤྲུལ་པའི་ཁྲོ་བོ་སྤྲོས་ཏེ་གདུག་པ་ཅན་རྣམས་བཏུལ་ནས་མི་གཡོ་བའི་རྒྱུད་གསུངས་སོ། །ལྷའི་བུ་ཞིག་ཤི་འཕོས་ནས་ཕག་ཏུ་སྐྱེ་བར་མཐོང་བས་སྐྲག་སྟེ་བྲང་བརྡུངས་པ་དང༌། བཅོམ་ལྡན་འདས་དེར་གཤེགས་ཏེ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོངས་ཤིག་གསུངས། དེས་དེ་ལྟར་བྱས་པས་ཡངས་པ་ཅན་དུ་ཚོང་དཔོན་ཞིག་གི་བུར་སྐྱེས་ཏེ་མིང་ཤེས་ལྡན་ཞེསབཏགས་སོ། ། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་དུ་བཞུགས་པའི་རིང་མོའུ་འགལ་གྱི་བུ་ཆེན་པོ་འཛམ་བུའི་གླིང་དུ་བསྟན་པ་སྐྱོང་ཕྱིར་བཞུགས། །སྐྱེ་བོ་ཕལ་བོ་ཆེ་སུས་ཀྱང་བཅོམ་ལྡན་འདས་གང་ན་བཞུགས་མ་ཤེས་པ་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་གསལ་རྒྱལ་དང༌། འཁོར་རྣམ་བཞི་རྣམས་ཀྱིས་མོའུ་འགལ་གྱི་བུ་ཆེན་པོ་མཉན་ཡོད་ན་དབྱར་གནས་པ་ལ་དྲིས་པ། བཅོམ་ལྡན་འདས་གང་ན་བཞུགས། ལྷའི་གནས་ན་བཞུགས་སོ། །དེ་རྣམས་དགའ་སྟེ་དབྱར་ཟླ་བ་གསུམ་རྫོགས་པ་དང་སླར་ཡང་མོའུ་འགལ་གྱི་བུའི་གན་དུ་སོང་ནས། ད་ནི་བཅོམ་ལྡན་འདས་མ་མཐོང་ནས་ཡུན་རིང་ཞིག་ལོན་པས། བདག་ཅག་གི་ཚིག་གིས་བཅོམ་ལྡན་འདས་སྤྱན་འདྲེན་དུ་གསོལ། མོའུ་འགལ་གྱི་བུས་སྐད་ཅིག་ལ་ལྷའི་ཡུལ་དུ་ཕྱིན་ཏེ། བཅོམ་ལྡན་འདས་ལ་འཁོར་བཞི་པོའི་ཚིག་གིས་བསྙུན་གསོལ་ནས། བཅོམ་ལྡན་འདས་འཛམ་བུ་གླིང་པ་རྣམས་ཀྱིས་ལྷའི་གནས་སུ་འཛེག་མི་ནུས་ཤིང་ལྷ་རྣམས་ལ་འཛམ་བུའི་གླིང་དུ་འབབ་པའི་མཐུ་མཆིས་པས། ད་ནི་འཛམ་བུ་གླིང་དུ་གཤེགས་སུ་གསོལ་ཞེས་དེ་དག་གི་མཆིད་གསོལ་བ་དང༌། མོའུ་འགལ་གྱི་བུ་ཁྱོད་སོང་ལ་བཅོམ་ལྡན་འདས་དེང་ཞག་བདུན་ན་གྲོང་ཁྱེར་གསལ་ལྡན་གྱི་ཨ་པ་ཛ་རིའི་ནགས་ཤིང་ཨུ་དུམ་ཝ་རའི་དྲུང་དུ་གཤེགས་སོ་ཞེས་བསྒོས་ཤིག དེས་ཀྱང་སྐད་ཅིག་ལ་འཛམ་བུའི་གླིང་དུ་ཕྱིན་ནས་མི་རྣམས་ལ་གོ་བར་བྱས་ཏེ་སླར་མཉན་ཡོད་ནས་སུམ་ཅུ་རྩ་གསུམ་དུ་ཕྱིན་ཏོ། །མ་འགགས་པས་རྒྱལ་པོ་ཨུ་ཏྲཱ་ཡཱ་ན་ལ་སྦྲན་པས་དེ་དགའ་སྟེ་གྲོང་ཁྱེར་གསལ་ལྡན་གཙང་མར་བྱས་ནས་མཆོད་པའི་ཡོ་བྱད་བཤམས་ཤིང༌། འཁོར་རྣམ་བཞིས་ཀྱང་ཕྱོགས་དེ་ལྷའི་དགའ་ཚལ་བཞིན་དུ་བྱས་སོ། །དེ་ནས་སྟོན་ཟླ་འབྲིང་པོའི་ཚེས་ཉི་ཤུ་གཉིས་ལ་བཅོམ་ལྡན་འདས་འཛམ་བུའི་གླིང་དུ་ཞབས་ཀྱིས་གཤེགས་པར་བཞེད་པ་ན། བརྒྱ་བྱིན་གྱིས་བི་ཤྭ་ཀརྨ་ལ་བསྒོས་པས་དེས་ཐེམ་སྐས་གསུམ་སྤྲུལ་ཏེ། དབུས་མ་བཻཌཱུ”འི་ཐེམ་སྐས་ལ་བཅོམ་ལྡན་འདས་འཁོར་དང་བཅས་པ་གཤེགས་སོ། །གཡས་པ་གསེར་གྱི་ཐེམ་སྐས་ལ་ཚངས་པ་གཟུགས་ཀྱི་ལྷས་བསྐོར་ཏེ་ནོར་བུའི་རྔ་ཡབ་ཀྱིས་བཅོམ་ལྡན་འདས་ལ་གཡོབ་ཅིང་སོང་ངོ༌། །གཡོན་པ་ཤེལ་གྱི་སྐས་ལ་བརྒྱ་བྱིན་འདོད་པའི་ལྷ་རྣམས་ཀྱིས་བསྐོར་ཏེ་གདུགས་ཐོགས་ནས་སོང་ངོ༌། །བཅོམ་ལྡན་འདས་ཀྱིས་བི་ཤྭ་ཀརྨའི་ཆེད་དུ་ཕྱེད་ནི་ཞབས་ཀྱིས་བྱོན་ལ། མ་དད་པ་བཟློག་པའི་ཕྱིར་དུ་ཕྱེད་ནི་རྫུ་འཕྲུལ་གྱིས་བྱོན་ཏེ། དཔག་ཚད་བཅུ་གཉིས་མན་ཆད་མིའི་དྲི་སྣོམ་པས་ལྷ་རྣམས་འོང་མི་བཟོད་པ་ལ་ཙན་དན་གྱི་དྲིས་ཁྱབ་པར་མཛད་ཅིང༌། སྐྱེས་པས་ལྷའི་བུ་མོ་དང་བུད་མེད་ཀྱིས་ལྷའི་བུ་མཐོང་ན་འཆི་བར་འགྱུར་བས་སྐྱེས་པ་རྣམས་ཀྱིས་ལྷའི་བུ་མཐོང་ཞིང་བུད་མེད་རྣམས་ཀྱིས་ལྷའི་བུ་མོ་མཐོང་བར་མཛད་དེ་གྲོང་ཁྱེར་གསལ་ལྡན་དུ་གཤེགས་ནས་བརྒྱ་བྱིན་གྱིས་བཤམས་པའི་སེང་གེའི་ཁྲི་ལ་བཞུགས་སོ། །དེའི་ཚེ་རྒྱལ་པོ་ཨུ་ཏྲཱ་ཡ་ན་དང་འཁོར་རྣམ་བཞིས་བསུས་ཤིང་། དྲི་ཟ་ཆོས་ཀྱི་ཕྲེང་བས་པི་ཝང་བརྡུངས་པས་ཉན་ཐོས་ཆེན་པོ་རྣམས་ཀྱི་ལུས་ཀྱང་གཡོས་སོ། །གནས་དེར་ལྷ་དང་མི་དད་པ་ཅན་གྱིས་ལྷ་ལས་བབས་པའི་མཆོད་རྟེན་བང་རིམ་བཞི་པའམ་བརྒྱད་པ་ངོས་རེར་གློ་འབུར་དང་བཅས་པའི་གློ་འབུར་གྱི་དབུས་ན་ཐེམ་སྐས་ཡོད་པ་བརྩིགས་སོ། ། དེ་ནས་བཅོམ་ལྡན་འདས་དགུང་ལོ་ང་བདུན་ལ་བབ་པ་ལྕགས་ཡོས་(སྤྱི་ལོ་སྔོན་༤༧༠)ལོར་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་སྟོན་པར་མཛད་དེ། དེ་ཡང་འདི་ལྟར་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ལྷ་མི་བགྲང་བ་ལས་འདས་པ་ཞིག་སྨིན་ཅིང་གྲོལ་བར་མཛད། འཛམ་བུའི་གླིང་གི་རྒྱལ་པོ་ཆེ་དགུ་ཐམས་ཅད་ཀྱིས་སྟོན་པ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཆོད་པ་ན་རྫོགས་བྱེད་ལ་སོགས་པའི་མུ་སྟེགས་ཀྱི་སྟོན་པ་དྲུག་པོ་ཕྲག་དོག་གིས་ཡིད་དཀྲུགས་ཏེ་སྟོན་པ་ལ་འགྲན་པར་འདོད་པ་ན་བདུད་སྡིག་ཏོ་ཅན་གྱིས་ཀྱང་མུ་སྟེགས་ཀྱི་སྟོན་པ་དྲུག་པོའི་རྒྱུད་བསྐུལ་ཏེ། སྟོན་པ་ལ་འགྲན་པའི་བསམ་པ་ཆེས་ཆེར་སྐྱེས་ནས་རྫོགས་བྱེད་ལ་སོགས་པ་མུ་སྟེགས་པ་དྲུག་པོ་དེས་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་ཕྱིན་ཏེ། རྒྱལ་པོ་བདག་ཅག་དང་གཽཏ་མ་གཉིས་ཀ་ཤེས་པར་སྨྲ་བ་ཡིན་ན་ལྷན་ཅིག་རྫུ་འཕྲུལ་འགྲན་དུ་གཞུག་པའི་རིགས་སོ། །རྒྱལ་པོས་བགད་དེ་ཁྱེད་རྣམས་རེ་གླེན། སངས་རྒྱས་རྫུ་འཕྲུལ་ཆེན་པོ་དང་ལྡན་ན་ཇི་ལྟར་འགྲན། སྟོན་པ་དྲུག་གིས་སྨྲས་པ། བདག་ཅག་གཉིས་ཀྱིས་ཞག་བདུན་ན་རྫུ་འཕྲུལ་ཆེན་པོ་འགྲན་ན་མངོན་ཏེ། བསྒྲུན་པའི་འོག་ཏུ་གང་རྒྱལ་བ་གཟིགས་ཤིག རྒྱལ་པོས་ཀྱང་བདག་གིས་དེ་བཞིན་བགྱི་ན་ཁྱེད་སྐྱེངས་ཀྱིས་དོགས་སོ།། ཞེས་སྨྲས་ཏེ། རྒྱལ་པོས་བཅོམ་ལྡན་འདས་ལ་དོན་དེ་གསོལ་པ་དང༌། ང་ཉིད་དུས་མཁྱེན་ནོ་ཞེས་གནང་ངོ༌། །རྒྱལ་པོས་ཆོ་འཕྲུལ་སྟོན་པའི་གནས་བྱེད་དུ་བཅུག་པ་ན། ཞག་བདུན་གྱི་ཉིན་པར་བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་ཡངས་པ་ཅན་དུ་གཤེགས་སོ། །སྟོན་པ་དྲུག་གིས་ཀྱང་གཽཏ་མའི་ཆོ་འཕྲུལ་གྱིས་བདག་ཅག་མི་ཐུབ་བོ་ཞེས་བྱས་ན་ཁྱེད་ཡིད་མི་ཆེས་ཀྱིས་ཆོ་འཕྲུལ་འགྲན་པའི་དུས་བྱས་པ་ལས་བྲོས་སོ་ཞེས་བསྒྲགས་ནས་ང་རྒྱལ་སྐྱེས་ཏེ་རྗེས་སུ་བསྙེགས་ཤིང་རྒྱལ་པོ་གཟུགས་ཅན་སྙིང་པོ་ཡང་བཅོམ་ལྡན་འདས་ཀྱི་རྗེས་སུ་ཡངས་པ་ཅན་དུ་དོང་ངོ༌། །ཡངས་པ་ཅན་པ་རྣམས་ཀྱིས་བཅོམ་ལྡན་འདས་བསུས་སོ། །སྟོན་པ་དྲུག་གིས་ལི་ཙ་བྱི་རྣམས་ལ་གཽཏ་མ་དང་ཆོ་འཕྲུལ་འགྲན་པར་གང་ན་ཞག་བདུན་ན་འགྲན་ནོ། །དེ་བཅོམ་ལྡན་འདས་ལ་གསོལ་བ་དང༌། ང་ཉིད་ཀྱིས་དུས་མཁྱེན་ནོ། །ཞེས་གསུངས་ནས། སང་འགྲན་པ་ལས་དེ་རིང་བཅོམ་ལྡན་འདས་ཡུལ་ཀཽ་ཤཁྲརྟ༣ར་རྒྱལ་པོ་ཨུ་ཏྲ་ཡ་ན་ཅན་དུ་གཤེགས་སོ། །དེར་ཡང་འགྲན་པར་ཞུས་པ་ལས་ཡུལ་ཝརྒར་རྒྱལ་པོ་ཤུན་ཙི་ད་ལ་ཅན་དུ་གཤེགས་སོ། །དེར་ཡང་བགྲན་པར་ཞུས་པ་ལས། །ཡུལ་ཙཁྲཎར་རྒྱལ་པོ་ཨིབྷཝརྨི་ཅན་དུ་གཤེགས་སོ། །དེར་ཡང་འགྲན་པར་ཞུས་པ་ལས་ཝཱ་ར་ཎཱ་སིའི་རྒྱལ་པོ་ཚངས་བྱིན་ཅན་དུ་གཤེགས་སོ། །དེར་ཡང་འགྲན་པར་ཞུས་པ་ལས། སེར་སྐྱར་ཤུཀ་རིགས་ཅན་དུ་གཤེགས་སོ། །སྟོན་པ་དྲུག་པོ་ཡང་ང་རྒྱལ་ལྷག་པར་སྐྱེས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་གཽཏ་མ་དང་རྫུ་འཕྲུལ་འགྲན་དུ་ཆུག་ཅིག་ཅེས་ཡང་ནས་ཡང་དུ་བསྐུལ་ལོ། །རྒྱལ་པོས་གལ་ཏེ་ཁྱོད་དོན་འདི་ལན་གསུམ་གྱི་བར་དུ་ཟེར་ན་སྤྱུགས་ཏེ་བཏང་ངོ༌། །ཞེས་སྨྲས་པ་དང༌། དེ་རྣམས་འདི་སྙམ་དུ་རྒྱལ་པོ་འདི་ནི་གཽཏ་མའི་ཕྱོགས་བྱེད་ཀྱིས། །རྒྱལ་པོ་གསལ་རྒྱལ་དེ་གཟུ་བོ་ཞིག་ཡོད་ཅེས་གྲག་གི དེའི་གན་དུ་འགྲོའོ་ཞེས་བཅོམ་ལྡན་འདས་ཀྱི་རྗེས་བཞིན་དུ་བསྙེགས་སོ། །བཅོམ་ལྡན་འདས་ཀྱང་མཉན་ཡོད་དུ་བྱོན་ནས་རྒྱལ་བྱེད་ཚལ་དུ་བཞུགས་སོ། །དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཞོན་པ་ལྔ་བརྒྱ་དང་འཁོར་འབུམ་བཞི་ཁྲི་དང༌། ལི་ཙ་བྱི་བཞོན་པ་ལྔ་བརྒྱ་དང༌། འཁོར་བདུན་ཁྲི་དང༌། ཨུ་ཏྲ་ཡ་ན་འཁོར་སྟོང་ཕྲག་བརྒྱད་ཁྲི་དང༌། ཤུན་ཙི་ད་ལ་འཁོར་ལྔ་ཁྲི་དང༌། ཨིབྷ་ཝརྨི་དྲུག་ཁྲི་དང༌། ཚངས་བྱིན་བརྒྱད་འབུམ་དང༌། ཤུཀྱ་རིགས་ཁྲི་ཁྲག་དགུ་པོ་དག་རྗེས་སུ་འབྲངས་ཏེ། མཉན་ཡོད་ཀྱི་ལྗོངས་ཡོངས་སུ་གང་བར་གྱུར་ཏོ། །དེ་ནས་སྟོན་པ་དྲུག་གིས། རྒྱལ་པོ་གསལ་རྒྱལ་ལ་སྨྲས་པ། །དགེ་སྦྱོང་གཽཏ་མ་དང་བདག་ཅག་ཆོ་འཕྲུལ་འགྲན་པར་དུས་བྱས་པ་ལས། དུས་ལ་བབ་པ་དང་བྱོལ་ཞིང་བྲོས་ཏེ། ད་ནི་འཁོར་མང་པོ་ཡང་རྒྱལ་པོའི་ཡུལ་དུ་ཚོགས་ཀྱིས། རྒྱལ་པོ་ནི་ས་དང་འདྲ་པས་བྱམས་སྡང་མེད་པའི་ཞལ་ཆེ་གཅོད་པའི་རིགས་སོ། །གཽཏ་མ་རྒྱལ་ན་བདག་ཅག་དེའི་དབང་དུ་མཆི་ལ། བདག་ཅག་རྒྱལ་ན་བདག་ཅག་དབང་བར་མཛོད་ཅིག རྒྱལ་པོས་སྨྲས་པ། ཅིའི་ཕྱིར་ཁྱེད་ལྟ་བུའི་མ་རབས་ཅི་ཡང་མི་ཤེས་པས་ཆོས་ཀྱི་རྒྱལ་པོ་ཆེན་པོ་དང་ཆོ་འཕྲུལ་འགྲན་པར་བྱེད་ཁྱེད་ཕམ་གྱིས་དོགས་སོ། །སྨྲས་པ་ཁྱོད་ཀྱང་གཽཏ་མས་བླུས་ཟིན་པས་བསྒྲུན་ན་མངོན་པར་འགྱུར་རོ། །རྒྱལ་པོས་སྨྲས་པ། གལ་ཏེ་དེ་ལྟ་ན་བདག་གིས་བཅོམ་ལྡན་འདས་ལ་ཞུའོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་ལ་ལན་གསུམ་གྱི་བར་དུ་གསོལ་བས། བཅོམ་ལྡན་འདས་ཀྱིས་མཉན་ཡོད་འདིར་སྔོན་གྱི་སངས་རྒྱས་རྣམས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་ཞིང་སྐྱེ་བོའི་ཚོགས་ཆེན་པོའང་ཞག་བདུན་ན་འདུ་བར་མཁྱེན་ནས། རྒྱལ་པོ་ཞག་བདུན་ན་དེ་བཞིན་བྱ་ཡི་ཁྱོད་སོངས་ལ་འདི་མ་ཡིན་པ་ཡངས་པ་དག་ཏུ་འདུན་ཁང་རྩིགས་ཤིག །དེ་ནས་རྒྱལ་པོས་སྟོན་པ་དྲུག་ལ་དོན་དེ་སྨྲས་པ་དང༌། དེ་རྣམས་བགྲོས་པ་གཽཏ་མ་འབྲོས་པ་འམ་གྲོགས་ཚོལ་བ་གཉིས་ལས་གདོན་མི་ཟ་བར་གྲོགས་འཚོལ་བར་འགྱུར་བས། བདག་ཅག་གིས་ཀྱང་གྲོགས་བཙལ་ལོ་ཞེས། གྱད་ཡུལ་གྱི་ཀུན་ཏུ་རྒྱུ་རབ་བཟང་གི་དྲུང་དུ་སོང་སྟེ་བདག་ཅག་གི་གྲོགས་གྱིས་ལ་གཽཏ་མ་དང་རྫུ་འཕྲུལ་འགྲན་པར་གྱིས་ཤིག རབ་བཟང་གིས་སྨྲས་པ། ཁོ་བོ་ཉིན་མོ་དལ་འབབ་ཀྱི་མཚོ་འགྲམ་ན་གནས་ནས་བསོད་སྙོམས་བསླངས་པ་མ་དྲོས་པར་ཟ་བ་ན། ཤུ་རིའི་བུའི་དགེ་ཚུལ་སྐུལ་བྱེད་ཀྱིས་ཕྱག་དར་ཁྲོད་པ་ཁྱེར་བ་མ་དྲོས་པའི་ལྷས་བཀྲུས་ནས་འབུལ་ཞིང་དེའི་ཆུ་བདག་གི་མགོར་འདེབས་པས། བདག་ཅག་དེའི་ཡང་སློབ་དང་ཡང་མི་མཉམ་ན། རྫུ་འཕྲུལ་ཆེན་པོ་དེ་ཁྱེད་ཀྱིས་རྫུ་འཕྲུལ་ལ་བོས་པ་མ་ལེགས་སོ། །དེ་ནས་སྟོན་པ་དྲུག་གིས་དེ་བོར་ནས་གངས་རིའི་སུལ་ན་གནས་པའི་དྲང་སྲོང་ལྔ་བརྒྱ་ལ་ཚུལ་དེ་སྨྲས་པ་དང༌། དེ་རྣམས་ཀྱིས་ཁས་བླངས་ཏེ་འོང་རན་པའི་ཚེ་མཚན་མ་སྟོན་ཅིག་ཅེས་སྨྲས་སོ། །དེའི་ཚེ་བློན་པོས་དབྱེན་བྱས་པས་རྒྱལ་པོ་གསལ་རྒྱལ་གྱིས། མེས་དབེན་གྱི་གཅུང་ནག་པོའི་ཡན་ལག་བཅད་དེ་སྲང་དུ་དོར་བ། དེའི་གཉེན་བཤེས་རྣམས་ཀྱིས་སྟོན་པ་དྲུག་ལ་འདི་སོས་པའི་བདེན་ཚིག་མཛོད་ཅིག་ཅེས་སྨྲས་པས་དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་རོ། །ཕྱོགས་དེར་ཀུན་དགའ་བོ་འོངས་པ་ལ་དེ་བཞིན་དུ་སྨྲས་པ་དང༌། དེས་བཅོམ་ལྡན་འདས་ལ་ཞུས་པས་བདེན་པའི་ཚིག་འདི་བྱོས་ཤིག་ཅེས་བཀའ་སྩལ་པ་བཞིན། ཀུན་དགའ་བོས་ཀྱང་དཀོན་མཆོག་གསུམ་མཆོག་ཡིན་པའི་བདེན་པས་འདིའི་ཡན་ལག་སྔར་བཞིན་དུ་གྱུར་ཅིག་ཅེས་སྨྲས་པ་དང༌། ནག་པོའི་ཡན་ལག་སྔར་བཞིན་དུ་སོས་པས་སྐྱེ་བོའི་ཚོགས་ཀྱིས་ཀུན་དགའ་པོས་མུ་སྟེགས་པ་ཕམ་པར་བྱས་སོ་ཞེས་ཨ་ལ་ལའི་སྒྲ་བོ་ཆེ་བཏོན་ཏོ། །ནག་པོ་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་ཕྱིར་མི་འོང་ཐོབ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་དུ་བཀུག་ཀྱང་མ་ཉན་པར་དེས་ཀུན་དགའ་ར་བ་དེ་ཉིད་དུ་འཆགས་བྱས་པས་དུམ་བུའི་ཀུན་དགའ་ར་བར་མིང་ཆགས་ཏེ་བཅོམ་ལྡན་འདས་ལ་བསྙེན་བཀུར་ཞིང་རྫུ་འཕྲུལ་ཡང་གྲུབ་བོ། །རྒྱལ་པོ་གསལ་རྒྱལ་གྱིས་མཉན་ཡོད་ནས་རྒྱལ་བྱེད་ཚལ་གྱི་བར་དུ་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གོས་བརྒྱ་སྟོང་རི་བས་གཡོགས་པ་ཙན་དན་གྱི་ཆག་ཆག་བཏབ་པ། བ་དན་དང་རྒྱལ་མཚན་བསྒྲེང་བ། དར་གྱི་ཆུན་འཕྱང་དཔྱང་པ། ལྷ་རྣམས་ཀྱི་དགའ་བའི་ཚལ་བཞིན་དུ་བྱས་ནས། དེར་བཅོམ་ལྡན་འདས་ཀྱི་བཞུགས་གདན་རིན་པོ་ཆེས་སྤྲས་པའི་གསེར་གྱི་སེང་གེའི་ཁྲི་ཡང་བཤམས་སོ། །མུ་སྟེགས་ཅན་གྱི་དགེ་བསྙེན་རྣམས་ཀྱིས་ཀྱང་རང་གི་འབྱོར་པ་དང་བསྟུན་པའི་གོས་ཀྱིས་གཡོགས་པའི་འདུན་ཁང་དྲུག་དང་སྟན་དྲུག་ཀྱང་བཤམས་པ་ལ་སྟོན་པ་དྲུག་སྔར་འོངས་ཏེ་འདུག་ནས། ལྷ། བདག་ཅག་ནི་མཆིས་ལགས་ན་དགེ་སྦྱོང་གཽ་ཏ་མ་དགུག་ཏུ་གསོལ་ཞེས་ཕོ་ཉ་བཏང་ངོ༌། །རྒྱལ་པོ་འཁོར་དང་བཅས་པས་ཀྱང་དེ་ཐོས་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་སོང་ནས། བཅོམ་ལྡན་འདས་སྤྱན་འདྲེན་པར་བྲམ་ཟེའི་ཁྱེའུ་བླ་མ་བཏང་བས་དགུན་ཟླ་ཐ་ཆུང་གི་ཡར་ངོའི་ཚེས་གཅིག་གི་ཉིན་བཅོམ་ལྡན་འདས་ངང་པའི་རྒྱལ་པོ་ལྟར་ནམ་མཁའ་ལས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་གཤེགས་སོ། །དེ་མཐོང་ནས་རྒྱལ་པོ་གསལ་རྒྱལ་གྱིས་མུ་སྟེགས་ཅན་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་ན་ད་ནི་ཁྱེད་ཀྱི་རེས་ལ་བབ་ཀྱིས་སྟོན་ཅིག །དེ་རྣམས་ཀྱིས་སྨྲས་པ། ལྷ། སྐྱེ་བོའི་ཚོགས་ཆེན་པོ་འདིར་འདུས་ལགས་ན། ཆོ་འཕྲུལ་ཆེན་པོ་འདི་ཅི་དགེ་སྦྱོང་གཽཏ་མའམ་བདག་ཅག་གང་གི་ལགས་སུས་འཚལ། དེ་ནས་དུམ་བུའི་ཀུན་དགའ་ར་བ་བའི་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡང་ལས་ཤིང་ཨཱ་མྲ་འདབ་མ་དཀར་པོས་བཀླུབས་པ་བྱའི་ཚོགས་སྐད་འབྱིན་པ་བླངས་ནས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་བྱང་ཕྱོགས་སུ་བཞག་ཅིང་ཁྱིམ་བདག་ངན་པ་བཟང་སྦྱིན་གྱི་རྫུ་འཕྲུལ་གྱིས་ལྷའི་དཔག་བསམ་གྱི་ཤིང་བླངས་ནས། ལྷོ་ཕྱོགས་ངོས་སུ་བཞག་པ་དང༌། །རྒྱལ་པོས་སྟོན་པ་དྲུག་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྟན་ཟིན་ན་ད་ཁྱེད་ཀྱིས་སྟོན་ཅིག་སྨྲས་པ། ལྷ། ཆོ་འཕྲུལ་འདི་སུའི་ཡིན་པ་སུས་འཚོལ། །དེའི་ཚེ་ཆོ་འཕྲུལ་ཆེན་པོ་བལྟ་བར་སྤྲོ་བའི་སྲོག་ཆགས་གྲངས་མེད་པ་དང༌། ནམ་མཁའ་ལ་ལྷ་བརྒྱ་སྟོང་དུ་མ་ཡང་འདུས་པ་ན། བཅོམ་ལྡན་འདས་གཙུག་ལག་ཁང་དུ་གཤེགས་ནས་སྒོ་འཕར་གྱི་གསེབ་ནས་འོད་ཟེར་ཕྱུང་བས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་ཐམས་ཅད་བསྲེགས་པ་དང༌། སྟོན་པ་དྲུག་གིས་སྨྲས་པ། ལྷ། ད་ནི་དགེ་སྦྱོང་གཽཏ་མའི་འདུན་ཁང་ཚིག་ན་གལ་ཏེ་དེས་རྔོ་ཐོག་ན་འདིར་མཆིས་ལ་ཞི་བར་བགྱིད་གྲང༌། དེས་རྒྱལ་པོ་དང་བཙུན་མོ་ཕྲེང་ལྡན་མ་དང༌། དབྱར་ཚུལ་མ་དང༌། བཙུན་མོའི་འཁོར་ཕྱ་མཁན་དྲང་སྲོང་བྱིན་དང་། སོ་ཕག་མཁན་མནའ་མི་དང༌། མགོན་མེད་ཟས་སྦྱིན་དང༌། ཙཁྲཎ་མོ་སོགས་དད་པ་ཅན་མང་པོ་ཅང་མི་ཟེར་བར་སེམས་ཁོང་དུ་ཆུད་ནས་འདུག་ཅིང༌། སྟོན་པ་དྲུག་དང་དེའི་སློབ་མ་རྣམས་ནི་རབ་ཏུ་དགའ་བར་གྱུར་ཏོ། །སངས་རྒྱས་ཀྱི་མཐུས་མེ་དེས་ཆོ་འཕྲུལ་ཆེན་པོའི་འདུན་ཁང་གི་དྲི་མ་ཐམས་ཅད་བསྲེགས་ནས་རང་ཉིད་ཞི་སྟེ་འདུན་ཁང་མཛེས་པར་གྱུར་པ་དང༌། རྒྱལ་པོ་དགའ་ནས་མུ་སྟེགས་ཅན་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་གྱིས་ད་ནི་ཁྱོད་ཀྱིས་སྟོན་ཅིག དེ་དག་སྤོབས་པ་མེད་ནས་ཅང་མི་ཟེར་རོ། །དེ་ནས་བཅོམ་ལྡན་འདས་ཆོ་འཕྲུལ་གྱི་འདུན་ཁང་དུ་བྱོན་པ་ལ་རྒྱལ་པོ་གསལ་རྒྱལ་གྱིས་ཐོག་མར་མཆོད་པའི་ཡོ་བྱད་དང་ཞལ་ཟས་བཤམས་ཏེ་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱིས་ཚེམས་ཤིང་ས་ལ་བཙུགས་མ་ཐག་ཏུ་སྐྱེས་ནས་རིན་པོ་ཆེ་སྣ་བདུན་གྱི་ལྗོན་པ་ཆུ་ཞེང་དཔག་ཚད་ལྔ་བརྒྱ་པ། མེ་ཏོག་ཤིང་རྟའི་འཕང་ལོ་ཙམ་པ། འབྲས་བྲེ་ལྔ་ཤོང་བའི་བུམ་པ་ཙམ་གྱི་འབྲས་བུ་ཅན། དྲི་བསུང་དང་ལྡན་པ་ཆོས་ཀྱི་སྒྲ་འབྱུང་བ་ཉི་འོད་ཟིལ་གྱིས་གནོན་པ་ཞིག་སྤྲུལ་ཏོ། །འདི་ནས་བརྩམས་ཏེ་ཟླ་བ་ཕྱེད་ཀྱི་བར་དུ་ཉིན་རེ་བཞིན་ཆོ་འཕྲུལ་རེ་མཐོང་བ་ཙམ་གྱིས་དད་པར་གྱུར་པའི་སྐྱེ་བོའི་ཚོགས་གྲངས་མེད་པ་ལ་ཆོས་བསྟན་པས་ལམ་གསུམ་ལ་སོ་སོར་ངེས་པར་མཛད་དོ། ། ཚེས་གཉིས་ལ་རྒྱལ་པོ་ཨུ་ཏྲ་ཡ་ནས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་སྐུའི་གཡས་གཡོན་དུ་རིན་པོ་ཆེའི་རི་གཉིས་ཤིན་ཏུ་མཐོ་བ་མཛེས་པ་ཁ་དོག་ལྔར་འཚེར་བ། མེ་ཏོག་དང་འབྲས་བུ་རབ་ཏུ་རྒྱས་བའི་ཤིང་སྣ་ཚོགས་སྐྱེས་པ་གཡས་ཀྱི་རི་ལ་འབྲས་རོ་བརྒྱ་དང་ལྡན་པ་སྐྱེས་པ་ལ་མི་མང་པོ་དག་ཡིད་བཞིན་དུ་ཚིམ་པར་ཟའོ། །གཡོན་གྱི་རི་ལ་རྩྭ་བཟང་བ་སྐྱེས་པ་ལ་དུད་འགྲོའི་ཚོགས་ཟ་ཞིང་ཚིམ་པར་གྱུར་ཏོ། ། ཚེས་གསུམ་ལ་རྒྱལ་པོ་ཤུན་ཙི་ད་ལས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱིས་ཞབས་བསིལ་བའི་ཆུ་ས་ལ་དོར་བ་རིན་པོ་ཆེའི་རྫིང་བུ་དཔག་ཚད་ཉིས་བརྒྱ་པ་རིན་པོ་ཆེ་སྣ་བདུན་གྱིས་སྤྲས་ཤིང་པདྨཁ་དོག་སྣ་ཚོགས་པས་གང་བ། དེ་དག་གི་ཁ་དོག་དང་རྗེས་སུ་མཐུན་པའི་འོད་ཟེར་གྱིས་གནམ་ས་ཀུན་སྣང་བར་བྱས་པས་འཁོར་ཐམས་ཅད་ཀྱིས་རྫིང་དེ་ལ་བལྟ་ཞིང་བསྟོད་དོ། ། ཚེས་བཞི་ལ་རྒྱལ་པོ་ཨིབྷཝརྨིས་བསྙེན་བཀུར་བ་ན་རིན་པོ་ཆེའི་རྫིང་དེའི་ས་བཞིར་ཡུར་བ་ཆེན་པོ་བརྒྱད་བརྒྱད་ལ་ཆུ་འབབ་པ་ལས་ཆོས་ཀྱི་སྒྲ་འབྱུང་བ་ཕྱིར་ཡང་འཁོར་ཞིང་རྫིང་ཉིད་དུ་འབབ་པ་སྤྲུལ་ཏོ། ། ཚེས་ལྔ་ལ་རྒྱལ་པོ་ཚངས་བྱིན་གྱིས་བསྙེན་བཀུར་བ་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསེར་གྱི་འོད་བཀྱེ་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་དེས་རེག་པའི་སེམས་ཅན་ཀུན་སྡུག་བསྔལ་གསུམ་དང་སྒྲིབ་པ་ལྔ་དང་བྲལ་ནས་ལུས་དང་སེམས་རབ་ཏུ་བདེ་བར་གྱུར་ཏོ། ། ཚེས་དྲུག་ལ་ལི་ཙ་བྱི་རྣམས་ཀྱིས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་དག་གཅིག་གི་བསམ་པ་གཅིག་གིས་ཤེས་པ་དང་སོ་སོའི་དགེ་བ་དང་མི་དགེ་བའི་ལས་ཀྱང་རྟོགས་པར་མཛད་པས་ཐམས་ཅད་དགའ་སྟེ་བསྟོད་དོ། ། ཚེས་བདུན་ལ་ཤུཀྱ་རྣམས་ཀྱིས་བསྙེན་བཀུར་བ་ན་འཁོར་དེ་དག་སོ་སོར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་རིན་པོ་ཆེ་སྣ་བདུན་དང་བུ་སྟོང་དང་ལྡན་ཞིང་རྒྱལ་ཕྲན་དང་བློན་པོ་རྣམས་ཀྱིས་བསྟི་སྟང་བྱེད་པར་མཐོང་བས་སྤྲོ་བ་སྐྱེས་སོ། ། ཚེས་བརྒྱད་ལ་བརྒྱ་བྱིན་གྱིས་སྤྱན་དྲངས་ཏེ་བཅོམ་ལྡན་འདས་ཀྱིས་ཞབས་གཡས་པ་དྲི་གཙང་ཁང་གི་ནང་དུ་བསྣུན་མ་ཐག་གཡོས་པས་སྟོན་པ་དྲུག་གིས་གྲོགས་སུ་ཤོག་ཅིག་བྱསཔའི་དྲང་སྲོང་ལྔ་བརྒྱ་པོས་བརྡ་བྱས་པའོ་སྙམ་ནས་དེར་དོང་པ་དང༌། སྐུ་ལས་འོད་ཟེར་བཀྱེ་བས་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཉི་མ་ལྟར་མཛེས་པ་མཐོང་ནས་དད་པས་རབ་ཏུ་བྱུང་ནས་དགྲ་བཅོམ་སྟེ། བཅོམ་ལྡན་འདས་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་ཆོ་འཕྲུལ་ཆེན་པོའི་འདུན་ཁང་དུ་བྱོན་ནས་འཁོར་བརྒྱ་ཕྲག་དུ་མའི་གུང་ལ་བརྒྱ་བྱིན་གྱིས་བཤམས་པའི་སེང་གེའི་ཁྲི་ལ་བཞུགས་སོ། །དེའི་ཚེ་མོའུ་འགལ་གྱི་བུ་ཆེན་པོས་བདག་གི་རྫུ་འཕྲུལ་གྱིས་མུ་སྟེགས་འདི་རྣམས་ཕམ་པར་བགྱིའོ། །བཀའ་སྩལ་པ། མུ་སྟེགས་འདི་རྣམས་ང་རྫུ་འཕྲུལ་ལ་འབོད་པས་ང་ཉིད་ཀྱིས་རྫུ་འཕྲུལ་བསྟན་པར་བྱའོ། །ཞེས་གསུངས་ནས་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། དེ་བཞིན་གཤེགས་པ་མུ་སྟེགས་ཅན་དང་ལྷན་ཅིག་ཏུ་རྫུ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། རྒྱལ་པོ་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ཅི་ནས་ཀྱང་རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་དུ་གསོལ། བཅོམ་ལྡན་འདས་ཉིད་ཀྱི་གདན་ལས་མི་སྣང་བར་གྱུར་ནས། ཕྱོགས་བཞིར་གཤེགས་པ་དང༌། བཞེངས་པ་དང༌། བཞུགས་པ་དང༌། གཟིམས་པའི་སྤྱོད་ལམ་བཞི་མཛད་ཅིང་འོད་ཟེར་སྣ་ཚོགས་པ་འབྱིན། སྐུའི་སྨད་ནས་མེ་འབར་སྟོད་ནས་ཆུའི་རྒྱུན་འབེབས་པ་དང༌། གོ་ཟློག་པ་དག་ཀྱང་མཛད་དེ། འདི་ནི་ཉན་ཐོས་དང་ཐུན་མོང་བའི་ཆོ་འཕྲུལ་ཡིན་ནོ་ཞེས་གསུངས་ནས་སེང་གེའི་ཁྲི་ལ་བཞུགས་པ་ལ། ཚངས་པ་དང་བརྒྱ་བྱིན་གྱིས་གཡས་གཡོན་ནས་མཆོད་དེ་བསྙེན་བཀུར་རོ། །ཡང་བཀའ་སྩལ་པ། རྒྱལ་པོ་ཆེན་པོ། །དེ་བཞིན་གཤེགས་པ་ལ་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། གསལ་རྒྱལ་གྱིས་ཀྱང་བདག་ལགས་སོ། །ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་རེག་པས་ཀླུ་རྣམས་ཀྱིས་པདྨཤིང་རྟའི་འཕང་ལོ་ཙམ་གསེར་གྱི་འདབ་མ་སྟོང་དང་ལྡན་པ་རྡོ་རྗེའི་ཟེ་བ་ཅན་ཕུལ་བ་ས་བརྟོལ་ནས་ཕྱུང་བ་དང༌། བཅོམ་ལྡན་འདས་པདྨདེའི་སྙིང་པོ་ལ་བཞུགས་སོ། །དེ་བཞིན་དུ་པདྨདེ་འདྲ་བ་རབ་ཏུ་མང་པོ་བྱུང་བ་རེ་རེ་ལ་སྤྲུལ་པའི་སངས་རྒྱས་མང་པོ་བཞུགས་པས་འོག་མིན་གྱི་བར་དུ་གང་ཞིང་སངས་རྒྱས་དེ་དག་ཁ་ཅིག་ནི་འབར། ཁ་ཅིག་ནི་གསལ་བར་མཛད། ཁ་ཅིག་ནི་ཆར་འབེབས། ཁ་ཅིག་ནི་གློག་འབྱིན། ཁ་ཅིག་ནི་ཀུན་ཤེས་པ་ལུང་སྟོན། ཁ་ཅིག་ནི་ཞུ་བ་ཞུ། ཁ་ཅིག་ནི་ལན་འདེབས། ཁ་ཅིག་ནི་འཆག་པར་མཛད། ཁ་ཅིག་ནི་བཞེས། ཁ་ཅིག་ནི་བཞེངས། ཁ་ཅིག་ནི་བཞུགས། ཁ་ཅིག་ནི་གཟིམས་ཏེ་ཇི་ལྟར་བྱིན་པ་རྣམས་ཀྱིས་ཀྱང་སྒྲིབ་པ་མེད་པར་སངས་རྒྱས་ཀྱི་སྐུ་མཐོང་བ་དེ་ལྟར་བྱིན་གྱིས་བརླབས་སོ། །ཡུལ་སོ་སོ་ནས་ལྷགས་པའི་རྒྱལ་པོ་འཁོར་དང་བཅས་པ་དང༌། ལྷ་དང་མི་འབུམ་ཕྲག་དུ་མ་ཆོ་འཕྲུལ་ལ་མིག་མི་འཛུམ་པར་བལྟ་ཞིང་རྒྱུན་མི་འཆད་པར་ཕྱག་འཚལ། །དགའ་བ་སྐྱེས་ནས་མེ་ཏོག་དང་སྤོས་ཀྱི་ཕྱེ་མ་དག་གིས་གཏོར་ཏོ། །སྤྲུལ་པའི་སངས་རྒྱས་རྣམས་ཀྱིས་ཀྱང༌། བརྩམས་པར་བྱ་ཞིང་ཞེས་པ་ལ་སོགས་པ་ཚིགས་སུ་བཅད་པ་དག་གསུངས་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱིས་མཚན་མ་ཟུངས་ཤིག །ཅེས་གསུངས་པའི་མོད་ལ་མི་སྣང་བར་གྱུར་ཏོ། ། གསལ་རྒྱལ་གྱིས་སྟོན་པ་དྲུག་ལ་སྨྲས་པ། ཀྱེ་བཅོམ་ལྡན་འདས་ཀྱིས་ནི་ཆོ་འཕྲུལ་བསྟན་ཟིན་གྱིས། ཁྱེད་རྣམས་ཀྱི་རེས་ལ་བབ་པས་སྟོན་ཅིག དེའི་ཚེ་རྫོགས་བྱེད་ཅང་མི་སྨྲ་བར་གནག་ལྷས་ཀྱི་བུ་ལ་གྲུ་ཕུག་བྱས་པས། དེས་ཀྱང་ཡང་དག་རྒྱལ་བ་ཅན་ལ། དེས་ཀྱང་མི་ཕམ་པ་ལ། དེས་ཀྱང་ཀུ་ˆའི་བུ་ནོག་ཅན་ལ། དེས་ཀྱང་གཉེན་གྱི་བུ་ལ། དེས་ཀྱང་རྫོགས་བྱེད་ལ་བྱས་སོ། །རྒྱལ་པོས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཅང་མི་ཟེར་བར་གཅིག་ལ་གཅིག་གྲུ་ཕུག་བྱེད་ཅིང་ཡུལ་ཡུལ་པོ་དང་ཞུམ་ཞུམ་པོར་གྱུར་ནས་མགོ་སྨད་ཅིང་སྤོབས་པ་མེད་དེ་སེམས་ཁོང་དུ་ཆུད་ནས་འདར་ཞིང་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གིས་སེང་གེའི་ཁྲི་མནན་པས་དེ་ལས་བ་ལང་གི་སྐད་ལྟ་བུའི་སྒྲ་ཆེན་པོ་གྲགས་མ་ཐག་སྲིན་པོ་ཆེན་པོ་ལྔ་བྱུང་ནས་སྟོན་པ་དྲུག་གི་ཁྲི་བཤིག་གོ །ཕྱག་ན་རྡོ་རྗེས་ནི་རྩེ་ལ་མེ་འབར་བའི་རྡོ་རྗེ་ཐོགས་ནས་སྟོན་པ་དྲུག་གི་མགོར་གཟས་ཤིང་རླུང་དམར་དང་ཆར་དྲག་པོ་བཏང་བས་སྟོན་པ་དྲུག་པོ་སྔངས་ཤིང་འཇིགས་སྐྲག་ནས་བྱེར་ཏེ། གནག་ལྷས་ཀྱི་བུ་རིའི་གསེབ་ཏུ་ཞུགས། ཡང་དག་རྒྱལ་བ་ཅན་ནི་རྩྭའི་ཚང་ཚིང་དུ། མི་ཕམ་སྐྲའི་ལ་བ་ཅན་ནགས་ཐིབས་པོར། ཀུ་ˆའི་བུ་ནོག་ཅན་འདུན་ཁང་དུ། གཉེན་གྱི་བུ་ནི་ལྷ་ཁང་དུ་བཞུགས་སོ། རྫོགས་བྱེད་ནི་རྫིང་དུ་ལྕེབས་ཏེ་དམྱལ་བ་ཆེན་པོར་སོང་ངོ༌། །དེ་ནས་རྫོགས་བྱེད་དང་མིང་གཅིག་པའི་སློབ་མའི་གཙོ་བོ་ཞིག་ཚབ་ཏུ་བསྐོས་ཏེ། སྟོན་པ་དྲུག་པོ་བྲམ་ཟེའི་གྲོང་དུ་བྲོས་སོ། །དེ་དག་གི་འཁོར་དགུ་ཁྲི་སངས་རྒྱས་ལ་དད་ནས་རབ་ཏུ་བྱུང་སྟེ་དགྲ་བཅོམ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱི་བ་སྤུའི་ཁུང་བུ་བརྒྱད་ཁྲི་ནས་འོད་བཀྱེ་སྟེ། འོད་རེ་རེ་ལ་པདྨི་སྟེང་དུ་སྤྲུལ་པའི་སངས་རྒྱས་ཆོས་འཆད་པ་བཞུགས་པར་བསྟན་ཏོ། ། དེ་ནས་ཚེས་དགུ་ལ་ཚངས་པས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་ཀྱི་སྐུ་ཚངས་པའི་གནས་ལ་ཐུག་གི་བར་དུ་མཐོ་བ་འོད་ཟེར་གྱིས་གནམ་ས་གསལ་བར་མཛད་དེ་ཆོས་བསྟན་ཏོ།། ཚེས་བཅུ་ལ་རྒྱལ་ཆེན་བཞིས་བསྙེན་བཀུར་བ་ན་སྲིད་པའི་རྩེ་ལ་ཐུག་གི་བར་གྱི་སྐུ་ལས་འོད་ཟེར་འབར་བར་གྱུར་ཏོ། ། ཚེས་བཅུ་གཅིག་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བསྙེན་བཀུར་བ་ན་སེང་གེའི་ཁྲི་ལ་བཞུགས་བཞིན་དུ་སྐུ་མི་སྣང་བར་མཛད་ནས་འོད་བཀྱེ་སྟེ་ཆོས་བསྟན་ཏོ། ། ཚེས་བཅུ་གཉིས་ལ་ཁྱིམ་བདག་ཙི་ཏས་བསྙེན་བཀུར་བ་ན་བཅོམ་ལྡན་འདས་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ནས་གསེར་གྱི་འོད་བཀྱེ་བས་དེས་རེག་པའི་སེམས་ཅན་ཀུན་བྱམས་པ་ལ་གནས་པར་མཛད་དོ། ། ཚེས་བཅུ་གསུམ་ལ་རྒྱལ་པོ་ཤུན་ཙི་ད་ལས་བསྙེན་བཀུར་བ་ན་སྟོན་པ་སེང་གེའི་ཁྲི་ལ་བཞུགས་པའི་སྐུའི་ལྟེ་བ་ནས་འོད་ཟེར་གཉིས་བྱུང་བ། སྐུ་ལས་འདོམ་བདུན་བར་དུ་ནམ་མཁའ་ལ་འཕགས་ནས་འོད་ཟེར་གཉིས་པོ་དེའི་སྟེང་ནས་པདྨགཉིས་བྱུང་བ་ལ་སྤྲུལ་པའི་སངས་རྒྱས་གཉིས་བྱུང་ཞིང༌། དེ་གཉིས་ཀྱི་ལྟེ་བ་ནས་ཀྱང་འོད་ཟེར་གཉིས་གཉིས་བྱུང་སྟེ་ཚུལ་དེ་འདྲ་བས་སྟོང་ཆེན་པོའི་འཇིག་རྟེན་གང་བར་སྤྲུལ་ཏོ། ། ཚེས་བཅུ་བཞི་ལ་རྒྱལ་པོ་ཨུ་དྲ་ཡ་ནས་བསྙེན་བཀུར་བ་ན་དེས་མེ་ཏོག་གཏོར་བ་དེ་དག་ཚངས་པའི་འཇིག་རྟེན་ལ་ཐུག་པའི་རིན་པོ་ཆེའི་ཤིང་རྟ་གསེར་ལྟར་འབར་བ་ནོར་བུ་རིན་པོ་ཆེས་སྤྲས་པ་སྟོང་ཉིས་བརྒྱ་ལྔ་བཅུར་གྱུར་ཅིང༌། དེ་རེ་རེའི་སྟེང་དུ་སྤྲུལ་པའི་སངས་རྒྱས་རེ་རེ་བཞུགས་ཏེ་འོད་ཀྱིས་སྟོང་གསུམ་མཐོང་བར་མཛད་དོ། ། ཚེས་བཅོ་ལྔའི་ཉིན་རྒྱལ་པོ་གཟུགས་ཅན་སྙིང་པོས་བསྙེན་བཀུར་བ་ན་སྣོད་ཐམས་ཅད་ཟས་རོ་བརྒྱ་དང་ལྡན་པས་གང་སྟེ་ཆོ་འཕྲུལ་བལྟ་བའི་འཁོར་ཐམས་ཅད་ཚིམ་པ་དང༌། བཅོམ་ལྡན་འདས་ཀྱིས་ཕྱག་ས་ལ་རེག་པས་དམྱལ་ཁམས་བཅོ་བརྒྱད་ཀྱི་སེམས་ཅན་སྡུག་བསྔལ་སྣ་ཚོགས་མྱོང་བ་མེ་འབར་བས་སྲེག་པ་སོགས་སྡུག་བསྔལ་གྱིས་མནར་བ་དག་བདག་ཅག་སྡུག་བསྔལ་འདི་ལྟ་བུ་མྱོང་ངོ་ཞེས་སྨྲ་བ་འཁོར་རྣམས་ཀྱིས་མཐོང་ཞིང་ཐོས་པས་སྐྲག་ཅིང་སྙིང་རྗེ་སྐྱེས་ལ། དམྱལ་བ་པ་རྣམས་ཀྱིས་ཀྱང་སངས་རྒྱས་མཐོང་ཞིང་སངས་རྒྱས་ཀྱི་ཕྱག་སོར་ལྔ་ལས་གསེར་བཙོ་མ་ལྟ་བུའི་འོད་ཟེར་ཐོན་ནས་འོད་དེས་དམྱལ་བ་པ་རྣམས་ཀྱི་ལུས་ལ་རེག་པ་ཙམ་གྱིས་སྡུག་བསྔལ་རྣམས་ཞི་ཞིང་ཆོས་ཐོས་མ་ཐག་མཐོ་རིས་སུ་སྐྱེས་སོ། །དེ་ལྟར་སྟོན་པས་མཉན་ཡོད་དུ་ཆོ་འཕྲུལ་ཆེན་པོ་བསྟན་པ་ན་ལྷ་དང་མི་དད་པ་ཅན་དག་གིས་གནས་དེར་ཆོ་འཕྲུལ་བསྟན་པའི་མཆོད་རྟེན་དབྱིབས་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེར་གློ་འབུར་དང་བཅས་པ་བརྩིགས་སོ། ། གཞན་ཡང་འདོད་ཆགས་ཅན་གཅུང་དགའ་བོ་དང་། ཞེ་སྡང་ཅན་སོར་མོའི་ཕྲེང་བ་ཅན། གཏི་མུག་ཅན་ལམ་ཆུང་པ། མཚམས་མེད་ཀྱི་ལས་གསོག་པ་རྒྱལ་པོ་མ་སྐྱེས་དགྲ། རྣམ་སྨིན་ལྕི་བ་སེར་སྐྱའི་བུ། མདོག་ཉེས་པ་གསལ་རྒྱལ་གྱི་བུ་མོ་རྡོ་རྗེ་ལ་སོགས་པའི་ཁམས་དང་མོས་པ་སྣ་ཚོགས་པའི་གདུལ་བྱ་བགྲང་ལས་འདས་པའི་ཆེད་དུ་རིམ་གྱིས་ལྷ་དང་མིའི་ཡུལ་སྣ་ཚོགས་སུ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར། བཅུ་གཉིས་པ་མྱ་ངན་ལས་འདས་པའི་མཛད་པ་ནི། དེ་ལྟར་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་སྐུ་དངོས་ཀྱི་གདུལ་བྱ་རེ་ཞིག་རྫོགས་ལ་ཉེ་བ་ན་བདུད་སྡིག་ཅན་དག་གིས་སྟོན་པ་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་ལྟར་ཟླ་བ་གསུམ་གྱི་རྗེས་སུ་མྱ་ངན་ལས་འདའ་བ་ཞལ་གྱིས་བཞེས་སོ། །དེའི་ཚེ་ས་གཡོ་བ་དང་། སྐར་མདའ་ལྟུང་བ། ཕྱོགས་རྣམས་ཚིག་པ་ལ་ཀུན་དགའ་བོས་སྟོན་པ་ལ་དེ་དག་གང་གི་ལྟས་ཡིན་ཞེས་གསོལ་བར། སྟོན་པ་མྱ་ངན་ལས་འདའ་བའི་ལྟས་སུ་གསུངས་པས་ཀུན་དགའ་བོ་མྱ་ངན་གྱིས་ཡོངས་སུ་གཟིར་ཏེ་སངས་རྒྱས་མྱ་ངན་ལས་མི་འདའ་བར་ཡང་ཡང་གསོལ་ཡང་ཞལ་གྱིས་མ་བཞེས་པར་རྩྭ་ཅན་གྱི་གྱད་རྣམས་ལ་སངས་རྒྱས་མྱུར་བར་མྱ་ངན་ལས་འདའ་ཚུལ་སྨྲོས་ཏེ་དེ་དག་ལ་ཆོས་གསུངས། སྐུ་དངོས་ཀྱི་གདུལ་བྱའི་ཐ་མ་དྲི་ཟའི་རྒྱལ་པོ་རབ་དགའ་དང་མུ་སྟེགས་ཀྱི་སྟོན་པ་རབ་བཟང་བཏུལ་ནས་ཆོས་བསྟན། ཀུན་དགའ་བོ་ལ་སྟོན་པ་བདེ་བར་གཤེགས་པའི་རྗེས་སྐུ་གདུང་ཇི་ལྟར་བྱ་བ་དང་། བཀའ་བསྡུ་བྱ་ཚུལ་སོགས་གདམས་ཏེ་དགུང་ལོ་བརྒྱད་ཅུ་(མེ་འབྲུག་སྤྱི་ལོ་སྔོན་༥༤༥)པའི་དཔྱིད་ཐ་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན་རྩྭ་ཅན་དུ་གློ་གཡས་ས་ལ་ཕབ་སྟེ་མྱ་ངན་ལས་འདས་པའི་ཚུལ་བསྟན། དེའི་ཚེ་ཀུན་དགའ་བོ་སོགས་འཁོར་གྱི་ཉན་ཐོས་དང་། རྒྱལ་པོ་དང་། བློན་པོ་སོགས་རྩྭ་ཅན་གྱི་མི་ཚོགས་དང་། ཚངས་པ་དང་བརྒྱ་བྱིན་སོགས་མྱ་ངན་གྱིས་ཡོངས་སུ་གཟིར་ཏེ། ཁ་ཅིག་ནི་ཆོ་ངེ་འདོན་པ་དང་། ལ་ལ་ནི་འགྲེ་ལྡོག་བྱེད་པ། གཞན་དག་ནི་མྱ་ངན་གྱིས་བརྒྱལ་བར་གྱུར་ཏོ། །དེ་ནས་སངས་བ་ན་ཀུན་དགའ་བོས་སྟོན་པས་ཇི་ལྟར་བསྒོས་བ་ལྟར་སྟོན་པའི་སྐུ་གདུང་ལ་ཤིང་བལ་གྱི་འདབ་མ་དང་རས་ཡུག་ལྔ་བརྒྱས་དཀྲིས་ཤིང་འབྲི་མར་གྱིས་བཀང་བའི་ལྕགས་ཀྱི་སྒྲོམ་དུ་བཅུག ལྕགས་ཁེབས་གཉིས་ཀྱིས་བཀབ་སྟེ་ཙན་དན་སོགས་དྲི་ཞིམ་པོའི་ཤིང་གིས་སྤུངས་པས་མེ་རང་འབར་དུ་གྱུར། གྱད་རྣམས་ཀྱིས་མེ་འོ་མས་བསད་དེ། རྩྭ་ཅན་དང་མ་ག་དྷ་སོགས་ཡུལ་བརྒྱད་དུ་སྐུ་གདུང་གི་རིང་བསྲེལ་ཆ་བརྒྱད་བགོས་ཏེ་མཆོད་རྟེན་བརྒྱད་བཞེངས་སོ། ། འདི་དག་ལ་ཐེག་པ་ཆེན་པོ་དག་གིས་ནི་ཐུབ་པ་ཆེན་པོ་སྔར་ནས་འོག་མིན་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་སྤྲུལ་པའི་སྐུ་རྣམས་འཇིག་རྟེན་གྱི་ཁམས་སྣ་ཚོགས་པར་ནམ་མཁའི་ཟླ་གཟུགས་ཆུ་བོ་ཀུན་གྱི་ནང་དུ་ཤར་བ་ལྟར་ཞིང་འདིར་སྟོན་པས་སྐུ་འཁྲུངས་པ་དང་། ཁྱིམ་པའི་མཛད་པ། རབ་ཏུ་བྱུང་བའི་མཛད་པ་སོགས་གདུལ་བྱའི་སྣང་ངོར་བསྟན་པ་ཙམ་དུ་འདོད་དེ། རྒྱུད་བླ་མར། ཡང་དག་སངས་རྒྱས་དེར་སངས་རྒྱས། ། སྤྲུལ་པ་པོ་གཅིག་འདིར་འཚང་རྒྱ། ཞེས་གསུངས་སོ། ། ཐུབ་པའི་ཉན་ཐོས་ཆེན་པོ་དག་གིས་ནི་ཚོགས་ལམ་ཆེན་པོ་མན་ཆད་དུ་བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་རྫོགས་ཤིང་། ཟས་གཙང་གི་སྲས་སུ་སྐྱེ་བ་བཞེས་ནས་དགུང་ལོ་སོ་ལྔའི་དཔྱིད་ཟླ་ར་བའི་ཚེས་བཅོ་ལྔའི་དགུང་མོ་བར་སོ་སྐྱེ་དང་། དེའི་དགུང་མོར་སྦྱོར་ལམ་དྲོད་མངོན་དུ་བྱས་པ་ནས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག་སྟེ་སྦྱོར་ལམ་སྟན་གཅིག་པར་མཐོང་སྒོམ་ཀྱི་ལམ་རྣམས་མངོན་དུ་བྱས། ཞོགས་པ་ཐོ་རེངས་ཉའི་སྐྱ་རེངས་ཤར་བའི་ཚེ་མངོན་པར་རྫོགས་པར་གསར་དུ་སངས་རྒྱས་པ་ལས་སྤྲུལ་གཞི་འོག་མིན་རྟེན་ཅན་གྱི་ལོངས་སྐུ་ཁས་མི་ལེན་པས། སྟོན་པ་སྤྲུལ་པའི་སྐུ་ཡིན་པའང་ཁས་མི་ལེན་ཞིང་མྱ་ངན་ལས་འདས་པ་དང་རིག་པ་རྒྱུན་ཆད་པར་འདོད་དོ། ། ཐེག་པ་ཆེན་པོ་བ་དག་གིས་སྟོན་པ་མྱ་ངན་ལས་འདས་པ་ནི་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་གདུལ་བྱའི་སྣང་ངོ་ཁོ་ན་ཡིན་གྱི། ངེས་དོན་དུ་སྟོན་པ་མྱ་ངན་ལས་འདའ་པ་དང་དམ་པའི་ཆོས་ནམ་ཡང་ནུབ་པར་མེད་དེ། མདོ་སྡེ་གསེར་འོད་དམ་པ་ལས། སངས་རྒྱས་མྱ་ངན་ཡོངས་མི་འདས། ། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། ། ཡོངས་སུ་མྱ་ངན་འདའ་བ་སྟེ། །ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། ཇི་ལྟར་མེ་ནི་གཞན་དུ་འབར། ། གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། ། སྣང་དང་མི་སྣང་ཤེས་པར་བྱ། །ཞེས་གསུངས་སོ།། དགེ་ལེགས་ཐུགས་བསྐྱེད་མ་དྲོས་རོལ་པའི་རླབས།། ཚོགས་གཉིས་གསེར་གྱི་བྱེ་མ་དང་འགྲོགས་ཏེ། ། རྨད་བྱུང་ཁ་འབབ་རྣམ་བཞིའི་གསུང་གི་རྒྱུན།། འགྲོ་ཁམས་མོས་པ་རྒྱ་མཚོའི་ཀློང་ན་སིམ།། བསྐལ་བཟང་རྣམ་འདྲེན་རྒྱུ་སྐར་ཕྲེང་བའི་དབུས།། ཐུགས་བསྐྱེད་དཀྱིལ་འཁོར་རྫོགས་པའི་མཛད་བཟང་འཕྲིན།། གཡོ་མེད་རྒྱ་མཚོའི་རླབས་དང་འགྲོགས་པ་ཡི།། དཔལ་སྟུག་མཆོག་ཁྱོད་བདེ་འབྱུང་གཙུག་གི་རྒྱན།།ཞེས་ཀྱང་སྨྲས་སོ།།

(༥) སྟོན་པའི་གཏད་རབས་དང་བཀའ་བསྡུ་རིམ་པར་བྱུང་ཚུལ། སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་པ་ཡོངས་རྫོགས་ཉན་ཐོས་འོད་སྲུང་ཆེན་པོ་ལ་གཏད་ནས་ཞིང་འདིའི་གདུལ་བྱའི་སྣང་ངོར་མྱང་ངན་ལས་འདས་པའི་ཚུལ་བསྟན་པ་དང་། ཐུབ་པའི་ཉན་ཐོས་དགྲ་བཅོམ་པ་བརྒྱ་ཕྲག་དུ་མ་ཉིན་རེ་བཞིན་མྱ་ངན་ལས་འདས། དེའི་ཚེ་ཐུབ་པའི་རྒྱལ་ཚབ་ཉན་ཐོས་འོད་སྲུང་ཆེན་པོས་འཁོར་རྣམ་བཞིའི་གདུལ་བྱ་ལེགས་པར་བསྐྱངས་ཤིང་སངས་རྒྱས་ཀྱི་བཀའ་བསྡུ་དང་པོ་བྱས་པ་སོགས་བསྟན་པ་ལ་རྨད་དུ་བྱུང་བའི་མཛད་རྗེས་རླབས་ཆེན་བཞག་ཅིང་། དེ་ལ་ཉན་ཐོས་འོད་སྲུང་ཆེན་པོ་ནི་བྲམ་ཟེ་‹ནཻགྲོདྷ་ཞེས་བྱ་བའི་རིགས་སུ་འཁྲུངས་ཤིང་། གཞོན་ནུ་ཉིད་ནས་ཐར་པའི་དགེ་མཚན་དང་འཁོར་བའི་ཉེས་དམིགས་མཐོང་སྟེ་ཡབ་ཀྱིས་བླངས་པའི་བྲམ་ཟེ་སེར་སྐྱ་བཟང་མོ་ཞེས་པ་བུད་མེད་གསེར་གྱི་མདོག་ཅན་འཇིག་རྟེན་ན་དཀོན་པ་དེ་དང་མཉམ་དུ་ལོ་མང་བསྡད་ཀྱང་འདོད་པའི་ཆགས་པ་རིང་དུ་བཏང་སྟེ། གཉིས་ཀ་མཉམ་དུ་ཁྱིམ་ནས་ཁྱིམ་མེད་པར་སྟོན་པ་ཐུགས་རྗེ་ཅན་གྱི་དྲུང་དུ་རབ་ཏུ་བྱུང་། སྡེ་སྣོད་གསུམ་ལ་སྦྱངས་པས་མི་རིང་བར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས། སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་དབྱར་དེར་ཉན་ཐོས་ཆེན་པོ་འོད་སྲུང་དགེ་འདུན་དང་བཅས་ཤིང་‹ནཻགྲོ་དྷི་ཕུག་པར་རྒྱལ་པོ་མ་སྐྱེས་དགྲས་མཐུན་རྐྱེན་སྦྱར་ནས་དབྱར་གནས་མཛད། དེའི་ཚེ་ཐུབ་པའི་ཉན་ཐོས་ཕལ་ཆེ་བ་མྱ་ངན་ལས་འདས་པའི་ཚུལ་ལ་གཟིགས་ནས་སྟོན་པ་སངས་རྒྱས་ཀྱི་བཀའ་བསྡུས་ཏེ་ཡིག་ཐོག་ཏུ་མ་བཀོད་ན་བསྟན་པ་ཉམས་པར་དོགས་ཀྱང་། ཐོག་མར་ཐོས་པ་མང་བའི་མཆོག་ཉན་ཐོས་ཀུན་དགའ་བོས་འབྲས་བུ་བཞི་མངོན་དུ་མ་བྱས་པར་བཀའ་ཐམས་ཅད་བསྡུ་བར་མི་ནུས་ཤིང་དེ་ཡང་བརྩོན་པའི་སྟོབས་ཆེས་ཆེར་མ་བསྐྱེད་ན་དགྲ་བཅོམ་པ་ཐོབ་པར་མི་ནུས་པའི་ཚུལ་མངོན་པར་ཤེས་པས་གཟིགས་ནས་ཀུན་དགའ་བོ་ལ་ཉེས་པ་བརྒྱད་བགྲངས་ཏེ་གནས་ནས་ཕྱུང་། དེས་བརྩོན་འགྲུས་ཀྱི་སྟོབས་ཆེས་ཆེར་བསྐྱེད་པས་མི་རིང་བར་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱས་པ་དང་། སླར་ཡང་འོད་སྲུང་ཆེན་པོས་ཀུན་དགའ་བོ་‹ནཻགྲོདྷའི་ཕུག་པར་དྲངས་ཏེ་བདེ་བར་གཤེགས་པའི་བཀའ་བསྡུ་བར་མ་བྱས་ན་བསྟན་པ་རིན་པོ་ཆེ་མྱུར་བར་ནུབ་པར་འགྱུར་བས་སངས་རྒྱས་ཀྱི་བཀའ་བསྡུ་བ་སྤྲོའམ་ཞེས་ལན་གསུམ་དྲིས། གསོལ་གཞིའི་ལས་ཀྱི་མདོ་སྡེ་བསྡུ་བར་བསྐོས། དེ་ནས་‹ནཻགྲོ་དྷའི་ཕུག་པའི་ནང་དུ་དགྲ་བཅོམ་པ་ལྔ་བརྒྱའི་ཆོས་གོས་བརྩེགས་པ་ཁྲིར་བྱས་ཏེ་དེའི་ཐོག་ལ་ཉན་ཐོས་ཀུན་དགའ་བོས་མདོ་སྡེའི་སྡེ་སྣོད་ཡོངས་སུ་རྫོགས་པར་བློ་ཐོག་ནས་ཤར་ཤར་གསུངས་ཏེ་བསྡུས། དེ་ནས་འོད་སྲུང་ཆེན་པོ་ཆོས་ཀྱི་ཁྲི་ལ་བཞུགས་ནས་མངོན་པའི་སྡེ་སྣོད་དང་། ཉན་ཐོས་ཉེ་བར་འཁོར་གྱི་འདུལ་བའི་སྡེ་སྣོད་ཡོངས་སུ་རྫོགས་པར་བསྡུས། སྟོན་པའི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད། མཁས་པ་ཁ་ཅིག་གིས་སངས་རྒྱས་ཀྱི་བཀའ་ཡི་གེར་བཀོད་པ་འདི་ནས་ཁོ་ནར་འགོ་འཛུགས་པར་བཤད་ཅིང་། ལ་ལ་སངས་རྒྱས་ཞལ་བཞུགས་ཀྱི་དུས་ནས་རྒྱལ་པོ་ཤར་བའི་བཙུན་མོ་སྔོ་བསངས་མ། །བུད་མེད་ཀྱི་འཁོར་ལྔ་བརྒྱ་དང་བཅས་པས་མཚན་མོ་སྒྲོན་མེའི་འོད་ལ་སངས་རྒྱས་ཀྱི་བཀའ་བཀླགས་པར་འདུལ་བ་ལུང་ལས་གསུངས་ཞེས་འདོད་པ་གཉིས་ལས། ཕྱི་མ་འཐད་པར་སེམས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོས། སངས་རྒྱས་ལ་དངོས་སུ་ཞུས་ནས་སྟོན་པའི་སྐུ་བརྙན་དང་། བརྩམ་པར་བྱ་ཞིང་དབྱུང་བ་བྱ། །ཞེས་སོགས་ཀྱི་ཚིགས་གཅད་གཉིས་ཡི་གེར་བྲིས་ནས། རྒྱལ་པོ་ཨུ་ཏྲ་ཡ་ན་ལ་སྐྱེས་སུ་བསྐུར་བའི་གཏམ་རྒྱུད་ལྟར་སངས་རྒྱས་ཞལ་བཞུགས་པའི་དུས་སུ་ཡང་བཀའ་ཡི་གེར་འཁོད་པ་ཡོད་པས་སོ། ། དེ་ལྟར་བཀའ་བསྡུ་དང་པོ་སངས་རྒྱས་ནས་ཉན་ཐོས་འོད་སྲུང་ཆེན་པོས་བསྟན་པ་ཡོངས་རྫོགས་ཀུན་དགའ་བོ་ལ་གཏད་དེ་ཁྱོད་ཀྱིས་ཤ་ནིའི་གོས་ཅན་ཞེས་པའི་ཉན་ཐོས་ཤིག་འོང་བ་དེ་ལ་བསྟན་པ་གཏོད་ཅིག་ཅེས་བསྐུལ་ནས་རི་བོ་བྱ་རྐང་དུ་བྱོན་ནས་དེར་ཐུབ་པས་གནང་བའི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་བཞེས་ནས་རྩྭའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ཏེ་རྒྱལ་བ་མ་ཕམ་པ་འཇིག་རྟེན་དུ་བྱོན་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་མ་གྱུར་བར་དུ་སྐུ་ཕུང་མི་འཇིག་པར་བྱིན་གྱིས་བརླབས་ནས་མྱ་ངན་ལས་འདས། སྟོན་པའི་གཏད་རབས་གཉིས་པ་ཀུན་དགའ་བོས་བསྟན་པ་སྐྱོང་བའི་སྐབས་བྲམ་ཟེ་བྷར་དྷཛ་ཞེས་པ་སྒྱུ་མའི་རིག་སྔགས་ཤིན་ཏུ་མཁས་པ་ཞིག་མ་ག་དྷ་ཡོང་། སྟོན་པའི་ཉན་ཐོས་རྣམས་དང་ཆོ་འཕྲུལ་འགྲན་ཏེ། ཕྱོགས་བཞིར་གསེར་དངུལ་ཟངས་ལྕགས་ཀྱི་རི་བོ་བཞི་དང་སྐྱེད་མོས་ཚལ་དང་པདྨི་རྫིང་བུ་བཞི་བཞི་ཡོད་པ་རེ་སྤྲུལ་པར། ཀུན་དགའ་བོས་གླང་ཆེན་གཏུམ་པོ་མང་པོར་སྤྲུལ་ཏེ་པདྨརྣམས་ཟོས། རྫིང་བུ་རྣམས་དཀྲུགས། འཐོར་རླུང་གིས་ལྗོན་ཤིང་རྣམས་བཅག རྡོ་རྗེའི་ཆར་ཕབ་ཏེ་ར་བ་དང་རི་རྣམས་བཤིགས། སླར་ཡང་སྐུའི་བཀོད་པ་ལྔ་བརྒྱ་ཙམ་གཅིག་ཏུ་བསྟན་ནས་ལ་ལས་འོད་འབྱིན། ལ་ལས་ཆར་འབེབས་པ་སོགས་ཆོ་འཕྲུལ་རྣམ་པར་སྣ་ཚོགས་བསྟན་ཏེ། བྲམ་ཟེ་བྷར་དྷ་ཛ་འཁོར་ལྔ་བརྒྱ་དང་བཅས་པ་བཏུལ། གཞན་ཡང་དེར་འདུས་པའི་སྐྱེ་བོའི་ཚོགས་རྣམས་དད་པར་གྱུར་ཏེ་བདེན་པར་མཐོང་བ་ལ་བཀོད། དེའི་ཚེ་ཁྱིམ་བདག་ཤ་ནའི་གོས་ཅན་རྒྱ་མཚོར་རིན་པོ་ཆེ་ལེན་དུ་ཕྱིན་པ་ཚུར་འཁོར་ཏེ་སྟོན་པ་གང་ན་བཞུགས་དྲིས་པས། མྱ་ངན་ལས་འདས་སོ་ཞེས་ཐོས་མ་ཐག་བརྒྱལ། སླར་སངས་པ་དང་ཤུ་རིའི་བུ་དང་མོའུ་འགལ་གྱི་བུ་འོད་སྲུང་ཆེན་པོ་སོགས་གང་ན་བཞུགས་པ་དྲིས་པས། དེ་དག་ཀྱང་མྱ་ངན་ལས་འདས་སོ་ཞེས་ཐོས་པས་སླར་ཡང་བརྒྱལ། དེ་ལས་སངས་པ་དང་འོ་ན་ད་ལྟ་སྟོན་པའི་ཉན་ཐོས་གཙོ་བོ་སུ་བཞུགས་པ་དྲིས་པས། ཀུན་དགའ་བོ་ཡོད་པར་ཤེས་ནས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཀུན་དགའ་བོ་ཉན་ཐོས་དགེ་འདུན་དང་བཅས་པར་ལོ་ལྔ་བཅུའི་དུས་སྟོན་བྱས་ཤིང་། མཐར་ཤ་ནའི་གོས་ཅན་རང་ཉིད་ཀྱང་ཀུན་དགའ་བོའི་དྲུང་དུ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས། སྡེ་སྣོད་གསུམ་ལ་སྦྱངས་པས་མི་རིང་པར་དགྲ་བཅོམ་པར་གྱུར། ཀུན་དགའ་བོས་ཤ་ནའི་གོས་ཅན་ལ་བསྟན་པ་ཡོངས་རྫོགས་གཏད་དེ་དུས་ནམ་ཞིག་ན་ཁྱོད་ཀྱི་སློབ་མ་ཉེར་སྦས་ཞེས་པ་ཞིག་འབྱུང་བར་དེ་ལ་བསྟན་པ་གཏོད་ཅིག ཅེས་ལུང་བསྟན་ནས་མྱུར་བར་མྱ་ངན་ལས་འདའ་བར་བཞེད་དེ་ཆུ་བོ་གང་གུའི་འགྲམ་དུ་ཕྱིན། བྲམ་ཟེའི་ཆོས་རྒྱུད་འཛིན་པའི་སྟོན་པ་འཁོར་ལྔ་དང་བཅས་པ་ཞིག་བྱུང་ནས་ཀུན་དགའ་བོ་ལ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་གསོལ་བ་བཏབ། དེ་དག་རབ་ཏུ་བྱུང་བའི་དོན་དུ་ཀུན་དགའ་བོས་གངྒཱའི་དབུས་སུ་གླིང་ཆུང་ངུ་ཞིག་སྤྲུལ་ཏེ་ཉིན་མོའི་གུང་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་མ་ཐག་དགྲ་བཅོམ་པར་གྱུར་པས་དགྲ་བཅོམ་པ་ཉི་མ་གུང་པ་འམ་ཆུ་དབུས་པ་ཞེས་གྲགས། དེས་མཁན་པོ་ཀུན་དགའ་བོ་མྱ་ངན་ལས་འདའ་བར་ལྟ་བ་མ་བཟོད་ནས་དེའི་གོང་དུ་མྱ་ངན་ལས་འདའ་བར་འདོད་པ་ན་ཀུན་དགའ་བོས། ཁྱོད་མྱ་ངན་ལས་མ་འདའ་ཞིག ཁྱོད་སོང་ལ་ཁ་ཆེ་ཡུལ་དུ་བསྟན་པ་སྤེལ་ཅིག དེ་བཞིན་གཤེགས་པས་ཁ་ཆེ་ནི་བསམ་གཏན་གྱི་གནས་དང་མཐུན་པ་སྟེ། དེར་དགྲ་བཅོམ་པ་ཉི་མ་གུང་པ་ཞེས་བྱ་བས་སངས་རྒྱས་ཀྱི་བསྟན་པ་སྤེལ་བར་འགྱུར་རོ། ། ཞེས་ལུང་གིས་ཟིན་པ་ལྟར་གནས་དེར་ཕེབས། ཆོ་འཕྲུལ་དུ་མས་ཀླུ་མི་སྲུན་པ་རྣམས་བཏུལ་བས་ཡུལ་དེའི་མི་རྣམས་དད་པ་ཆེས་ཆེར་འཕེལ། སྡེ་སྣོད་གསུམ་གྱི་ཆོས་གསུངས་པས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བ་ནས་དུས་ཕྱིས་ཏུ་རི་ཁའི་དམག་གིས་འཇིགས་པ་མ་བྱུང་བར་དུ་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་གྱུར་ཏོ། ། ཀུན་དགའ་བོ་མྱ་ངན་ལས་འདས་པའི་རྗེས་སྟོན་པའི་གཏད་རབས་གསུམ་པ་ཤ་ནའི་གོས་ཅན་གྱིས་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་དྲུག་ན་གནས་པའི་འཁོར་རྣམ་བཞིའི་གདུལ་བྱ་བགྲང་ལས་འདས་པ་ལ་སྡེ་སྣོད་གསུམ་གྱི་ཆོས་བསྟན་ནས་བསྟན་པ་རིན་པོ་ཆེ་ཡུན་རིང་བསྐྱངས་ཤིང་། དགྲ་བཅོམ་སོགས་འབྲས་བུ་བཞི་ཅི་རིགས་པ་ཐོབ་པ་ཤིན་ཏུ་མང་པོ་བྱུང༌། མཐར་གྲོང་ཁྱེར་བཅོམ་བརླགས་ཀྱི་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ལ་བསྟན་པ་ཡོངས་རྫོགས་གཏད་དེ་ལྷག་མེད་དུ་མྱ་ངན་ལས་འདས། སྟོན་པའི་གཏད་རབས་བཞི་པ་ཉེར་སྦས་ཀྱིས་འཁོར་རྣམ་བཞི་ལ་སྡེ་སྣོད་གསུམ་གྱི་ཆོས་ཚུལ་རྒྱ་ཆེར་སྤེལ་ཞིང་། སྐབས་ཤིག་ཏུ་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་འཁོར་ཤིན་ཏུ་མང་པོ་ལ་ཆོས་སྟོན་པ་ན་བདུད་སྡིག་ཅན་གྱིས་བར་དུ་གཅོད་པར་རྩོམ་སྟེ་ཉིན་དང་པོར་འབྲུའི་ཆར་ཕབ། དེ་ནས་རིམ་པ་བཞིན་གོས་དང༌། དངུལ། གསེར་གྱི་ཆར་ཕབ་པས་ཆོས་ཉན་པའི་སྐྱེ་བོའི་ཚོགས་ཇེ་ཉུང་དུ་གྱུར། སླར་ཡང་བདུད་ཀྱི་བུད་མེད་ཕྲུ་གུ་དང་བཅས་པས་གར་མཁན་སོ་དྲུག་ཏུ་སྤྲུལ་ཏེ་སྒྱུ་རྩལ་སྣ་ཚོགས་ཀྱི་གར་དང་རོལ་དབྱངས་ལ་རྩེན་པས་སྐྱེ་བོའི་ཚོགས་ཀུན་དེར་འདུས་ཏེ་འཁོར་དུ་ཆོས་ཉན་པའི་སྐྱེ་བོ་གཅིག་ཀྱང་མེད་པར་གྱུར། དེའི་ཚེ་འཕགས་པ་ཉེར་སྦས་རང་ཉིད་ཀྱང་མེ་ཏོག་གི་ཕྲེང་བ་ཐོགས་ཏེ་གར་མཁན་དེ་དག་གི་གམ་དུ་ཕེབས། དེ་དག་ལ་བསྔགས་པ་བརྗོད་དེ་མེ་ཏོག་གི་ཕྲེང་བ་རེ་གཡོགས་པས་དེ་མ་ཐག་འཕགསཔའི་རྫུ་འཕྲུལ་གྱི་མཐུ་ལས་གར་མཁན་དེ་དག་སྐད་ཅིག་དེ་ཉིད་ལ་ལུས་རྒས་ཤིང་འཁོགས་པ་དང་། དྲི་ངན་གྱིས་ཁྱབ་པ། ཁྱི་རོ་རེ་སྐེ་ལ་འདོགས་པ། མཐོང་བ་ཙམ་གྱིས་སྐྱུགས་བྲོ་ཞིང་ཞེ་མེར་བར་གྱུར་པས། ལྟད་མོ་བ་རྣམས་སྣ་ལག་པས་བཀབ་སྟེ་ཕྱོགས་དང་ཕྱོགས་སུ་བྲོས་ཏེ་བལྟས། བདུད་འཁོར་བཅས་ཀྱང་སྐྲག་ཅིང་དངངས་ནས་སེམས་མི་དགའ་བར་གྱུར། འཕགས་པ་ཉེར་སྦས་ལ་ཕྱག་དང་བཅས་ཕྱིན་ཆད་ཆོས་བསྟན་པར་བར་དུ་མི་གཅོད་པའི་དམ་བཅའ་ཕུལ། འཕགས་པས། ཁྱོད་ཀྱིས་སངས་རྒྱས་ཀྱི་སྐུ་མཇལ་མྱོང་བས་བདེ་བར་གཤེགས་པའི་སྐུ་ཇི་ལྟར་བཞིན་སྤྲུལ་ནས་ང་ལ་སྟོན་ཅིག་ཅེས་བགོས་པས། བདུད་ཀྱིས་མཚན་དང་དཔེ་བྱད་བཟང་པོས་སྤྲས་པའི་སྐྱེས་བུ་ཆེན་པོ་སངས་རྒྱས་སྐུ་དངོས་འཚོ་ཞིང་བཞུགས་པ་ཇི་འདྲ་བ་དེ་འདྲ་ཞིག་ཏུ་སྤྲུལ་པ་དང༌། འཕགས་པས། སངས་རྒྱས་ཕྱག་འཚལ་ལོ། ཞེས་ཕྱག་བྱས་མ་ཐག་བདུད་ཀྱིས་འཕགས་པའི་ཟིལ་མ་བཟོད་ནས་དེ་ཉིད་དུ་མི་སྣང་བར་གྱུར། དེ་ནས་བཟུང་ཇི་སྲིད་འཚོ་བའི་བར་དུ་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་བཞུགས་ནས་ཆོས་བསྟན་པས། ཕུག་པ་སྲིད་དུ་ཁྲུ་བཅོ་བརྒྱད་པ། རྒྱར་ཁྲུ་བཅུ་གཉིས་དང་། དཔངས་ལ་ཁྲུ་དྲུག་ཡོད་པ་ཞིག་གི་ནང་དུ་ཁོང་གི་སློབ་མ་དགྲ་བཅོམ་པ་རེས་ཤིང་བུ་རེ་འཕངས་པས་ནམ་ཞིག་ན་ཕུག་པ་དེ་ཡོངས་སུ་གང་བ་བྱུང༌། འདི་ནི་སྟོན་པའི་གཏད་རབས་རྣམས་ཀྱི་ནང་ནས་མཚན་མེད་པའི་སྟོན་པ་ཞེས་ལུང་བསྟན་པ་ལྟར་སྐུ་ལ་མཚན་དཔེས་མ་སྤྲས་པ་ཙམ་ལས་སངས་རྒྱས་དང་མཛད་པ་མཉམ་པར་བཤད། མཐར་རང་གི་སློབ་མའི་གཙོ་བོ་དྷཱི་ཏི་ཀ་ལ་བསྟན་པ་ཡོངས་རྫོགས་གཏད་ནས་གཙུག་ལག་ཁང་དེར་ཡོངས་སུ་མྱ་ངན་ལས་འདས། སྟོན་པའི་གཏད་རབས་ལྔ་པ་དྷཱིཏི་ཀས་བྲམ་ཟེ་སིདྡྷ་ཞེས་བྱ་བ། ལོངས་སྤྱོད་ཆེ་ཞིང་འཁོར་སྟོང་ཕྲག་དུ་མ་དང་བཅས་པས་ཉི་མ་ལྷར་འཛིན་ནས་མཆོད་པར་བྱེད་པའི་སྐབས་ཤིག་ཏུ་རྫུ་འཕྲུལ་གྱིས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་བཞུགས་ཤིང་ཉི་འོད་ཕྱོགས་བརྒྱར་སྤྲོས། སླར་ཉི་འོད་དང་འགྲོགས་ཏེ་བྲམ་ཟེ་སིདྡྷི་འཁོར་དང་བཅས་པའི་མདུན་དུ་བབ་པ་ན་དེ་དག་གིས་ཉི་མ་དངོས་སུ་འཛིན་ཏེ་ཕྱག་བྱས། འཕགས་པས་ཆོས་བསྟན་པས་དེ་དག་དད་པ་ཆེས་ཆེར་འཕེལ་བ་དང་འཕགས་པ་རང་གི་སྐུ་དངོས་སུ་བསྟན་ནས་སླར་བདེན་པ་བཞིའི་ཆོས་བསྟན་པས་བྲམ་ཟེ་དེ་དག་གིས་བདེན་པ་མཐོང་། ཀུ་མ་རཱུ་པར་གཙུག་ལག་ཁང་ཆེན་པོ་བརྩིགས། དེའི་ཕྱོགས་བཞིར་དགེ་འདུན་རྣམས་ལ་འཚོ་བ་སྦྱར་བའི་དུས་སྟོན་རྒྱུན་རིང་བྱས་ཏེ་ཕྱོགས་དེར་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར། དུས་གཞན་ཞིག་ཏུ་རྒྱ་གར་ནུབ་ཕྱོགས་མ་ལ་ཝ་ན་རྒྱལ་པོ་དྲེགས་མེད་ཀྱིས། བ་གླང་ཁྲི་ཕྲག་གཅིག་གིས་མཆོད་སྦྱིན་བྱེད་པའི་ཆེད་བྲམ་ཟེ་ཆོས་ལུགས་སྨྲ་བ་བྷྲིཀུ་རཀྵ་ས་སོགས་བྲམ་ཟེ་དུ་མ་གདན་དྲངས་ཏེ་མཆོད་སྦྱིན་གྱི་ཆོ་ག་བྱས་པ་ན། འཕགས་པ་མཆོད་སྦྱིན་གྱི་ས་དེར་ཕེབས་པས་བྲམ་ཟེ་རྣམས་ཀྱིས་སྦྱིན་བསྲེགས་ཀྱི་མེ་སྦར་བར་མ་ནུས་ཤིང་སྔགས་ཀྱང་མི་འཐོན། བ་གླང་རྣམས་བསད་པ་ལྟ་ཅི་རྨ་ཙམ་ཡང་ཕྱུང་བར་མ་ནུས་པར་བྲམ་ཟེ་ཚོས། མཆོད་སྦྱིན་ནམ་སྦྱིན་བསྲེགས་ཀྱི་གེགས་དགེ་སྦྱོང་མགོ་བྲེགས་འདིའོ་ཞེས་འཕགས་པ་ལ་རྡོ་དང་། དབྱུག་པ། ཐལ་བ་སོགས་ཀྱིས་བརྡེགས་ཤིང་བརྡུངས་ཀྱང་ཙན་དན་གྱི་ཕྱེ་མ་དང་མེ་ཏོག་ཏུ་གྱུར་པས་ངོ་མཚར་སྐྱེས་ཤིང་ཕྱག་དང་བཟོད་གསོལ་བྱས། དེ་དག་ལ་སྡེ་སྣོད་གསུམ་གྱི་ཆོས་བསྟན་ནས་སྐྱབས་འགྲོ་དང་བསླབ་པའི་གནས་ལ་བཀོད། ཡུལ་དེར་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་གྱུར། དེ་ལྟར་འཕགས་པའི་ཡུལ་གྱི་ཕྱོགས་དུ་མར་དམ་པའི་ཆོས་རྒྱ་ཆེར་སྤེལ་བའི་མཐར་ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བའི་སློབ་མ་འཕགས་པ་ནག་པོ་ལ་བསྟན་པ་གཏད་དེ་རང་ཉིད་ལྷག་མེད་དུ་ཡོངས་སུ་མྱ་ངན་ལས་འདས། སྟོན་པའི་གཏད་རབས་དྲུག་པ་ནག་པོས་འཁོར་རྣམ་བཞི་ལ་སྡེ་སྣོད་གསུམ་གྱི་ཆོས་ཚུལ་རྒྱ་ཆེར་གསུངས་ཤིང་། མཛད་པ་དང་འཕྲིན་ལས་བཟང་པོ་ཕྱོགས་ཀུན་བརྡལ་བ་ལས་སིངྒ་ལའི་རྒྱལ་པོ་ཁྲི་ལྡན་སེངྒེས་རང་ཁོངས་ཀྱི་ཚོང་དཔོན་ཞིག་གི་བརྒྱུད་ནས་འཕགས་པའི་སྙན་པ་ཐོས་ཏེ་གདན་འདྲེན་པའི་ཕོ་ཉ་འབྱོར། འཕགས་པ་ནག་པོ་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་ནམ་མཁར་ལྡིང་ཞིང་ཕོ་ཉ་བས་འཕགས་པའི་ཆོས་གོས་ཀྱི་གྲྭར་འཇུས་ཏེ་སིངྒལའི་གླིང་དུ་གཤེགས། ཕོ་ཉ་སྔོན་དུ་སོང་སྟེ་ཡུལ་གྱི་རྒྱལ་པོ་དང་སྐྱེ་བོའི་ཚོགས་མང་པོས་ཕེབས་བསུའི་བཀོད་པ་རྒྱ་ཆེར་བྱས། འཕགས་པ་འཁོར་བཅས་སླར་ཡང་རྫུ་འཕྲུལ་ཀྱིས་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོ་བ་དང་སྟོད་དུ་མེ་སྦར་ཞིང་སྨད་དུ་ཆར་འབེབས་པ་སོགས་ཆོ་འཕྲུལ་སྣ་ཚོགས་པ་སྟོན་བཞིན་གྲོང་ཁྱེར་དུ་བབས་ནས་ཕེབས་པས་སྐྱེ་བོ་ཀུན་དད་པས་ཡིད་འཕྲོག གནས་དེར་ཟླ་བ་གསུམ་གྱི་རིང་སྡེ་སྣོད་གསུམ་ཀྱི་ཆོས་ཚུལ་རྒྱ་ཆེར་གསུངས། གཙུག་ལག་ཁང་དང་དགེ་འདུན་གྱི་སྡེས་གང་བར་མཛད། སྐྱེ་བོ་སྟོང་ཕྲག་དུ་མ་འབྲས་བུ་བཞི་ལ་བཀོད། སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་སིངྒ་ལའི་གླིང་འདིར་ཡང་ཕེབས་པས་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་བར་གྱུར་ཅིང་། སངས་རྒྱས་མྱ་ངན་ལས་འདས་ནས་ཡུན་རིང་མ་ལོན་བར་བསྟན་པ་ཉམས་པ་འཕགས་པ་ནག་པོས་སླར་ཡང་ཤིན་ཏུ་དར་ཞིང་རྒྱས་པར་མཛད། མཐར་རང་གི་སློབ་མའི་གཙོ་བོ་རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ལེགས་མཐོང་ལ་བསྟན་པ་ཡོངས་རྫོགས་གཏད་དེ་རྒྱ་གར་བྱང་ཕྱོགས་ཀུན་ཤུ་པ་ན་རུ་མྱ་ངན་ལས་འདས། དེ་ནས་སྟོན་པའི་གཏད་རབས་བདུན་པ་འཕགས་པ་ལེགས་མཐོང་གིས་འཁོར་རྣམ་བཞི་ལ་སྡེ་སྣོད་གསུམ་གྱི་ཆོས་ཚུལ་རྒྱ་ཆེར་བསྟན། སྐབས་ཤིག་རྒྱ་གར་ནུབ་ཕྱོགས་སིན་དྷིའི་གནས་ན་གནོད་སྦྱིན་ཧིངྒ་ལ་ཙི་བྱ་བ་དེ་འདུལ་བའི་ཕྱིར་སིན་དྷིའི་གྲོང་དུ་བསོད་སྙོམས་ལ་ཕེབས། ལྷུང་བཟེད་ཆུས་བཀྲུས་པའི་ཁུ་བ་གནོད་སྦྱིན་མའི་གནས་སུ་བོར་བས་དེ་ཁྲོས་ཏེ་རྡོ་དང་མཚོན་གྱི་ཆར་དྲག་ཏུ་ཕབ་ཀྱང་འཕགས་པ་བྱམས་པའི་ཏིང་ངེ་འཛིན་གྱི་མཐུས་མེ་ཏོག་སོགས་ཀྱི་ཆར་དུ་གྱུར། གནོད་སྦྱིན་མོ་སྐྲག་སྟེ་བྲོས། འཕགས་པས་ཕྱོགས་ཐམས་ཅད་མེས་ཁྱབ་པའི་ཏིང་ངེ་འཛིན་ལ་བརྟེན་ནས་བྲོས་ཀྱང་མ་ཐར། མདུན་དུ་བཅར་ནས་འཕགས་པ་ལ་བཟོད་གསོལ་དང་ཕྱག་བྱས་པས་འཕགས་པས་བསླབ་པའི་གཞི་ལྔ་ལ་བཀོད། དུས་གཞན་ཞིག་ཏུ་རྒྱ་གར་ལྷོ་ཕྱོགས་ཀྱི་ས་ཁུལ་དུ་མར་ཞབས་ཀྱིས་བཅགས་ཏེ་སྡེ་སྣོད་གསུམ་གྱི་ཆོས་རྒྱ་ཆེར་གསུངས། གཙུག་ལག་ཁང་དུ་མ་བརྩིགས། ཕྱོགས་དེ་སྡེ་སྣོད་འཛིན་པའི་དགེ་འདུན་གྱིས་ཡོངས་སུ་ཁྱབ་པར་མཛད། འཛམ་བུ་གླིང་བརྒལ་ནས་གླིང་ཕྲན་དུ་མར་ཕེབས་ཏེ་དེ་དག་ཏུ་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་བཙུགས་ཏེ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་བར་བྱས། འདུལ་བ་ལུང་ལས། འོད་སྲུང་ཀུན་དགའ་ཤ་ནའི་གོས་ཅན་དང་། ། ཉེར་སྦས་དྷི་ཏི་ཀ་དང་ནག་པོ་དང་། ། ལེགས་མཐོང་བཅས་ཏེ་སྟོན་པའི་གཏད་རབས་བདུན། ། ཞེས་པ་ལྟར་འདི་དག་ལ་སྟོན་པའི་གཏད་རབས་བདུན་ཞེས་ཡོང་སུ་གྲགས་ཤིང་ཉན་ཐོས་སྡེ་པ་དག་གིས་དེ་ནས་བཟུང་སྟོན་པའི་གཏད་རབས་ཀྱིས་རྒྱུན་ཆད་པར་འདོད། དུས་ཕྱིས་ཐེག་པ་ཆེན་པོ་བ་དག་གིས་དྷི་ཏི་ཀས་བསྟན་པ་བྷ་བྷ་ཀ་ལ་གཏད་ཅིང་དེས་བཙུན་པ་བུ་ཧ་ན་ནའ་ཏི། དེ་ནས་རིམ་གྱི་བྷ་དྷུ་མེ་ཏ། དགེ་སློང་རྩིབས། སུ་ན་ཤ་རྟ་སྐད། ཤི་བ། ཀླུ་སྒྲུབ། ཨ”་དེ་བ། ར་ཏུ་ན། སང་བྷནན་ཏི། དགེ་སློང་དགྲ་བཅོམ་པ། གྷུ་ཡ་ཤ། ཀུ་མ་ར་ཏ། ཤ་ཡ་ཏ། བ་སུ་བ}པྱ-༦། མ་ནེ་ཏ། ཧ་ཀ་ལི་ཀ་ན་ཡ་ན་ཤ། དགེ་སློང་སེང་གེ་བར་བསྟན་པ་གཏད་པར་བཤད་ཅིང། དེ་དག་ཀྱང་སྙིང་རྗེ་པད་དཀར་གྱི་ལུང་གིས་ཟིན་པ་ཡིན་ནོ། །ཞེས་ཟེར་རོ། ། དེ་ལ་བཀའ་བསྡུ་དང་པོ་ནི་གོང་དུ་བཤད་ཟིན་ཅིང་། གཉིས་པ་ནི་ཡངས་པ་ཅན་གྱི་དགེ་སློང་ཚོས་རུང་བ་མ་ཡིན་པའི་ཆོས་བཅུ་ལ་སྤྱད་དེ་འབྱོར་པ་དང་བཅས་པས། དེ་རྣམས་སུན་ཕྱུང་བའི་ཆེད་དུ་དགྲ་བཅོམ་པ་གྲགས་པས་ཡུལ་སོ་སོར་བརྟེན་གཞི་བྱས་པའི་དགེ་སློང་ཡངས་པ་ཅན་དུ་བསྡུས་ཏེ་དགྲ་བཅོམ་པ་བདུན་བརྒྱ་དང་། གཞན་ཡང་དགེ་སློང་ཤིན་ཏུ་མང་པོ་ཚོགས་པའི་དབུས་སུ་རུང་བ་མ་ཡིན་པའི་ཆོས་བཅུ་རེ་རེ་ནས་སུན་ཕྱུང་ཏེ་ཡངས་པ་ཅན་གྱི་དགེ་སློང་དེ་དག་གནས་ནས་བཏོན། གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱས་བཀྲ་ཤིས་གསོ་སྦྱོང་ཚོགས། སྐབས་དེར་རྒྱ་གར་གྱི་ས་ཁྱོན་ཡོངས་རྫོགས་ཆོས་རྒྱལ་མྱ་ངན་མེད་ཀྱིས་དབང་བསྒྱུར་བྱས་པའི་སྐབས་ཡིན་པ་དང་། རྒྱལ་པོ་འདི་ཐོག་མར་བྲམ་ཟེ་ཆོས་ལུགས་པ་ཡིན་ནའང་དུས་ཕྱིས་དཀོན་མཆོག་བླ་མར་འཛིན་པའི་ནང་པར་གྱུར་ཏེ་འཛམ་བུ་གླིང་དུ་མཆོད་རྟེན་བྱེ་བ་གཅིག་བཞེངས་པ་དང་། དགེ་འདུན་ཁྲི་ཕྲག་དུ་མར་གདུགས་ཚོད་སྦྱར་བ་ཕྱོགས་རྣམས་སུ་གཙུག་ལག་ཁང་དང་དགེ་འདུན་གྱི་དུས་སྟོན་བྱས་པ་སོགས་བསྟན་ལ་སྨན་པ་སོགས་བྱ་བ་རླབས་ཆེན་མཛད་པའི་སྐབས་ཡིན་པ་ལྟར། འདིར་ཡང་ཁོང་གིས་མཐུན་རྐྱེན་གྱི་ཡོན་སྦྱར་ཏེ་དགྲ་བཅོམ་པ་གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱས་བཀའ་བསྡུ་བ་གཉིས་པ་བྱས་ཤིང་སྐབས་དེར་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་ཕྱིན་པར་བཤད། བཀའ་བསྡུ་རིམ་པ་གསུམ་པ་ནི། ཆོས་རྒྱལ་མྱ་ངན་མེད་ཀྱི་ཡང་ཚ་དཔའ་བོ་སྡེའི་སྐུ་རིང་ལ་དགེ་སློང་ལྷ་ཆེན་པོ་ཞེས་བྱ་བ་ཆུང་དུས་ནས་ཕ་མ་དགྲ་བཅོམ་གསུམ་རིམ་གྱིས་བསད་དེ་མཚམས་མེད་ཀྱི་ལས་བྱས། ཆེར་སྐྱེས་པ་ན་རང་བཞིན་གྱིས་ཤེས་རབ་གསལ་ཞིང་བློ་རྣོ་བ་དེས། རང་ཉིད་དགྲ་བཅོམ་ཐོབ་ཟིན་པའི་ཁུལ་གྱིས་མི་ཆོས་བླ་མའི་རྫུན་དུ་མ་སྨྲས་པ་རྣམས་ཕྱིས་སྡེ་སྣོད་གསུམ་གྱི་ནང་དུ་བསྲེ་ལྷད་ཤོར་བ་དང་། ཡང་སྟོན་པ་མྱ་ངན་ལས་འདས་པའི་རྗེས་སྟོན་པའི་ཉན་ཐོས་ཆེན་པོ་རྣམས་ཀྱིས་ཡུལ་དུས་དང་བསྟུན་ནས་སྐད་རིགས་ཆེན་པོ་བཞི་ཅི་རིགས་པའི་ཐོག་ནས་སོ་སོར་ཐར་པའི་མདོ་འདོན་པའི་སྲོལ་ལས། རྩ་བའི་སྡེ་བ་བཞིར་གྱེས་པ་དང་། གོས་ཆོས་དང་སྣམ་སྦྱར་གྱི་སྣམ་ཕྲན་མང་ཉུང་སོགས་ལ་བརྟེན་ནས་རྒྱལ་པོ་དཔའ་བོའི་སྡེ་ནས་རིམ་པ་བཞིན། དགའ་བོ། པད་མ་ཆེན་པོ། རྒྱལ་པོ་ཀ་ནི་ཀའི་བར་སྔ་ཕྱིར་མི་རབས་བཞི་ཙམ་གྱི་རིང་ལ་དགེ་འདུན་ཕན་ཚུན་རྩོད་པ་རྒྱ་ཆེར་བྱུང་བའི་མཐར་རྩ་བའི་སྡེ་བ་བཞི་ལས་བཅོ་བརྒྱད་དུ་གྱེས་ཤིང་། ད་དུང་མུ་མཐུད་རྩོད་པ་བྱུང་བར་ཛ་ལན་དྷ་རིའི་རྒྱལ་པོ་ཀ་ནི་ཀས་མཐུན་རྐྱེན་སྦྱར་ཏེ། རྒྱ་གར་ནུབ་ཕྱོགས་ཁ་ཆེ་ཀུ་པ་ནའི་གཙུག་ལག་ཁང་དུ་དགྲ་བཅོམ་པ་ལྔ་བརྒྱ་དང་། བྱང་སེམས་ལྔ་བརྒྱ། སོ་སྐྱེ་པཎྜི་ཏ་ལྔ་བརྒྱ་འདུས་ནས། སྡེ་བ་བཅོ་བརྒྱད་ཀྱི་གྲུབ་མཐའ་ཡོངས་རྫོགས་ཚུལ་ཁྲིམས་སྟོན་པས་འདུལ་བ་ལ་སྣང་། ལྷག་པའི་སེམས་བརྟན་པར་མདོ་སྡེ་ལ་འཇུག མྱང་འདས་དང་མཐུན་ཞིང་ཤེས་རབ་ཀྱི་བསླབ་པ་སྟོན་པའི་ཆོས་ཉིད་དང་མི་འགལ་བས་སངས་རྒྱས་ཀྱི་བཀའ་ཉིད་དུ་སྒྲུབ། གཞན་ཡང་ཆོས་ཐམས་ཅད་ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞིས་རྒྱས་བཏབ་པ་དང་། དགྲ་བཅོམ་པ་རྣམས་ཀྱིས་རྣམ་པར་དབྱེ་བ་མཛད་པ་དང་། དེ་དག་ཀྱང་སངས་རྒྱས་ཀྱི་བྱིན་རླབས་ལས་བྱུང་བ་དང་། རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་བཅུའི་ནང་ཚན་བྱིས་པ་བཅོ་བརྒྱད་ཀྱིས་རས་ཡུག་ལ་རྩོད་ནས་རས་ཡུག་བཅོ་བརྒྱད་དུ་གྱེས་ཀྱང་རྩ་བའི་རས་ཡུག་སོ་ན་གནས་པ་བཅས་རྒྱུ་མཚན་དུ་བྱས་ནས་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བཀའ་ཁོ་ན་ཉིད་དུ་གཏན་ལ་ཕབ་ཅིང་། ཕྱིན་ཆད་རྩོད་པ་མི་བྱེད་པའི་ཆེད་སྐབས་དེའི་སྡེ་སྣོད་ལ་མཁས་པའི་དགྲ་བཅོམ་པ་ཚོས་སྡེ་བ་བཅོ་བརྒྱད་ཀྱི་བྱུང་རིམ་དང་དེ་དག་གི་ལྟ་གྲུབ་ཡོངས་རྫོགས་ཕྱོགས་བསྡོམས་ཀྱིས་བྱེ་བྲག་བཤད་མཛོད་ཆེན་མོ་ཞེས་བྱ་བ་བརྩམས། (འདི་ཉིད་སྔོན་བྱོན་ལོ་ཙཱ་བ་ཚོས་བོད་དུ་ཆ་ཚང་བར་འགྱུར་བ་མེད་ཀྱང་དུས་ཕྱིས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་འདན་མ་སྟོང་དཔོན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དུས་ཁོང་དང་རྒྱའི་ལོ་ཙཱ་ཆེན་པོ་དེ་སྔོན་གདན་ས་འབྲས་སྤུངས་སུ་ཆོས་ཞུགས་གནང་ཏེ་བྲག་དཀར་བློ་བཟང་དཔལ་ལྡན་གྱི་དྲུང་ནས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་ཆེ་ཁྲིད་པར་མ་ཟད། བྱང་ཆུབ་ལམ་རིམ་ཆེན་མོ་སོགས་རྗེའི་གསུང་རབ་དུ་མ་རྒྱ་སྐད་དུ་བསྒྱུར་མྱོང་མཁན་བོད་མིང་བློ་བཟང་ཆོས་འཕགས་འབོད་པ་གཉིས་ཀྱིས་རྒྱ་ཡིག་གི་བྱེ་བྲག་བཤད་མཛོད་ཆེན་མོའི་ཐོག་ནས་བོད་སྐད་དུ་ཕབ་བསྒྱུར་བྱས་ཏེ་དུས་འགྱུར་མ་བྱུང་བའི་སྔོན་ཙམ་ན་ནོར་གླིང་དུ་གླེགས་བམ་གདན་འདྲེན་བྱས་ཟིན་ཀྱང་དུས་འགྱུར་བྱུང་བའི་རྗེས་བོར་བརླཊ་སོང་ཡོད་མེད་མ་ཤེས) བཀའ་བསྡུ་འདི་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ལྷག་གི་སྐབས་སུ་བྱས་པ་ཡིན་ནོ།། སྟོྃན་མཆོག་མཚན་དཔེའི་ཉི་གཞོན་ནུབ་ན་ཡང་།། སྟོྃན་པའི་དམ་ཆོས་ལུང་རྟོགས་རིན་ཆེན་མཛོད།། སྟོྃན་པས་གང་ལ་གཏད་པའི་གཏད་རབས་རྣམས།། སྟོྃན་པའི་བསྟན་ལ་སྟོན་པ་དངོས་འདྲ་མཛེས།། བདེྃ་གཤེགས་གསུང་རབ་རིན་ཆེན་སྣང་བའི་མཛོད།། བདེྃ་གཤེགས་གསུང་སྐྱེས་དམ་པ་དེ་དག་གིས།། བདེྃ་གཤེགས་དགོངས་པའི་ཀློང་ལས་མི་འགོངས་པར།། བདེྃ་བླག་བསྡུས་པའི་བཀའ་དྲིན་ཇི་ལྟར་གཞལ།།ཞེས་ཀྱང་སྨྲས་སོ།།

(༦) འཕགས་པའི་ཡུལ་དུ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་བསྟན་པ་འཕེལ་ཞིང་རྒྱས་པའི་ཚུལ། གོང་དུ་བཤད་པའི་བཀའ་བསྡུ་བ་དེ་དག་ནི་ཐེག་པ་དམན་པའི་སྡེ་སྣོད་ཁོ་ན་མ་གཏོགས་ཐེག་པ་ཆེན་པོའི་བཀའ་བསྡུ་བ་མེད་ཅིང་། སྐབས་འདི་ནས་མི་ཡུལ་དུ་ཐེག་པ་ཆེན་པོའི་གླེགས་བམ་བྱུང་འགོ་ཚུགས་པ་ཡིན་ལ། ཐེག་པ་ཆེན་པོ་བ་དག་གིས་ཐེག་ཆེན་གྱི་བཀའ་བསྡུ་བ་ནི་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བྷ་མ་ལ་སྭ་བྷབ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་འདུས་པའི་དབུས་སུ་བྱམས་པས་མདོ་སྡེ་དང་། ཕྱག་ན་རྡོ་རྗེས་འདུལ་བ། འཇམ་དཔལ་གྱིས་མངོན་པའི་སྡེ་སྣོད་བསྡུས་སོ་ཞེས་ཟེར་རོ། །སྐབས་འདི་ཙམ་ནས་རྒྱ་གར་དུ་ཐེག་པ་ཆེན་པོའི་གྲུབ་མཐའ་དར་བའི་འགོ་ཚུགས་ཤིང་། ཨང་ག་དྷའི་ཡུལ་དུ་འཁྲུངས་པའི་གནས་བརྟན་ཆེན་པོ་དགྲ་བཅོམ་པ་ཨ་ནན་ཏ་ཞེས་བྱ་བ་ཐེག་པ་ཆེན་པོ་འཛིན་པ་ཞིག་ཡོད་པའི་སྐོར་རྒྱ་གར་ལྷོ་ནུབ་སོ་ར>tའི་ཡུལ་གྱི་རྒྱལ་པོ་བྲམ་ཟེ་རིག་ལྡན་ཞེས་བྱ་བས་ཐོས་ཏེ། སྤྱན་དྲངས་ནས་ཐེག་པ་ཆེན་པོའི་ཚུལ་རྒྱ་ཆེར་གསན་ཞིང་ཕྱོགས་དེར་ཐེག་ཆེན་གྱི་ཆོས་འཆད་ཉན་རྒྱ་ཆེར་སྤེལ། དེ་དང་དུས་མཚུངས་སུ་འཕགས་ཡུལ་གྱི་ཡུལ་ཐ་དད་པ་དུ་མར་ཐེག་པ་ཆེན་པོའི་ཚུལ་སྟོན་པའི་དགེ་བའི་བཤེས་གཉེན་ཤིན་ཏུའང་མང་པོ་བྱུང་ཞིང་དེ་དག་ཀུན་ཀྱང་བྱམས་པ་དང་། འཇམ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་སོགས་ལས་ཐེག་པ་ཆེན་པོ་གསན་ཞིང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་མི་བརྗེད་པའི་གཟུངས་ཐོབ་པ་ཤ་སྟག་བྱུང་བར་བཤད་ཅིང་། དེ་དག་ལས་རིམ་པར་བརྒྱུད་དེ་ར་ཧུ་ལ་དང་། ཛྙཱ་ན་ཏ་ལ་སོགས་པ་ཐེག་ཆེན་གྱི་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་སྟེ་མདོ་སྡེ་ཕལ་བོ་ཆེ་དང་། འཕགས་པ་དཀོན་མཆོག་བརྩེགས་པ། རྒྱན་སྟུག་པོ་བཀོད་པ་སོགས་ཐེག་ཆེན་གྱི་སྡེ་སྣོད་ཤིན་ཏུ་མང་པོ་དག་ལྷ་ཀླུ་གནོད་སྦྱིན་སྲིན་པོ་སོགས་ཀྱི་ཡུལ་ནས་གདན་དྲངས་ཏེ་འཆད་ཉན་གྱི་སྲོལ་བཙུགས། དེའི་ཚེ་རྒྱལ་པོ་ལཀྵི་ཨ་ཤྭ་ཞེས་བྱ་བས་ཐེག་པ་ཆེན་པོའི་ཆོས་ལ་ཤིན་ཏུ་དད་དེ་སྐབས་དེར་མི་ཡུལ་དུ་མཇལ་དུ་ཡོད་པའི་ཐེག་པ་ཆེན་པོའི་སྡེ་སྣོད་འབུམ་ཕྲག་བརྒྱ་ཙམ་ཡོད་པ་ཐམས་ཅད་གླེགས་བམ་དུ་བྲིས་ཏེ་དགེ་སློང་རྣམས་ལ་ཕུལ་ཅིང་། དེ་དག་འཆད་མཉན་བྱེད་མཁན་གྱི་འདུས་སྡེ་ཁག་ལ་གདུགས་ཚོད་དང་དུས་སྟོན་རྒྱ་ཆེར་བྱས་པས་ཐེག་པ་ཆེན་པོའི་བསྟན་པ་རྨང་ཚུགས། གླེགས་བམ་འདི་དག་དུས་ཕྱིས་སུ་ནུ་ལེབྷདགོན་པར་གདན་དྲངས། སྐབས་དེར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་མདོ་སྡེ་དུ་མ་ཐུགས་ཐོག་ཏུ་ཡོད་པ་དང་བློ་གྲོས་ཐོགས་པ་མེད་པ། བཟོད་པ་ཐོབ་པ། རྫུ་འཕྲུལ་དང་མངོན་པར་ཤེས་པའི་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ཤ་སྟག་བྱུང་བས་ཐེག་པ་ཆེན་པོ་ཞེས་སྙན་པའི་གྲགས་པ་གང་སར་ཁྱབ་པར་གྱུར། ཐེག་པ་ཆེན་པོ་ཞེས་པའི་ཐ་སྙད་ཀྱང་ཕལ་ཆེར་སྐབས་དེ་ནས་བྱུང་བ་ཡིན་སྲིད་སྙམ། ཆེ་བ་དེ་དག་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་ཆེན་པོ་དག་གི་བློར་མ་ཤོང་ནས། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན། ཞེས་སྐུར་བ་བཏབ། འོན་ཀྱང་སྐབས་དེར་ཐེག་པ་ཆེན་པོའི་སྡེ་སྣོད་འཛིན་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པའི་གྲངས་ཚད་ལ་ལྟོས་ན་ཤིན་ཏུའང་ཉུང་ངོ༌། །སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་ཙམ་ན་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཐུན་རྐྱེན་སྦྱར་ཏེ་ཆོས་སྡེ་ཆེན་པོ་དཔལ་ནུ་ལེབྷི་དགོན་པའི་རྨང་བཏིང་། དེ་ཡང་སྔོན་ཐུབ་པའི་ཉན་ཐོས་ཀུན་གྱི་ནང་ནས་མངོན་པར་ཤེས་པ་མཆོག་ཏུ་མངའ་བ་ཤུ་རིའི་བུ་གང་དུ་འཁྲུངས་པའི་ཡུལ་དང་། མཐར་ཡང་འཕགས་པ་ཤུ་རིའི་བུ་དགྲ་བཅོམ་པ་བརྒྱད་ཁྲི་དང་བཅས་ཡོངས་སུ་མྱ་ངན་ལས་འདས་པའི་ཞིང་ཁྱད་པར་ཅན་དེར་ཆོས་སྡེ་ཆེན་པོ་འདི་ཉིད་ཕྱག་བཏབ་ཅིང་དུས་ཕྱིས་ཏུ་རུཿ ཁའི་དམག་འཁྲུགས་མ་བྱུང་གི་བར་དུ་འཕཊ་ཡུལ་གྱི་ཆོས་སྡེ་ཆེན་པོ་ཡོངས་ཀྱི་གཙུག་རྒྱན་ལྟར་གྱུར་ཏོ། །དེ་ནས་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་ཀྱིས་མཐུན་རྐྱེན་ཕུན་སུམ་ཚོགས་པར་སྦྱར་ནས་ཆོས་སྡེ་ཆེན་པོ་འདིའི་འཆད་མཉན་གྱི་རྒྱུན་བསྐྱངས། སྒྲ་གཅན་འཛིན་བཟང་པོས་འཆད་མཉན་གྱི་རྐང་འཛིན་གྱིས་ཐེག་པ་ཆེན་པོའི་བསྟན་པ་རྒྱས་པར་མཛད། དེ་ནས་མདོ་རྒྱུད་དུ་མ་ནས་ལུང་གིས་ཟིན་པའི་དཔལ་མགོན་ཀླུ་སྒྲུབ་བྱོན་ཏེ་ཐེག་པ་ཆེན་པོའི་བསྟན་པ་ཤིན་ཏུ་རྒྱས་པར་མཛད་དོ། ། དེ་ལ་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ནི་འཇམ་དཔལ་རྩ་རྒྱུད་སོགས་སུ་ལུང་གིས་ཟིན་པ་ལྟར། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་འདས་པ་ན་རྒྱ་གར་ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་བལྟམས། མཚན་མཁན་གྱིས་ཉིན་བདུན་ལས་ཚེ་མེད་ཅིང་གལ་ཏེ་དགེ་འདུན་གྱི་སྡེ་མང་པོར་བསྙེན་བཀུར་བྱས་ན་ལོ་བདུན་ཐུབ། དེ་ལས་ཚེ་རིང་བའི་ཐབས་མེད་པར་བཤད། དེ་ལྟར་བྱས་ཏེ་ལོ་བདུན་ལ་ཉེ་བ་ན་ཕ་མས་རང་གི་བུ་ཤི་བའི་རོ་ལ་ལྟ་མ་འདོད་ནས་གཡོག་འཁོར་དང་བཅས་རྒྱ་གར་ཡུལ་དབུས་སུ་བཏང་བར་བྱས་སོ། །ཁོང་གཡོག་འཁོར་དང་བཅས་ཡུལ་དབུས་ཆོས་སྡེ་ཆེན་པོ་ནུ་ལེབྷ་སླེབས་ཏེ་མཁན་པོ་སྒྲ་གཅན་འཛིན་བཟང་པོ་དང་མཇལ་ཏེ། དེ་ལས་ཚེ་དཔག་མེད་འཆི་བདག་འཇོམས་པའི་དབང་དང་རྗེས་གནང་ཞུས་ཏེ་བསྙེན་སྒྲུབ་བྱས་པས་ཚེའི་དངོས་གྲུབ་བརྙེས། སྒྲ་གཅན་འཛིན་སོགས་སློབ་དཔོན་དུ་མ་བསྟེན་ནས་ཐེག་པ་མཆོག་དམན་གྱི་སྡེ་སྣོད་མཐའ་ཡས་པ་གསན། དབུ་མ་དང་སྔགས་ཀྱི་ལམ་སྲོལ་གསར་དུ་གཏོད་པའི་བསྟན་བཅོས་རིགས་ཚོགས་དྲུག་དང་། རིམ་ལྔ་དང་། མདོ་ཀུན་བཏུས་སོགས་རྒྱ་ཆེར་བརྩམས་ཤིང་། དེ་བཞིན་དུ་ཉན་ཐོས་རྣམས་རིགས་སད་པའི་ཆེད་རྨི་ལམ་་ཡིད་བཞིན་ནོར་བུའི་གཏམ་དང་། ཐུན་མོང་པ་གསེར་འགྱུར་གྱི་རྩིའི་ཆོ་ག ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་ཐིགས། སྨན་དཔྱད་ཡན་ལག་བརྒྱད་པ་སོགས་རང་རྐང་གི་བསྟན་བཅོས་དང་། གཞན་ཡང་ས་ལུ་ལྗང་པའི་མདོ་དང་མདོ་བསྲེས་སོགས་འགྲེལ་རྩོམ་དུ་མ་མཛད། ཆོས་སྒྲ་ཆེན་པོ་ལན་གསུམ་སྒྲོགས། རྡོ་རྗེ་གདན་གྱི་མཆོད་རྟེན་དང་། དཔལ་ལྡན་འབྲས་སྤུངས་སུ་གླང་པོའི་གནོད་པ་སྲུང་སླད་རྡོའི་དྲ་མའི་བསྐོར་བ་དང་། ཡུལ་དབུས་དང་ལྷོ་ཕྱོགས་དཔལ་གྱི་རི་བོ་སོགས་སུ་དགེ་འདུན་གྱི་སྡེ་དང་ཆོས་གཞིས་རྒྱ་ཆེར་བསྐྲུན་ནས་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། མཐར་དགུང་ལོ་སུམ་བརྒྱ་བར་རབ་ཏུ་དགའ་བའི་ས་མངོན་དུ་གྱུར་ཏེ་དགོངས་པ་མྱ་ངན་ལས་འདས། ཁོང་གི་སློབ་མ་ཤིན་ཏུ་མང་པོ་བྱུང་བའི་ནང་ནས་གཙོ་བོ་ནི། ཤུཀྱ་མི་ཏྲ། ནུ་ག་བོ་དྷ། ཨཱ”་དེ་ཝ། མ་ཏངྒི་བ་སྟེ་ཐུུགས་སྲས་བཞི། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། རྟ་དབྱངས་ཏེ་ཉེ་བའི་སྲས་གསུམ་སོགས་སོ།། དེ་དག་ལས་ཨཱ”་དེ་བ་ལ་གཞུང་ཕྱི་མོའི་དབུ་མ་པ་ཞེས་བྱ་ཞིང་། འདིས་དབུ་མའི་བསྟན་བཅོས་བཞི་བརྒྱ་པ་བརྩམས། ཕྱིས་ཀྱི་དབུ་མ་པ་ཀུན་གྱིས་ཀླུ་སྒྲུབ་དང་འདྲ་བར་ཁས་བླང་པར་བྱེད། ལེགས་ལྡན་འབྱེད་ཀྱིས་རྩ་ཤེར་འགྲེལ་བ་ཤེས་རབ་སྒྲོན་མེ་བརྩམས་ཏེ་རྩ་ཤེར་དགོངས་པ་རང་རྒྱུད་དུ་འགྲེལ་བ་དང་། དེའི་རྗེས་སུ་འབྲངས་པའི་རང་རྒྱུད་ཤར་གསུམ་གྱིས་འགྲེལ་པ་བརྩམས་ཏེ་མདོ་སྡེ་སྤྱོད་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་སུ་གྱེས། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཟླ་བ་གྲགས་པས་རྩ་ཤེར་དགོངས་པ་ཐལ་འགྱུར་དུ་བཀྲལ་བའི་དོན་འགྲེལ་དབུ་མ་ལ་འཇུག་པ་དང་། ཚིག་འགྲེལ་ཚིག་གསལ་སོགས་མཛད་དེ་ཐལ་འགྱུར་གྱི་སྲོལ་ཕྱེས། དེ་ནས་བཟུང་དབུ་མ་ལ་ཐལ་རང་གཉིས་ཞེས་པའི་ཐ་སྙད་བྱུང་། ཟླ་བའི་རྗེས་སུ་རིག་པའི་ཁུ་བྱུག་ཆེ་ཆུང་དང་ཀླུ་ཡི་བྱང་ཆུབ་སོགས་ཐལ་འགྱུར་བའི་རིང་ལུགས་ཀྱི་སྲོལ་འཛིན་ནུ་ལེབྷསོགས་ཆོས་སྡེ་ཆེན་པོ་དུ་མར་ཡོངས་སུ་ཁྱབ། རྒྱལ་བ་མྱ་ངན་ལ་འདས་ནས་ལོ་དགུ་བརྒྱ་ལོན་པ་ན་འཇམ་དཔལ་རྩ་རྒྱུད་སོགས་སུ་ལུང་གིས་ཡང་ཡང་བསྔགས་པ་འཕགས་པ་ཐོགས་མེད་ཉིད་བྲམ་ཟེ་མོ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་སྔོན་གྱི་དགེ་བའི་རྩ་བའི་སྟོབས་བསྐྱེད་དེ་དཀོན་མཆོག་ཁོ་ནར་བླ་མ་འཛིན་པ་དེ་དང་རྒྱལ་རིགས་འདུས་པ་ལས་འཁྲུངས་ཤིང་། བྱིས་པའི་སྐབས་ནས་ཡུམ་གྱིས་བློ་རྣོ་བའི་ཆོ་ག་བྱས། གསོ་དཔྱད་དང་། རྩིས་བརྟག་པ་བརྒྱད་དང་། བརྡ་སྤྲོད་པའི་གཞུང་སོགས་བསླབས་ཏེ་མཁས་པར་གྱུར། ཆེར་སྐྱེས་པ་ན་རབ་ཏུ་བྱུང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཤིན་ཏུ་མང་པོར་ཐུགས་འདྲིས་པར་བྱས། འོན་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ནི་ས་འོག་གི་གཏེར་དང་མགྲོན་པོ་ཕྱོགས་སླེབས་པ་བཞིན། ཇི་ལྟར་བ་བཞིན་ཤེས་པར་དཀའ་ཞིང་དེའི་དོན་ཇི་བཞིན་འཆད་པའི་སློབ་དཔོན་ཀྱང་མི་ཡུལ་དུ་ཤིན་ཏུ་དཀོན་སྟབས། འཕགས་པས་སྒྱུ་འཕྲུལ་དྲ་བའི་ཆོ་ག་ལ་བརྟེན་ནས་བྱམས་མགོན་མི་ལོ་བཅུ་གཉིས་བསྒྲུབས་པའི་མཐར་ཞལ་གཟིགས། རྗེ་བཙུན་གྱི་རྫུ་འཕྲུལ་ལ་བརྟེན་ནས་དགའ་ལྡན་དུ་གཤེགས། མི་ལོ་ཉེར་ལྔS་རིང་རྒྱལ་བ་མ་ཕམ་པའི་དྲུང་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་བྱམས་ཆོས་སྡེ་ལྔ་གསུང་པ་ཐུགས་སུ་ཆུད། སླར་འཛམ་བུ་གླིང་དུ་བྱོན་ནས་ས་སྡེ་ལྔ་དང་། Çོkམ་རྣམ་པ་གཉིས། ཤེར་ཕྱིན་དེ་ཉིད་སྣང་བ་སོགས་བརྩམས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་གི་དོན་རྣམ་པར་རིག་པའི་དོན་དུ་བཀྲལ་བའི་སྲོལ་གསར་དུ་བཏོད། རྒྱ་གར་གྱི་ཡུལ་ཕྱོགས་དུ་མར་བསྟན་པ་སྤྱི་དང་སྒོས་སུ་ཐེག་པ་ཆེན་པོའི་བསྟན་པ་འཛིན་པའི་དགེ་འདུན་གྱི་སྡེ་དང་གཙུག་ལག་ཁང་དུ་མ་གསར་སྐྲུན་བྱས། དེའི་སྔོན་དུ་ཀླུ་སྒྲུབ་སོགས་ཀྱི་བཀའ་དྲིན་ལས་ཐེག་པ་ཆེན་པོ་འཇིག་རྟེན་དུ་དར་ཡང་། ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་ཆེན་པོ་རྣམས་དང་བསྡུར་ན་ཤིན་ཏུ་ཉུང༌། དེ་ཡང་མི་རིང་བར་དཔལ་མགོན་ཀླུ་སྒྲུབ་ལྷོ་ཕྱོགས་དཔལ་གྱི་རིར་བཞུགས་པའི་སྐབས་དེར་ནུབ་ཕྱོགས་མོ་ལ་ཏ་ན་ནས་སྟ་ཟིག་རྒྱལ་པོ་ཧ་ལ་ལུས་ཀླ་ཀློའི་དཔུང་འཁྲིད་དེ་ཡུལ་དབུས་ཀྱི་ཆོས་སྡེ་ཕལ་ཆེ་བ་གཏོར་བཤིག་བཏང་བ་དང་། དུས་ཕྱིས་སླར་ཡང་ཁུ་ནི་མ་མ་ཐ་ཞེས་བྱ་བས་ཡུལ་དབུས་མ་ག་དྷི་རྒྱལ་པོ་དྷརྨ་ཙན་དྲ་ལ་དམག་བྱས་ཏེ་མ་ག་དྷའི་གྲོང་ཁྱེར་བཅོམ། དཔལ་ན་ལེབྷསོགས་ཆོས་སྡེ་དུ་མར་གནོད་པ་བྱུང་སྟེ་འདི་ཡུལ་དབུས་སུ་བསྟན་པ་ལ་དགྲ་གཉིས་པ་བྱུང་བ་ཞེས་ཟེར་ཞིང་། དེ་དག་གི་རྗེས་ཆོས་ལ་དད་པའི་རྒྱལ་པོ་དང་པཎྜི་ཏ་ཚོས་བསྟན་པ་འཛིན་པའི་དགེ་འདུན་དང་ཆོས་སྡེ་ཁག་སླར་གསོ་རྒྱ་ཆེར་བྱས་ཀྱང་། ཐེག་པ་ཆེན་པོའི་སྡེ་སྣོད་འཛིན་པ་ནི་ཤིན་ཏུ་ཉུང་དུ་ཕྱིན་པ་མ་ཟད། དེ་དག་ཀྱང་ཕལ་ཆེ་བ་ཐེག་ཆེན་གྱི་མདོ་སྡེ་བཀླག་པ་ཙམ་ལས་དོན་ལ་འདྲིས་པ་ནི་དེ་བས་ཀྱང་ཉུང་བར་བཤད་དེ། སློབ་དཔོན་འདི་ཉིད་ཀྱིས་སླར་ཡང་ཐེག་པ་ཆེན་པོ་སྤྱི་དང་སྒོས་སུ་རྣམ་པར་རིག་པའི་ལུགས་ཀྱི་གྲུབ་མཐའ་ཆེས་ཆེར་དར་བ་མཛད་པས་རྣམ་རིག་པའི་ཤིང་རྟའི་སྲོལ་འབྱེད་དུ་འཇོག་གོ ། དེ་ཡང་བྱམས་མགོན་ལ་བརྟེན་ནས་རྣམ་པར་རིག་པའི་དགོངས་འགྲེལ་རང་རྐང་གིས་རྒྱ་ཆེར་འགྲེལ་བ་ཡིན་གྱི་དེའི་གོང་དུ་རྣམ་རིག་པའི་གྲུབ་མཐའ་འཛིན་པ་མེད་པ་ནི་མ་ཡིན་ནོ། སྐུ་ཚེ་སྨད་དུ་ན་ལེབྷི་དགོན་པའི་མཁན་པོ་གནང་སྟེ་མི་ལོ་བཅུ་གཉིས་རིང་བཞུགས་ཏེ་ཐེག་པ་མཆོག་དམན་གཉིས་གའི་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། སྐབས་དེར་ཡུལ་དབུས་གཅིག་པུར་ཡང་ཐེག་པ་ཆེན་པོའི་དགེ་འདུན་སྡེ་སྣོད་འཛིན་པ་ལྔ་ཁྲི་ཙམ་ཡོད་པར་བཤད། མཐར་དགུང་ལོ་དོན་ལྔ་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་དུ་སྐུ་མྱ་ངན་ལས་འདས་ཏེ་སློབ་མ་རྣམས་ཀྱིས་དེའི་ཡུལ་དུ་མཆོད་རྟེན་བརྩིགས། དེའི་གཅུང་པོ་དབྱིག་གཉེན་ནི་ཐོགས་མེད་དང་ཡུམ་གཅིག་ལ་ཡབ་བྲམ་ཟེ་རིགས་དང་འདུས་པ་ལས་ཐོགས་མེད་རབ་ཏུ་བྱུང་བའི་ལོ་དེར་འཁྲུངས་ཤིང་ཆུང་དུས་ནས་ཡུམ་གྱིས་རིག་པ་རྣོ་བའི་ཆོ་ག་བྱས། སྨན་དཔྱད་དང་བརྡ་སྤྲོད་པ་བརྟག་པ་བརྒྱད་སོགས་མཁས་པར་བསླབས། དེ་ནས་ནར་སོན་པ་དང་བྱེ་བྲག་ཏུ་སྨྲ་བའི་གནས་བརྟན་དགེ་འདུན་བཟང་པོ་ལས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པར་སྦྱངས། ཉན་ཐོས་སྡེ་བ་བཅོ་བརྒྱད་ཀྱི་བཞེད་པ་ཕྲ་ཞིབ་ཀུན་ཐུགས་སུ་ཆུད། མུ་སྟེགས་རྟོག་གེ་སྡེ་དྲུག་གི་གྲུབ་མཐའ་སོགས་ལའང་གཞན་དྲིང་མེད་པའི་མཁས་པའི་གོ་སར་བརྙེས། བྱེ་བྲག་བཤད་མཛོད་ཆེན་མོའི་སྙིང་པོ་དྲིལ་བ་ཆོས་མངོན་པ་མཛོད་ཀྱི་རྩ་བ་བརྩམས་ཏེ་སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་སྔ་ཕྱིར་ཇག་པ་དང་གནོད་སྦྱིན་མ་རུང་བ་དག་གིས་ལན་གཉིས་སུ་བཀག་པས་མཐར་ཡོ་བྱད་ཅི་ཡང་མ་བསྣམས་པར་མཛོད་རྩ་བ་ཐུགས་ཐོག་ཏུ་བཟུང་ནས་ཡུལ་དབུས་སུ་ཕེབས། གཅེན་པོ་ཐོགས་མེད་ལ་བརྟེན་ནས་ཐེག་པ་ཆེན་པོའི་སྡེ་སྣོད་རྒྱ་མཚོ་ལྟ་བུ་ལ་མཁྱེན་པའི་ཀློང་བརྡོལ། སྐབས་དེར་ཡུལ་དབུས་སུ་ཡོད་པའི་བདེ་བར་གཤེགས་པའི་བཀའ་ཡོངས་རྫོགས་ཐུགས་ཐོག་ཏུ་བཟུང་ནས་ཚིག་དོན་གཉིས་ཀ་ཤར་ཤར་སྐྱོར་ཐུབ་པ་བྱུང་། སྟོན་པའི་གཏད་རབས་རྣམས་འདས་པའི་རྗེས་ནས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀུན་ལ་འདི་ལས་ཐོས་རྒྱ་ཆེ་བ་དང་མཐོང་རྒྱ་ཆེ་བ་སུ་ཡང་མ་བྱུང་བར་བཤད། རྣམ་རིག་པའི་ལྟ་གྲུབ་རྐང་འཛིན་བྱས། པྲ་ཀུ་ར་ན་སྡེ་བརྒྱད་སོགས་ཐེག་པ་ཆེན་པོའི་སྡེ་སྣོད་སྤྱི་དང་ལྷག་པར་བྱམས་ཆོས་ཀྱི་དགོངས་པ་འགྲེལ་བའི་བསྟན་བཅོས་དུ་མ་བརྩམས། ན་ལེབྷ་བཞུགས་ནས་མུ་སྟེགས་ཀྱི་མཁས་པ་ཆེན་པོ་ལྔ་བརྒྱ་ཙམ་སུན་ཕྱུང་ནས་ནང་པ་ལ་བཅུག སྔ་ཕྱི་སྡེ་སྣོད་འཛིན་པའི་སློབ་མ་འབུམ་ཕྲག་དུ་མ་བསྐྲུན་ཅིང་རྒྱལ་བ་མྱ་ངན་ལས་འདས་ནས་བཟུང་སློབ་དཔོན་འདིའི་རིང་ལས་དགེ་འདུན་གྱི་སྡེ་མང་བ་མ་བྱུང་བར་བཤད། དེ་ལྟར་བསྟན་ལ་རླབས་པོ་ཆེའི་མཛད་པ་རྒྱ་ཆེར་བསྐྱངས་ཏེ་མཐར་རྫུ་འཕྲུལ་གྱིས་བལ་ཡུལ་དུ་ཕེབས། བཙུན་པས་ཆོས་གོས་གོན་བཞིན་ཆང་འཐུང་བར་གཟིགས་ནས་རྣམ་རྒྱལ་མའི་གཟུངས་རིང་འདོན་བཞིན་མྱ་ངན་ལས་འདས་ཤིང་། སྐབས་དེར་ཁོང་དགུང་ལོ་དྲུག་ཅུ་ལོན་པར་བཤད། སློབ་མ་ཚོས་སྐུ་གདུང་ཞུགས་པའི་མཆོད་རྟེན་བརྩིགས་པ་ད་ལྟའང་བལ་ཡུལ་དུ་བྱིན་རླབས་ཀྱི་ཚན་ཁ་འབར་བཞིན་བསོད་ནམས་ཀྱི་ཞིང་དུ་བཞུགས་སོ། ། དེ་ནས་དབྱིག་གཉེན་གྱི་སློབ་མ་ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོས་རྟོག་གེ་ཚིག་དོན་བརྒྱད་ཀྱི་རྣམ་གཞག་ཚུལ་གསུམ་གྱི་རིགས་པའི་བསྒྲུབ་བྱ་གཏན་ལ་འབེབས་པའི་སྲོལ་གསར་དུ་ཕྱེས་ཏེ། བསྟན་བཅོས་ཐོར་བུ་བརྒྱ་རྩ་གཅིག་དང་། དེ་དག་གི་སྙིང་པོ་བསྡུས་པ་ཚད་མ་མདོ་རང་འགྲེལ་དང་བཅས་པ་བརྩམས། མུ་སྟེགས་པའི་པཎྜིཏ་རིགས་པས་སུན་ཕྱུང་། བརྒྱད་སྟོང་དོན་བསྡུས་སོགས་བརྩམས་ཏེ་རྣམ་རིག་པའི་བསྟན་པ་རྒྱ་ཆེར་སྤེལ། ། དེའི་སློབ་མ་རིགས་པའི་དབང་ཕྱུག་སློབ་དཔོན་ཆོས་ཀྱི་གྲགས་པ་ཞེས་ཕ་རོལ་རྒོལ་བ་མ་ལུས་པའི་སྙིང་གི་སྤོབས་པ་དུས་གཅིག་ཏུ་བསྟུང་བའི་རིགས་པའི་གད་རྒྱངས་སྙན་པོ་འཕགས་པའི་ཡུལ་གྱི་ཤར་ནུབ་ཀུན་ཏུ་སྙན་པའི་གྲགས་པ་འབྲུག་ལྟར་ལྡིར་བ་དེས་ཚད་མ་མདོའི་དགོངས་འགྲེལ་སྡེ་བདུན་སོགས་བརྩམས། བསྟན་པ་སྤྱི་དང་སྒོས་སུ་རྣམ་རིག་པའི་བསྟན་པ་རྒྱ་ཆེར་འཕེལ་ཞིང་། སྐབས་དེར་མུ་སྟེགས་བྱེད་ཕལ་ཆེ་བ་མིང་གི་ལྷག་མ་ཙམ་དུ་གྱུར། དེའི་སློབ་མ་ལྷ་ཤཀ་གཉིས་དང་། རྒྱན་མཁན་པོ་སོགས་རིགས་པའི་དབང་ཕྱུག་གནམ་གྱིས་ས་བཀབ་པ་ལྟ་བུ་དུ་མ་བྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རིགས་པའི་ལམ་ནས་རྒྱ་ཆེར་སྤེལ། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་ནི། སྐུ་གཞོན་དུས་ནས་ཕྱི་ནང་གི་རིག་པའི་གནས་ཀུན་ལ་མཁས་པར་སྦྱངས་ཤིང༌། ནར་སོན་པ་ན་སློབ་དཔོན་དབྱིག་གཉེན་སོགས་ལ་བརྟེན་ནས་དམ་པའི་ཆོས་འདུལ་བ་རྒྱ་མཚོ་ལྟ་བུའི་གཞུང་ལུགས་ལ་གཞན་དྲིང་མི་འཇོག་པའི་མཁས་པའི་དཔལ་བརྙེས། འདུལ་བ་མདོ་རྩ་བ་སོགས་བརྩམས་ནས་དམ་ཆོས་འདུལ་བའི་བསྟན་པ་རིན་པོ་ཆེ་ཤིན་ཏུ་རྒྱས་པར་མཛད། དེ་ནས་བཟུང་ཤུཀྱ་འོད་ནས་རིམ་པར་བརྒྱུད་དེ་མཉམ་མེད་ཇོ་བོ་ཆེན་པོའི་བར་བསྟན་པའི་སྙིང་པོ་དམ་ཆོས་འདུལ་བའི་འོད་སྣང་ལྷམ་མེ་ལྷང་ངེ་ལྷན་ནེར་གསལ་བར་བྱས་སོ། ། བདག་ཉིད་ཆེན་པོ་དབྱིག་གཉེན་གྱི་སློབ་མ་མངོན་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་བློ་གྲོས་བརྟན་པ་ནི། སློབ་དཔོན་དབྱིག་གཉེན་བྷག་བཱི་ཧར་ཞེས་བྱ་བ་ན་འབྲུ་མར་གྱིས་ཟངས་བཀང་བའི་ནང་ན་ཞུགས་ཏེ་འབུམ་སྡེ་བརྒྱད་ཅུ་ཞལ་ཏོན་མཛད་པའི་ཚེ་ཕུག་རོན་ཞིག་རྒྱུན་དུ་ཉན་ནས་སྡོད་པ། ནམ་ཞིག་ཚེ་འཕོས་ཏེ་མཐའ་འཁོབ་འདྲ་མ་ཞེས་བྱ་བར་དམངས་རིགས་ཀྱི་བུར་སྐྱེས། སྐྱེས་མ་ཐག་ངའི་སློབ་དཔོན་གང་ན་བཞུགས་ཞེས་འདྲི་བ་ལ། ཕས་ཁྱོད་ཀྱི་སློབ་དཔོན་སུ་ཡིན་དྲིས་པས་དབྱིག་གཉེན་ཡིན་ཟེར། ཕས་ཡུལ་དབུས་སུ་འགྲོ་བའི་ཚོང་པ་ལ་དྲིས་པས་དབྱིག་གཉེན་བཞུགས་པར་ཐོས་ནས། ཅུང་ཟད་སྐྱེས་པ་དང་སློབ་དཔོན་དབྱིག་གཉེན་མདུན་དུ་བསྐྱལ། སློབ་དཔོན་གྱིས་དེ་ལ་ཡི་གེ་ཕྱི་མོ་སློབ་པ་ནས་བཟུང་སྟེ་རིག་པའི་གནས་ཐམས་ཅད་ལ་མཁས་པར་བསླབས། ཆུང་ངུའི་དུས་ན་ནུ་ལབྷ་སྒྲོལ་མའི་རྟེན་བཞུགས་པའི་ཕྱག་ཏུ་སྲན་མའི་ཕུད་ཕུལ་ལ་བཟའ་སྙམ་ནས་འགའ་ཞིག་ཕུལ་བས་འགྲིལ་ནས་བྱུང༌། ཡང་ཕུལ་བས་འགྲིལ། འཕགས་མས་མ་གསོལ་བར་རང་ཟ་བ་མི་འོང་སྙམ་ནས་ཟད་ཟད་ཕུལ་ཡང་འགྲིལ་བས་བྱིས་པ་ངུས་སོ། །དེར་འཕགས་མས་ཞལ་དངོས་སུ་བསྟན་ཏེ་ངུ་མི་དགོས། ངས་ཁྱོད་ལ་བྱིན་གྱིས་བརླབས་ཀྱིས་ཁྱིམ་དུ་སོངས་གསུངས། དེས་མཁྱེན་རབ་ཐོགས་མེད་དུ་གྱུར་ཏེ་རྟེན་དེ་ལ་སྲན་མའི་སྒྲོལ་མ་ཞེས་གྲགས་སོ། །སློབ་དཔོན་དེ་ལ་མདོ་དཀོན་མཆོག་བརྩེགས་པའི་ལེའུ་བཞི་བཅུ་ཞེ་དགུ་ཡན་ཆད་ཐུགས་ལ་མངའ་ཞིང་འགྲེལ་པ་ཡང་མཛད་ཅེས་གྲགས་སོ། །དེའི་ཚེ་མཁས་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ་ཅིང༌། སློབ་དཔོན་དེས་མཛོད་ཀྱི་འགྲེལ་པ་གནམ་ལྕགས་ཐོག་གཟེར། ཆོས་མངོན་པ་ཀུན་ལས་བཏུས་ཀྱི་འགྲེལ་པ། རབ་ཏུ་བྱེད་པ་སྡེ་བརྒྱད་ཀྱི་འགྲེལ་པ་ལ་སོགས་པ་བསྟན་བཅོས་མང་དུ་བརྩམས་སོ། ། གཞན་ཡང་ཕྱི་ནང་གི་གྲུབ་མཐའི་གནས་ལུགས་ཕྲ་མོ་ཚུན་ཆད་ལ་ཆགས་ཐོགས་མེད་པའི་མཁྱེན་རབ་ཀྱི་སྤྱན་མངའ་བ་ཤ}o༣་པ་དང་། པཎ་ཆེན་ན་རོ་པ་སོགས་མཁས་པ་ཕྲུག་དགུ་ལ་སོགས་པ་རིམ་པར་བྱོན་པ་རྣམས་ཀྱིས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་གྱིས་བླ་ན་འདེགས་པའི་ཚུལ་ཤིན་ཏུ་འགངས་ཆེ་བ་རྣམས་རྒྱ་གར་ཆོས་འབྱུང་སོགས་ལས་ཤེས་པར་བྱའོ།། རྒྱུད་སྡེ་བཞིའི་གསང་སྔགས་རྡོ་རྗེའི་ཐེག་པ་ནི། རྒྱལ་བ་རྡོ་རྗེ་འཆང་གི་སྐུའི་རྣམ་པར་རོལ་བ་སྣ་ཚོགས་པའི་ཚུལ་གྱིས་ཨོ་ཌི་བི་ཤ་དང་། དཔལ་ལྡན་འབྲས་སྤུངས་སོགས་ལྷ་དང་མིའི་གནས་ཁྱད་པར་ཅན་དུ་མར་གསུང་པ་རྣམས་རིམ་གྱིས་ས་ར་ཧ་དང་། དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་དང་། རྒྱལ་པོ་ཨི}སྤྱ་བྷ་དྷི་སོགས་ནས་བརྒྱུད་པཎ་ཆེན་ན་རོ་པའི་བར་རྒྱ་ཆེར་དར་ཞིང་། དེ་ཡང་སྟོན་པ་འདས་ནས་གསང་སྔགས་ཀྱི་བསྟན་པ་འཇིག་རྟེན་དུ་དར་ཡང་སྔགས་འཆང་གྲུབ་ཐོབ་ཚོས་ཆེས་ཤིན་ཏུ་གསང་བའི་སྒོ་ནས་སློབ་མ་སྣོད་ལྡན་འགའ་ཞིག་ལ་མ་གཏོགས་གདམས་པ་དང་དབང་ལུང་མི་གནང་བས་ཆིག་བརྒྱུད་ཀྱི་ཚུལ་དུ་བྱུང་ཞིང་། དབང་དང་མན་ངག་ཞུས་པ་ནས་མཆོག་གི་དངོས་གྲུབ་དང་ཐུན་མོང་གི་དངོས་གྲུབ་བརྙེས་པ་ཤ་སྟག་བྱུང་། ཀླུ་སྒྲུབ་སྙིང་པོ་ནས་བཟུང་གསང་སྔགས་ཀྱི་དབང་ལུང་གནང་པའི་གཞི་རྒྱ་ཇེ་ཆེར་ཕྱིན་པ་ནས་འཕགས་ཡུལ་དུ་གསང་བ་སྔགས་ཀྱི་བསྟན་པ་ས་དར་རྡོ་དར་དུ་གྱུར་བ་ཡིན་ནོ། ། སྐབས་འདིར་འཕགས་ཡུལ་གྱི་གསང་སྔགས་བསྟན་པ་འཛིན་པའི་མཚན་ཅན་གྲུབ་ཐོབ་བརྒྱད་ཅུའམ་བརྒྱ་ཅུ་རྩ་བཞི་ཞེས་འབྱུང་བ་ནི། མང་ཆེ་བ་སློབ་དཔོན་ཆོས་གྲགས་ཀྱི་སྐུ་དུས་ཡན་མན་དུ་བྱུང་ཞིང་། དེ་ནས་རྒྱ་གར་རྒྱལ་པོ་ཙ་ན་ཀ་ཡན་ཆད་བྱུང་བ་ཡིན་ལ། དེ་དག་གི་མཚན་བྱང་ཙམ་བཀོད་ན། ༡ ལུ་ཨི་པ། ཉ་ལྟོ་བ། ༢ དྷརི་ཀ་པ། སྨད་འཚོང་ལ་གཡོག་བྱེད་པ། ༣ ཌིམ་ཀེ་པ། ༤ ལི་ལ་པ། ༥ བིར་ཝ་པ། དཔལ་ལྡན་ཆོས་སྐྱོང༌། ༦ ཊོམ་བྷ་པ། ༧ ཤ་ཝ་རི་པ། རི་དྭགས་རྔོན་པ། ༨ ས་ར་ཧ་པ། བྲམ་ཟེ་ས་ར་ཧ་པ། ༩ ཀོ་ཀ་ལི་། ཉལ་པོ་ལ་དགའ་བ། ༡༠ མི་ན་པ། ཉ་པ། ༡༡ གོ་རཀྵ་པ། རྐང་ལག་མེད་པ། ༡༢ ཙ་འུར་ཁ་པ། བ་ལང་སྐྱོང༌། ༡༣ བི་ན་པ། རོལ་མོ་ལ་ཆགས་པ། ༡༤ རསྒྲཋ་ཨ་ཀ་ར་ཤབྲo༣། །རིན་ཆེན་འབྱུང་གནས་ཞི་བ། ༡༥ ཏོག་ཙེ་པ། འཇོར་ཐོགས་མཁན། ༡༦ ཧ}ཧྲ༣་པ། ཐགས་མཁན། ༡༧ ཙ་མ་རི་པ། ལྷམ་མཁན། ༡༨ ཁངྒ་པ། རལ་གྲི་ཅན། ༡༩ ཀླུ་སྒྲུབ། ༢༠ ཀསྒྲཊ༣་པ། ནག་པོ་སྤྱོད་པ། ༢༡ ཀ་ན་རི་པ། སློབ་དཔོན་ཨ”་དེ་བ། ༢༢ ཐེ་གེ་ན་པ། བརྫུན་ལ་དགའ་བ། ༢༣ ཏེ་ལོ་པ། ཏིལ་བརྡུང་མཁན། ༢༤ ནུ་རོ་པ། པཎ་ཆེན་ནུ་རོ་པ། ༢༥ ཤ་ལི་པ། སྤྱང་ཀི་པ། ༢ ཙ་ཏ་པ། ཆོས་སློང་མཁན། ༢༧ བྷཧ་པ། ༢༨ དྷོ་ཁན་དྷི་པ། ༢༩ ཨ་ཛུ་ཀི། ལེ་ལོ་ཅན། ༣༠ ས་ཀ་ལ་པ། སྨྱོན་པ། ༣༡ ཌོམ་བི་བ། ཁྲུས་མཁན། ༣༢ མེ་ཀོ་པ། དུར་ཁྲོད་པ། ༣༣ མ་རི་པ། མགར་བ། ༣༤ ཛ་ལན་དྷ་ར་པ། འབར་བ་འཛིན། ༣༥ ར་ཧུ་ལ། སྒྲ་གཅན་འཛིན། ༣༦ དྷ་པ། ཆོས་སྨྲ་བ། ༣༧ དྷ་ཀ་རི་པ། སྣོད་འཁུར་བ། ༣༨ མེ་དྷ་ནི། ཞིང་པ། ༣༩ སངྒ་ཛ་ལ། ༤༠ དྲིལ་བུ་པ། ༤༡ ཨ་ཡོ་གི་ ༤༢ ཙ་ལོ་ག། ༤༣ གུ་ཧུ་རི་པ། བྱ་པ། ༤༤ ལུ་ཙི་ཀ། ཙོག་འདུག་ལྐོག་ལངས། ༤༥ ཀམ་ཀ་ལ། གདུ་བུ་པ། ༤༦ ཀམ་པ་ལི། ལ་ཝ་པ། ༤༧ བྷདེ་པ། ༤༨ ཏེན་ཏ་པ། ཆོ་ལོ་པ། ༤༩ ཀུ་ཀུ་རི་པ། ཁྱི་ལ་དགའ་བ། ༥༠ ཀུ་ཛྙ་ལི། ལྟག་ཝ་ཅན། ༥༡ དྷ་པ། ཐོས་ཤེས་ཅན། ༥༢ མ་དྷི་ལ། ང་རྒྱལ་ཅན། ༥༣ ཨ་ཙི་}o། ཤིང་འཚོང་མཁན། ༥༤ བྷལ་ཧ། ༥༥ ན་ལི་པ། འདམ་གྱིས་མ་གོས་པའི་པདྨ ༥༦ བྷ་སུ་ཀུ་པ། འདུ་ཤེས་གསུམ་པ། ༥༧ ཨིབྷབོ་དྷི། བྱང་ཆུབ་དབང་པོ། ༥༨ ལེགས་སྨིན་ཀ་ར། དེའི་སྐུ་མཆེད་(མོ) ༥༩ ཛ་ལེབྷཔ། འབར་བའི་དབང་པོ། ༦༠ ནི་ར་གུ་ན། ཡོན་ཏན་མེད་པ། ༦༡ ཙ་བ་རི་པ། འཁུར་པ་འཚོང་བ། ༦༢ ཙ་པ་ཀ། ༦༣ བྷ་ཁ་ན། ༦༤ ཏིལ་བརྡུང་པ། ༦༥ ཀུ་མ་རི། ༦༦ དུ་མེ་བ། ༦༧ མ་ཎི་བྷདྲ།(མོ) ༦༨ རྣལ་འབྱོར་མ་མེ་ཁ་ལ། ༦༩ དེའི་སྐུ་མཆེད།(མོ) ༧༠ ཀ་ན་ཀ་པ། མུ་ཅོར་སྨྲ་བ། ༧༡ ཀན་ཐ་ལི་པ། འཚེམ་བུ་པ། ༧༢ དྷཔུ་རི་པ། ཀུ་ཤའི་ཐག་པ་གཅུ་མཁན། ༧༣ ཨུ་དྷརི་པ། རྫུ་འཕྲུལ་གྱིས་འཕུར་མཁན། ༧༤ ཀ་པཱ་ལི་པ། ཐོད་པ་ཅན། ༧༥ ཀི་ར་པ། སྲིད་དམག་ལ་དགའ་བ། ༧༦ མཚོ་སྐྱེས་རྡོ་རྗེ། ༧༧ སྭརྦ་བྷག་ལ། མཐོང་ཚད་ཟ་བ། ༧༨ ན་ག་བོ་དྷ། ཀླུའི་བྱང་ཆུབ། ༧༩ ཁུར་ལི་པ། བྲིས་སྐུ་འཆང་བ། ༨༠ པ་ན་ཧ། མཆིལ་ལྷམ་ཅན། ༨༡ ཀོ་ཀ་ལི་པ། བྱ་ཀོ་ཀ་ལི་ལ་དཀའ་བ། ༨༢ ཨ་ན་ཀ། ལུས་བཟང་པ། ༨༣ སམུབྷ ཚོང་བྱེད་མཁན། ༨༤ བྱ་རི་པ། བཅུད་ལེན་བཅས་ཡིན་ཞིང་། སྒྲུབ་ཐབས་ཀུན་བཏུས་སོགས་སུ་འདི་དག་གི་མཚན་གྱི་རྣམ་གྲངས་མི་འདྲ་བ་དུ་མ་སྣང་ཡང་འདི་དེབ་དམར་མཆན་འགྲེལ་ལྟར་བཀོད་པ་ཡིན། སྤྱིར་འཕགས་ཡུལ་དུ་ཀླུ་སྒྲུབ་ཞབས་བཞུགས་པའི་སྐབས་ཁོ་ནར་ཡང་གསང་སྔགས་བླ་ན་མེད་པའི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལྔ་སྟོང་ལྷག་བྱུང་སྐད་ཐོས་ལ། འདིར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཞེས་བགྲང་པ་ནི། དུས་ཐོག་གཅིག་ཏུ་ཕེབས་པ་མིན་ཡང་བླ་མ་རྡོ་རྗེ་གདན་པས་ཆོས་འཁོར་མཛད་པའི་སྐབས། རྫུ་འཕྲུལ་གྱི་མཐུ་ལ་བརྟེན་ནས་དངོས་སུ་ཕེབས་པའི་གྲུབ་ཐོབ་བརྒྱད་ཅུ་གྱ་བཞི་བྱུང་བ་ལ་བརྟེན་ནས་དུས་ཕྱིས་གྲུབ་ཐོབ་བརྒྱད་ཅུ་ཞེས་གྲགས་པའི་ཐ་སྙད་འདི་ཉིད་བྱུང་བ་ཡིན་ནོ། །འདི་དག་རེ་རེའི་རྣམ་པར་ཐར་པ་ནི་ཨ་ཁ’་ཀ་རས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་པ་ཚབ་ལོ་ཙཱས་བསྒྱུར་བ་དང་། སྨོན་གྲུབ་ཤེས་རབ་པས་མཛད་པའི་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྣམ་ཐར་ཡོད་པས་དེ་དག་ལ་གཟིགས་དགོས། ཁོ་བོས་ཀྱང་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་སྐོར་གྱི་དཔྱད་གཞི་འགའ་ཞིག་ཨ་རི་ཨི་ཌི་ཨ་ན་(གྲརྣརྟདྲཎརྣཎ Uརྣདྲསྤྲeཔྱཔྲདྲtཕྲ) དཔེ་མཛོད་ཁང་ནས་རྙེད་སོན་བྱུང་བ་ལྟར་དེ་དག་གི་རྣམ་ཐར་མདོར་བསྡུས་རེ་འབྲི་རྩིས་ཡོད་པས་དེ་ལའང་གཟིགས་ལ་འཚལ། ཞེས་ཀྱང་བསྐུལ་ལོ། ། དགེ་ལེགས་ཐུབ་བསྟན་སྐྱེད་མོས་ཚལ་ཡངས་པོར།། གསུང་སྐྱེས་རྟ་ལྗང་བྱེ་བའི་འོད་སྣང་གིས།། ཤིས་པ་སྒྲུབ་པའི་སྦྲང་རྩིའི་དགའ་སྟོན་དཔལ།། སྤྱོད་པའི་སྐལ་བཟང་བུང་བའི་འཕྲོ་འདུ་གཡོ།། ཐོས་སྒྲོགས་ཉི་ཟླའི་འགྲོས་ཀྱིས་མ་ཕྱེད་པའི།། ཐེག་མཆོག་དགོངས་པའི་བ་ཀུ་ལ་ཡི་འདབ།། ཀླུ་ཐོགས་མཛེས་མའི་འགྲམ་ཆང་གིས་འབྱེད་པའི།། མཆོག་གི་ཐེག་པའི་དགའ་སྟོན་སླར་ཡང་འཇོ།། བསྐལ་བཟང་རྣམ་འདྲེན་གཞན་གྱི་བསྟན་པ་ལ།། མཆོག་ཏུ་དཀོན་པ་རྒྱུད་སྡེ་རྣམ་པ་བཞིའང།། མཆོག་གི་གྲུབ་པ་བརྙེས་པའི་རྣལ་འབྱོར་ཚོས།། ཚུལ་བཞིན་སྤེལ་བའི་བཀའ་དྲིན་གཞལ་ནུས་མིན།།ཞེས་ཀྱང་སྨྲས་སོ།།

(༧) བསྟན་པ་སྟོབས་ཀྱིས་སྐྱོང་བའི་ཆོས་ཀྱི་རྒྱལ་པོ་ཇི་ལྟར་བྱུང་ཚུལ། ། དེ་ལྟར་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་འཛིན་སྐྱོང་བྱེད་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་འཆད་མཉན་སྒོམ་པའི་མཛད་པ་སྐྱོང་ནས་བསྟན་པ་རིན་པོ་ཆེ་གསལ་བར་མཛད་པར་བསྟན་པ་མྱ་ངན་ལས་འདས་པའི་སྤྱི་ལོ་ནས་བཟུང་། རྒྱལ་པོ་མ་སྐྱེས་དགྲ་དང་། རྒྱལ་པོ་ལག་བཟང་། ཆོས་རྒྱལ་མྱ་ངན་མེད་དང་དེའི་བུ་རྒྱལ་པོ་མྱ་ངན་བྲལ་སོགས་གདུང་བརྒྱུད་དང་། རྒྱལ་པོ་པདྨཆེན་པོ། རྒྱལ་པོ་ཡ་ཚུལ། རྒྱལ་པོ་གཡོ་བ། རྒྱལ་པོ་གཽ་པཱ། དེ་ཌ་པཱ་ལ་དང༌། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་སོགས་པཱ་ལ་བདུན་བརྒྱུད། རྒྱལ་པོ་མ་སུ་རགྷ་ཏ། རྒྱལ་པོ་ཙ་ན་ཀ་སོགས་ཆོས་ཀྱི་རྒྱལ་པོ་ཆེན་པོ་རིམ་བྱུང་རྣམས་ཀྱིས་གཙུག་ལག་ཁང་དང་དགེ་འདུན་གྱི་སྡེ་འཛུགས་པ་དང་། འཚོ་བའི་དུས་སྟོན་སྦྱར་བ་སོགས་བླ་ན་མེད་པའི་མཐུན་རྐྱེན་རྒྱ་ཆེར་སྦྱར་བ་ལ་བརྟེན་ནས་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་གྱུར་ཏེ། དེ་དག་ལས་ཙབྷབདུན་དང་ཀོ་པ་ལའི་རྒྱལ་བརྒྱུད་རྣམས་ཅུང་ཟད་འཆད་པར་འདོད་དེ། དེ་ཡང་ཙབྷབདུན་ནི། རྒྱ་གར་གྱི་ལོ་རྒྱུས་སུ། རྒྱ་གར་ཤར་ཕྱོགས་བམ་གྷ་ལར་ཙབྷི་རིཊ་ལས་བྱུང་བའི་རྒྱལ་པོ་ཙབྷི་མིང་ཅན་བཅུ་དགུ་བྱུང་བ་ནི་(༡། ཧ་རི་ཙབྷ ༢། ཨ་ཀྵ་ཙབྷ ༣ ཛ་ཡ་ཙབྷ ༤ ནེ་མི་ཙབྷ ༥ ཕ་ནི་ཙབྷ ༦ བྷ་ས་ཙབྷ ༧ ས་ལ་ཙབྷ ༨ ཙབྷགསྒྱËË། ༩ ཤྲི་ཙབྷ ༡༠ དྷ་ཙབྷ ༡༡ ཀརྨ་ཙབྷ ༡༢ བྲི་ཀྵ་ཙབྷ ༡༣ པི་ག་མ་ཙབྷ ༡༤ ཀུ་མ་ཙབྷ ༡༥ བིངྒ་ཙབྷ ༡༦ བཱ་ལ་ཙབྷ ༡༧ བི་མ་ལ་ཙབྷ ༡༨ གོ་བི་ཙབྷ ༡༩ ལ་ལི་ཏ་ཙབྷ བཅས་ཡིན་ཞིང༌། དེ་དག་གི་ནང་ནས། ༡ ཨ་ཀྵ་ཙབྷདང༌། ༢ ཛ་ཡ་ཙབྷ ༡༠ དྷ་ཙབྷ ༡༡ ཀརྨ་ཙབྷ ༡༣ བི་ག་མ་ཙབྷ ༡༤ ཀུ་མ་ཙབྷ ༡༧ བི་མ་ལ་ཙབྷ བཅས་བདུན་པོ་དེ་རྣམས་ཀྱིས་སྲིད་དབང་བཟུང་ཡུན་རིང་ཞིང་བསྟན་པར་དད་གུས་དང་བྱས་པ་ཆེན་པོ་ཅན་ཡིན་པས། རྒྱ་གར་གྱི་ལོ་རྒྱུས་ཐོག་གོང་གསལ་རྒྱལ་པོ་བདུན་པོ་དེར་ཙབྷབདུན་ཞེས་ཟེར། རྒྱལ་པོ་འདི་རྣམས་དུས་སྐབས་གང་དུ་བྱུང་བ་དང་སྲིད་དབང་བཟུང་བའི་ལོ་གྲངས་བཅས་གསལ་བར་བཤད་པ་མ་མཐོང་ཞིང༌། ཙབྷི་རིགས་ཀྱི་རྒྱལ་པོ་དང་པོ་ཧ་རི་ཙབྷནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་བྲམ་ཟེ་སྒྲ་གཅན་འཛིན་དང་དུས་མཚུངས་པར་རྒྱ་གར་ཆོས་འབྱུང་ལས་བཤད་པས་དེར་གཞི་བཟུང་ན། སྤྱི་ལོ་མ་ཚུགས་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་དུ་བྱུང་བ་འདྲ་ཞིང༌། ཙབྷི་རིགས་ཀྱི་རྒྱལ་པོ་ཐ་མ་ལ་ལི་ཏ་ཙབྷནི། རྒྱ་གར་ཆོས་འབྱུང་ལས། སློབ་དཔོན་ཆོས་ཀྱི་གྲགས་པའི་རྗེས་ཙམ་དུ་བྱུང་བར་བཤད་པས། གོང་གསལ་ཙབྷརིགས་ཀྱི་རྒྱལ་པོ་བཅུ་དགུ་ནི་སྤྱི་ལོ་མ་ཚུགས་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་ནས་དུས་རབས་བདུན་པའི་དཀྱིལ་ཙམ་བར་བྱུང་བ་ཡིན་ཚོད་ལས་ཞིབ་ཆའི་ལོ་རྒྱུས་གསལ་བར་འཁོད་པ་ད་ཕན་མ་མཐོང༌། བོད་ཡིག་ཐོག་འཁོད་པ་ནི་ཇོ་ནང་ཏུ་ར་ནུ་ཐས་བརྩམས་པའི་རྒྱ་གར་ཆོས་འབྱུང༌། ལེའུ་བཅུ་བཞི་པ་ནས་ལེའུ་ཉི་ཤུ་རྩ་བདུན་བར་གསལ་བས་དེར་གཟིགས་དགོས། པཱ་ལ་བདུན་ནི། སྤྱིར་རྒྱ་གར་ཤར་ཕྱོགས་བམ་གྷ་ལར་པཱ་ལའི་རིགས་ཀྱི་རྒྱལ་པོ་སྔ་རྗེས་བསྡོམས་པའི་བཅུ་བཞི་བྱུང་ཞིང་དེ་རྣམས་ཀྱི་ནང་ནས། ༡ གཽ་པཱ་ལ། ༢ དེ་ཝ་པཱ་ལ། ༤ དྷ་རྨ་པཱ་ལ། ༦ མ་ཧི་པཱ་ལ། ༧ མ་ཧ་པཱ་། ༡༠ ནེ”་པཱ་ལ། ༡༣ ར་མ་པཱ་ལ། བཅས་བདུན་པོ་དེ་ནི་སྲིད་དབང་བཟུང་ཡུན་རིང་ཞིང་བསྟན་པ་ལ་བྱས་རྗེས་ཆེ་བས་པཱ་ལ་བདུན་ཟེར། པཱ་ལའི་རྒྱལ་བརྒྱུད་དང་པོ་ནི་རྒྱལ་པོ་གཽ་པཱ་ལ་ནས་བརྒྱུད་པ་ཡིན་ལ། རྒྱལ་པོ་འདི་ནི་རྒྱ་གར་གྱི་ལོ་རྒྱུས་ཐོག་གྲགས་ཆེ་བའི་རྒྱལ་པོ་པཱ་ལ་བདུན་བརྒྱུད་ཅེས་བྱ་བ་བྱུང་བའི་ནང་གི་ཐོག་མ་ཡིན། རྒྱ་གར་མ་གྷ་དྷའི་ར་ཕྱོགས་ལི་ཁ་ར་ཤིང་འཕེལ་གྱི་ནགས་ཚལ་ན་རྒྱལ་རིགས་ཀྱི་བུ་མོ་ཞིག་ཤིང་གི་ལྷ་དང་འདུས་པ་ལས་སྐྱེས་པ་ཡིན་ཟེར། རྒྱལ་པོ་འདི་དུས་སྐབས་གང་དུ་བྱུང་བ་ད་ཕན་ཁོ་བོས་མཐོང་བའི་ལོ་རྒྱུས་ནང་མི་གསལ་ཡང༌། རྒྱལ་པོ་གཽ་པཱ་ལ་ནས་ཡ་ཀྵ་པཱ་ལའི་བར་རྒྱལ་པོ་བཅུ་དགུས་སྲིད་དབང་བཟུང་བའི་ལོ་གྲངས་རྣམས་རྒྱ་གར་ཆོས་འབྱུང་གི་ནང་གསལ་ཞིང་།ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་འབྱོར་སྐབས་རྒྱལ་པོ་ནེ”་པཱ་ལ་རྒྱལ་སྲིད་ལ་འཁོད་འཕྲལ་ཡིན་པ་ཇོ་བོ་རྗེའི་རྣམ་ཐར་ཁུངས་ཐུབ་རྣམས་ལས་བཤད། རྒྱལ་པོ་དྷ་པཱ་ལ་དང་བོད་ཀྱི་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་དུས་མཚུངས་པར་རྒྱལ་སྡེ་དཀར་ཆུང་གི་རྡོ་རིང་ཡི་གེར་གསལ་བར་འཁོད་ཡོད་པར་གྲུབ་ཐོབ་ཨོ་རྒྱན་པས་བཤད་པ་བཅས་ཕན་ཚུན་གོ་བསྡུར་ནས་ལོ་གྲངས་ཡར་འདེད་ཀྱིས་རྩིས་བྱས་ཚེ། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་པོ་ནེ”་པཱ་ལས་སྲིད་དབང་མ་བཟུང་བར་ལོ་གྲངས་སུམ་བརྒྱ་དྲུག་ཅུ་རེ་གཉིས་ཡོད་པས། རྒྱལ་པོ་གཽ་པཱ་ལས་སྲིད་དབང་བཟུང་སྐབས་བོད་ཀྱི་རྒྱལ་པོ་འདུས་སྲོང་མང་པོ་རྗེ་དང་དུས་མཉམ་པ་སྟེ། སྤྱི་ལོའི་དུས་རབས་བདུན་པའི་ལོ་(༦༨༥-༧༢༩)བར་གྱི་ལོ་ཞེ་ལྔའི་རིང་དེར་ཡིན་པར་རགས་རྩིས་ཀྱི་ཚོད་དཔག་བྱས་པ་ཡིན། སྐབས་དེར་རྒྱ་གར་ཤར་ཕྱོགས་བྷ་ག་ལར་རྒྱལ་པོ་ལ་ལི་ཏ་ཙབྷི་གདུང་རྒྱུད་ཆད་ནས་རྒྱལ་པོ་མེད་པ་དང་སྟབས་ཁེལ་ནས་གཽ་པཱ་ལ་རྒྱལ་པོར་བསྐོས། ཚེ་སྨད་ལ་རྒྱ་གར་ཡུལ་དབུས་མ་གྷ་དྷཡང་དབང་དུ་བསྡུས། ཡུལ་དེ་གཉིས་སུ་གཙུག་ལག་ཁང་དང་དགོན་པ་མང་དུ་བཞེངས། ལོ་རྒྱུས་འགའ་ཞིག་ཏུ་ཨོ་ཏ}o་པུ་རི་ཞེས་པའི་གཙུག་ལག་ཁང་སྐད་གྲགས་ཅན་དེ་ཡང་རྒྱལ་པོ་འདིས་བཞེངས་པ་ཡིན་ཞེས་བཤད། རྒྱལ་པོ་འདིས་ལོ་ཞེ་ལྔའི་རིང་སྲིད་དབང་བཟུང༌། པཱ་ལའི་རིགས་ཀྱི་རྒྱལ་རབས་བཞི་པ་དྷ་པཱ་ལ་ནི། བོད་སྐད་དུ་དཔལ་ལྡན་ཆོས་སྐྱོང་ཟེར་ལ། རྒྱ་གར་གྱི་ལོ་རྒྱུས་ཐོག་སྐད་གྲགས་ཡོད་པའི་རྒྱལ་པོ་ཞིག་ཡིན་ཅིང༌། རྒྱལ་པོ་ར་ས་པཱ་ལའི་བུ་ཡིན། རྒྱལ་པོ་འདིས་ལྕགས་རྟ་ལོ་ནས་ཆུ་བྱ་ལོ་བར་(སྤྱིལོ་༧༩༠-༨༥༣)ལོ་དྲུག་ཅུ་རྩ་བཞིའི་རིང་སྲིད་དབང་བཟུང༌། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པར་ཡང་ལུང་བང་སོའི་རྡོ་རིང་ཡི་གེའི་ནང་འཁོད་ཡོད་པར་རྒྱ་གར་ཆོས་འབྱུང༌ལས་བཤད། རྒྱལ་པོ་འདིས་རྒྱ་གར་ཤར་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་བར་དང༌། ནུབ་ཕྱོགས་སུ་ཌི་ལི་ཚུན་ཆད། བྱང་ངོས་ཁ་ཆེའི་ཡུལ་ཚུན་ཆད། ལྷོ་ཕྱོགས་འབིགས་བྱེད་ཀྱི་རི་ཚུན་ཆད་ལ་དབང་བསྒྱུར་བྱས། རྒྱ་གར་མ་གྷ་དྷའི་བྱང་ངོས་ཆུ་བོ་གངྒའི་འགྲམ་དུ་རི་དེའུ་ཞིག་གི་རྩེར་བི་ཀྲ་མ་ཤྲི་ལའི་གཙུག་ལག་ཁང་བཞེངས་ཤིང༌། དེར་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ཡོད་པར་བཤད། རྒྱལ་པོ་འདིའི་ལོ་རྒྱུས་ཐོར་བུ། ཇོ་ནང་ཏུ་ར་ནུ་ཐས་བརྩམས་པའི་རྒྱ་གར་ཆོས་འབྱུང་ལེའུ་སུམ་ཅུ་པར་གསལ། (༢༠༤-༢༠༨)བར་ལྟོས། །དེ་ལྟར་ན་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་མདོར་ཙམ་བཤད་ཟིན་ཏོ།། སྟོབས་ཀྱི་དཔུང་པས་ས་ཆེན་དབང་དུ་བསྒྱུར།། འབྱོར་པའི་ནོར་གྱིས་ནམ་མཁའ་མཛོད་དུ་བསྐྲུན།། བསྟན་པ་སྟོབས་ཀྱིས་ཚུལ་བཞིན་སྐྱོང་བ་ཡི།། ས་སྐྱོང་རྒྱལ་དང་རྒྱལ་ཕྲན་དུ་མས་ཀྱང་།། ཕན་བདེའི་འབྱུང་གནས་རྒྱལ་བའི་བསྟན་པ་དང་།། དེ་འཛིན་དགེ་འདུན་འདུས་སྡེ་བཅས་པ་དག། འབྱོར་པའི་སྟོབས་དང་ནུས་པས་བསྐྱངས་པ་ཡི།། མཐུན་རྐྱེན་བསྐྲུན་པའི་ལོ་རྒྱུས་བརྗོད་ལས་འགོངས།།ཞེས་ཀྱང་སྨྲས་སོ།།གང་ཞིག་རྣ་བའི་ལམ་དུ་ལྷུང་ན་དགེ་ལེགས་འདོད་འཇོ་སྔོན་བྱོན་འཕགས་བོད་མཁས་རྣམས་ཀྱི།།མགྲིན་པའི་ཀློང་ནས་ཐར་པའི་ཞིང་གཤིན་ངོ་མཚར་གཏམ་གྱི་ཞལ་ཆབ་སྤྲིན་གྱི་མེ་ཏོག་ཁམས།།བདག་བློའི་སྐྱེས་སྦྱངས་གོམས་པའི་ལམ་ནས་ཡུན་རིང་འབབ་པ་ཆ་བསགས་རིན་ཆེན་འབྱུང་བའི་གཏེར།།ཛ་ཧུའི་ཟོལ་གྱིས་སྐྱུགས་པ་ཡིན་གྱི་ཐོལ་བྱུང་མངོན་མཁྱེན་བརྡོལ་བའི་དག་སྣང་འཆར་བ་མིན།།རྒྱ་གར་འཕགས་པའི་ཡུལ་དང་གངས་ཅན་བོད་ཀྱི་ཞིང་དུ་ཕན་བདེ་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་ལས་བརྩམས་པའི་ཆོས་འབྱུང་ཛམ་བུའིགསེར་གྱི་འཁྲི་ཤིང་ལས་རྒྱ་གར་འཕགས་པའི་ཡུལ་དུ་དམ་པའི་ཆོས་ཇི་ལྟར་དར་བའི་ཚུལ་གྱི་ཡལ་འདབ་སྟེ་དང་པོའོ།། །།

ཡལ་འདབ་དང་པོའི་དཔྱད་གཞི་ཡིག་ཆ་ཁག༡ <<མདོ་རྒྱ་ཆེར་རོལ་པ>>། བཀའ་འགྱུར་སྡེ་དགེ་པར་མ། མདོ་སྡེ། ཇ༢༢༠༨༤- ༠༩༡༥་༠༩༢༥- སྐྲཁ ༤ oཐ ༡༠- ཆoརྡ། ༣༠་༤༠ ༢ <<འདུལ་བ་ལུང་གཞི>>། བཀའ་འགྱུར་སྡེ་དགེ་པར་མ། འདུལ་བ། ཇ༢༢༠༨༤- ༠༨༨༦་༠༨༨༦་༠༨༩༧- སྐྲཁ ༡ oཐ ༡༠- ཆoརྡ། ༡་༡༢༣ <<མདོ་མཛངས་བླུན>>། བཀའ་འགྱུར་སྡེ་དགེ་པར་མ། མདོ་སྡེ། ཇ༢༢༠༨༤- ༠༩༡༥་༠༩༢༥- སྐྲཁ ༤ oཐ ༡༠- ཆoརྡ། ༣༠་༤༠ ༤ <<མདོ་སྡེ་ཕལ་བོ་ཆེ>>། བཀའ་འགྱུར་སྡེ་དགེ་པར་མ། མདོ་སྡེ། ཇ༢༢༠༨༤- ༠༩༡༥་༠༩༢༥- སྐྲཁ ༤ oཐ ༡༠- ཆoརྡ། ༣༠་༤༠༥ <<མདོ་དཀོན་མཆོག་བརྩེགས་པ>>། བཀའ་འགྱུར་སྡེ་དགེ་པར་མ། དཀོན་བརྩེགས། ཇ༢༢༠༨༤- ༠༩༢༦་༠༩༣༦- སྐྲཁ ༥ oཐ ༡༠ - ཆoརྡ། ༤༡་༥༡༦ <<འཇམ་དཔལ་རྩ་རྒྱུད>>། བཀའ་འགྱུར་སྡེ་དགེ་པར་མ། རྒྱུད་འབུམ། ཇ༢༢༠༨༤- ༠༩༥༨་༠༩༦༨- སྐྲཁ ༨ oཐ ༡༠- ཆoརྡ། ༧༣་༨༣ ༧ <<མདོ་སྡེ་བསྐལ་པ་བཟང་པོ>>། བཀའ་འགྱུར་སྡེ་དགེ་པར་མ། མདོ་སྡེ། ཇ༢༢༠༨༤- ༠༩༠༧་༠༩༡༤- སྐྲཁ ༣ oཐ ༡༠-ཆoརྡ། ༢༢་༢༩༨ <<འཕགས་པ་ཕུང་པོ་གསུམ་པའི་མདོ>>། བཀའ་འགྱུར་སྡེ་དགེ་པར་མ། མདོ་སྡེ། ཇ༢༢༠༨༤- ༠༩༠༧་༠༩༡༤- སྐྲཁ ༣ oཐ ༡༠-ཆoརྡ། ༢༢་༢༩༩ <<གདགས་པའི་བསྟན་བཅོས>>། མོའུ་འགལ་གྱི་བུས་བརྩམས་པ། ༡༠ <<མཛོད་རྩ་བ>>། དབྱིག་གཉེན་གྱིས་བརྩམས་པ། ༡༡ <<མཛོད་རང་འགྲེལ>>། དབྱིག་གཉེན་གྱིས་བརྩམས་པ། ༡༢ <<མཛོད་འགྲེལ་རྒྱལ་སྲས་མ>>། རྒྱལ་སྲས་གྲགས་པ་མཐའ་ཡས་གྱིས་བརྩམས་པ། ༡༣ <<མཛད་པ་བཅུ་གཉིས་ཀྱི་བསྟོད་པ་དོན་ལྡན་མ>>། སློབ་དཔོན་ཀླུ་སྒྲུབ་ཀྱིས་བརྩམས་པ། ༡༤ <<སྐྱེ་རབས་སོ་བཞི་པ>>། སློབ་དཔོན་རྟ་དབྱངས་ཀྱིས་བརྩམས་པ། ༡༥ <<ཐེག་པ་ཆེན་པོའི་རྒྱུད་བླ་མ>>། རྗེ་བཙུན་བྱམས་མགོན་གྱིས་བརྩམས་པ། ༡༦ <<དཔག་བསམ་འཁྲི་ཤིང༌>>། རྒྱལ་པོ་དགེ་དབང་དང་དེའི་སྲས་ཟླ་བཟང་གིས་བརྩམས་པ། ༡༧ <<གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྣམ་ཐར>>། ཨ་ཁ’ས་ཀ་རས་བརྩམས་པ། ༡༨ <<སྒྲུབ་ཐབས་ཀུན་བཏུས>>། ༡༩ <<བུ་སྟོན་ཆོས་འབྱུང༌>>། བུ་སྟོན་རིན་ཆེན་གྲུབ་ཀྱིས་བརྩམས་པ། ༢༠ <<བསྟོད་པ་བྱིན་རླབས་ཉེར་འཇུག>>། རྗེ་ཙོང་ཁ་པས་བརྩམས་པ། ༢༡ <<ཀློང་ཆེན་ཆོས་འབྱུང་>>། རྒྱལ་བ་ཀློང་ཆེན་རབ་འབྱམས་པས་བརྩམས་པ། ༢༢ <<བསྟོད་པ་བདུད་དཔུང་ཕྱེ་འཐག་མ>>། རྒྱལ་དབང་དགེ་འདུན་གྲུབ་པས་བརྩམས་པ། ༢༣ <<འདུལ་བའི་གླེང་འབུམ་ཆེན་མོ>>། རྒྱལ་དབང་དགེ་འདུན་གྲུབ་པས་བརྩམས་པ། ༢༤ <<ཆོས་འབྱུང་མཁས་པའི་དགའ་སྟོན>>། དཔའ་བོ་གཙུག་ལག་ཕྲེང་བས་བརྩམས་པ།༢༥ <<དེབ་ཐེར་སྔོན་པོ>>། འགོས་ལོ་གཞོན་ནུ་དཔལ་གྱིས་བརྩམས་པ། ༢༦ <<དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས>>། ོང་ས་ལྔ་པ་ཆེན་པོས་བརྩམས་པ། ༢༧ <<ཐུབ་རྣམས་སྤང་རྟོགས་མ>>། ོང་ས་ལྔ་པ་ཆེན་པོས་བརྩམས་པ། ༢༨ <<ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར>>། བཀའ་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་བརྩམས་པ། ༢༩ <<དེབ་ཐེར་དམར་པོ>>། ཚལ་པ་ཀུན་དགའ་རྡོ་རྗེས་བརྩམས་པ། ༣༠ <<དེབ་ཐེར་དམར་པོའི་མཆན་འགྲེལ>>། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པ།༣༡ <<དེབ་དམར་གསར་མ>>། པཎ་ཆེན་བསོད་ནམས་གྲགས་པས་བརྩམས་པ། ༣༢ <<ཆོས་འབྱུང་དཔག་བསམ་ལྗོན་བཟང་>>། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་གྱིས་བརྩམས་པ། ༣༣ <<རྒྱ་གར་ཆོས་འབྱུང་>>། ཇོ་ནང་ཏུ་ར་ན་ཐས་བརྩམས་པ། ༣༤ <<སྨྱུང་གནས་བླ་མ་བརྒྱུད་པའི་རྣམ་ཐར>>། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་བརྩམས་པ། ༣༥ <<སྟོན་པའི་རྣམ་ཐར>>། ཨ་མདོ་དྷི་ཚ་ཡེ་ཤེས་རྒྱ་མཚོས་བརྩམས་པ། ༣༦ <<རྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོ>>། འབྲུག་རྒྱལ་དབང་ཆོས་རྗེས་བརྩམས་པ། ༣༧ <<གཏད་རབས་བདུན་གྱི་རྣམ་ཐར>>། ཇོ་ནང་ཏུ་ར་ནུ་ཐས་བརྩམས་པ། ༣༨ <<བསྟན་པ་སྤྱིའི་རྣམ་བཞག>> ཀིརྟི་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པ། ༣༩ <<བསྟན་པ་སྤྱིའི་རྣམ་བཞག>> སྤྲུལ་སྐུ་བསོད་ནམས་ཡེ་ཤེས་དབང་པོས་བརྩམས་པ། འདི་ལུང་འདྲེན་ཙམ་པ་མ་གཏོགས་ལག་སོན་མ་བྱུང༌། ༤༠ <<ཕྱག་ཆེན་རྒྱལ་བའི་གཞུང་ལམ>> པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་བརྩམས་པ། ༤༡ <<འདུལ་བའི་བསྟན་རྩིས>>། པཎ་ཆེན་བསོད་ནམས་གྲགས་པས་བརྩམས་པ། ༤༢ <<གྲུབ་མཐའ་ཤེལ་གྱི་མེ་ལོང་>>། ཐུའུ་བཀྭན་ཆོས་ཀྱི་ཉི་མས་བརྩམས་པ། ༤༣ <<བསྟན་རྩིས་ཀྱི་རྣམ་བཞག>> ཀ་ཐོག་རིག་འཛིན་ཚེ་དབང་ནོར་བུས་བརྩམས་པ། ༤༤ <<བསྟན་རྩིས་གསལ་བའི་ཉིན་བྱེད་>>། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་བརྩམས་པ། ༤༥ <<བསྟན་རྩིས་གསལ་བའི་སྒྲོན་མེ>>། ཇོ་ནང་ཏུ་ར་ནུ་ཐས་བརྩམས་པ། ༤༦ <<བསྟན་རྩིས་ཉིན་བྱེད་སྣང་བ>>། རྫ་དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་དབང་པོས་་བརྩམས་པ། ༤༧ <<ལོ་ཚིགས་དང་ཤེལ་མེ་ལོང་>>། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པ། ༤༨ <<བསྟན་རྩིས་ཀུན་ལས་བཏུས་པ>>། ཚེ་ཏན་ཞབས་དྲུང་གིས་བརྩམས་པ། ༤༩ <<རྒྱ་རབས་དེབ་ཐེར་དཀར་པོ>>། དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ། ༥༠ <<སྟོན་པ་ཐུབ་པའི་དབང་པོའི་སྐྱེས་རབས>>། ཀརྨ་པ་རང་བྱུང་རྡོ་རྗེས་བརྩམས་པ། ༥༡ <<སྟོན་པའི་སྐྱེས་རབས>>། བྲག་དཀར་བློ་བཟང་དཔལ་ལྡན་གྱིས་བརྩམས་པ། ༥༢ <<སྟོན་པའི་རྟོགས་བརྗོད་མུ་ཏིག་ཕྲེང་བ>>། རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན་གྱིས་བརྩམས་པ། ༥༣ <<སྟོན་པའི་མཛད་པ་བཅུ་གཉིས་ཀྱི་རྟོགས་་བརྗོད>> ཞྭ་དམར་ངག་དབང་ཆོས་ཀྱི་དབང་ཕྱུག་གིས་བརྩམས་པ། ༥༤ <<སྟོན་པའི་མཛད་པ་ཆོས་འབྱུང་བསྟན་པའི་གསལ་བྱེད་རྒྱན་གྱི་འོད་ཟེར>>། པཎ་ཆེན་ཡེ་ཤེས་ བཟང་པོ་དང་ཡེ་ཤེས་རྩེ་མོས་བརྩམས་པ། ༥༥ <<རྒྱ་གར་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག>> དགེ་འདུན་ཆོས་འཕེལ་གྱིས་བརྩམས་པ། ༥༦ <<རྒྱ་གར་པཎ་གྲུབ་ཀྱི་རྣམ་ཐར་གཟིགས་བདེ>>། མཁས་བཙུན་བཟང་པོས་བསྒྲིགས་པ། ༥༧ <<འཇིགས་བྱེད་ཆོས་འབྱུང་>>། ཀུན་མཁྱེན་འཇམ་བཞད་པ་ངག་དབང་བརྩོན་འགྲུས་གྱིས་བརྩམས་པ། ༥༨ <<རྒྱལ་ཁམས་རིག་པས་བསྐོར་བའི་རྒྱལ་རབས་དེབ་ཐེར་གསེར་གྱི་ཐང་མ>>། དགེ་འདུན་ཆོས་འཕེལ་ གྱིས་བརྩམས་པ། ༥༩ <<ཤེས་བྱ་ཀུན་ཁྱབ་རྩ་འགྲེལ>>། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་བརྩམས་པ། ༦༠ <<སྡེ་དགེ་བཀའ་འགྱུར་དཀར་ཆག>> སི་ཏུ་གཙུག་ལག་ཆོས་ཀྱིསྣང་བས་བརྩམས་པ། ༦༡ <<སྡེ་དགེ་བསྟན་འགྱུར་དཀར་ཆག>> ཞུས་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས་པ། ༦༢ <<ཕར་ཕྱིན་བློ་གསལ་དགའ་བསྐྱེད>>། མཁན་ཟུར་པདྨརྒྱལ་མཚན་གྱིས་བརྩམས་པ། ༦༣ <<བདེ་བར་གཤེགས་པའི་མཛད་པ་བཅུ་གཉིས་ལ་བསྟོད་ཕྱག་ཀུན་ཏུ་བཟང་པོའི་དགའ་སྟོན།>> ཀརྨ་པ་ཆོས་དབྱིངས་རྡོ་རྗེས་བརྩམས་པ།༦༤ <<དེབ་ཐེར་སྔོན་པོ་གསར་མ>>། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པ། ༦༥ <<དེབ་ཐེར་ལྗང་ཁུ>>། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གིས་བརྩམས་པ། ༦༦ <<སངས་རྒྱས་ཀྱི་གསུང་རབ་ལས་བྱུང་བའི་འཇིག་རྟེན་ཆགས་ཚུལ་གྱི་དྲིས་ལན>>། ཚུལ་ཁྲིམས་བློ་གྲོས་ ཀྱིས་བརྩམས་པ། ༦༧ <<ཆོས་ཀྱི་འཁོར་ལོ་ལེགས་པར་གཏན་ལ་ཕབ་པ་ཐེག་པ་ཆེན་པོའི་ཚུལ>>། འབྲི་གུང་སྐྱོབ་པ་འཇིག་རྟེན་ གསུམ་མགོན་གྱིས་བརྩམས་པ། འཕགས་བོད་ཆོས་འབྱུང་། ཡལ་འདབས་དང་པོ།