Jump to content

འདོད་གཟུགས་ཀྱི་ལྷ་

ཡོང་ཁུངས་Wikipedia

འདོད་ཁམས་ཀྱི་ལྷ་སུམ་ཅུ་རྩ་གསུམ་དང༌། གཟུགས་ཁམས་ཀྱི་ལྷ་བཅུ་བདུན་ཏེ། སྔ་མ་འདོད་ཁམས་ཀྱི་ལྷ་སུམ་ཅུ་རྩ་གསུམ་ནི་ནོར་ལྷ་བརྒྱད་དང་དྲག་པོ་བཅུ། ཉི་མ་བཅུ་གཉིས་དང་ཐ་སྐར་གྱི་བུ་གཉིས་ཏེ་ཉེ་དབང་སོ་གཉིས་དང་ལྷ་དབང་བརྒྱ་སྦྱིན་བཅས་སུམ་ཅུ་རྩ་གཉིས་དང༌། ཕྱི་མ་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་ནི། བསམ་གཏན་དང་པོའི་གནས་གསུམ། བསམ་གཏན་གཉིས་པའི་གནས་གསུམ། བསམ་གཏན་གསུམ་པའི་གནས་གསུམ། བསམ་གཏན་བཞི་པའི་གནས་བརྒྱད་བཅས་གཟུགས་ཁམས་གནས་རིས་བཅུ་བདུན་ལ་གནས་པའི་ལྷ་བཅུ་བདུན་ཡོད། དེ་རྣམས་སོ་སོའི་གྲངས་འདྲེན་དང་ངོས་འཛིན་སྐོར《མངོན་པ་མཛོད》ཀྱི་གནས་གསུམ་པའི་ནང་གསལ།

​རྒྱས་འགྲེལ། འདོད་ཁམས་ཀྱི་ལྷ་སུམ་ཅུ་རྩ་གསུམ་དང༌། གཟུགས་ཁམས་ཀྱི་ལྷ་བཅུ་བདུན་ཏེ། སྔ་མ་འདོད་ཁམས་ཀྱི་ལྷ་སུམ་ཅུ་རྩ་གསུམ་ནི་ནོར་ལྷ་བརྒྱད་དང་དྲག་པོ་བཅུ། ཉི་མ་བཅུ་གཉིས་དང་ཐ་སྐར་གྱི་བུ་གཉིས་ཏེ་ཉེ་དབང་སོ་གཉིས་དང་ལྷ་དབང་བརྒྱ་སྦྱིན་བཅས་སུམ་ཅུ་རྩ་གཉིས་དང༌། ཕྱི་མ་གཟུགས་ཁམས་ཀྱི་ལྷ་བཅུ་བདུན་ནི། བསམ་གཏན་དང་པོའི་གནས་གསུམ། བསམ་གཏན་གཉིས་པའི་གནས་གསུམ། བསམ་གཏན་གསུམ་པའི་གནས་གསུམ། བསམ་གཏན་བཞི་པའི་གནས་བརྒྱད་བཅས་གཟུགས་ཁམས་གནས་རིས་བཅུ་བདུན་ལ་གནས་པའི་ལྷ་བཅུ་བདུན་ཡོད། དེ་རྣམས་སོ་སོའི་གྲངས་འདྲེན་དང་ངོས་འཛིན་སྐོར《མངོན་པ་མཛོད》ཀྱི་གནས་གསུམ་པའི་ནང་གསལ།