Jump to content

འཇིགས་མེད་ནམ་མཁའ་གླིང་བ་དང་ཏཱ་རེ་ལྷ་མོ།

ཡོང་ཁུངས་Wikipedia

༄༅། ། རྨ་ཆེན་དགོངས་བསྐུལ།

                                         སྒུ་རུ་བཀྲ་ཤིས་དོན་གྲུབ།

རྨ་ཡུལ་སྟོད་ཀྱི་ཡུལ་འདི་ལ།། སྨུག་པོ་གདོང་གི་གདོང་རྒྱུད་དུ།། མེས་པོ་རྨ་རྒྱལ་སྦོམ་ར་འཁྲུངས། ། མགོ་ནག་བོད་ཀྱི་མགོན་དུ་བྱོན། །ཁྱེད་ལ་བསྟོད་ན་ཁྱེད་ཀྱིས་སྲུང་། ། ཁྱེད་ལ་སྨད་ན་ཁྱེད་ཀྱིས་འདུལ། ། དགྲ་འདུལ་གཉེན་སྐྱོང་ལྷ་རྒན་ཁྱེད། བསྐལ་བའི་བར་དུ་བཞུགས་མཛོད་ཀྱེ། ། སྐྱབས་ཅིག་འོ་དོད་བོས་ཙ་ན། ། གླིང་ལ་དཀྲིས་གསུམ་རྒྱག་ནུས་ཤིང་། ། མེ་ཤུགས་འཕུར་མདའ་ལས་མགྱོགས་པའི། ། མཐུ་རྩལ་ཐོགས་མེད་ཁྱེད་ལ་བསྟོད།གཡས་ནས་རྒྱ་ནག་གོང་མའི་མཆོད།གཡོན་ནས་བྷ་ཏ་ཧོར་གྱིས་མཆོད།བར་ནས་གངས་ཅན་བོད་ཀྱི་མཆོད།།མཆོད་གསུམ་མཆོད་ཆུ་ཁྱེད་ལ་འདྲེན། །བུ་འདོད་པ་ལ་བུ་སྟེར་ཞིང་། ནོར་འདོད་པ་ལ་ནོར་སྩོལ་བ། །རྣལ་འབྱོར་པ་ལ་ཅི་འདོད་སྩོལ། ། ཀུན་འབྱུང་ནོར་བུ་ཁྱེད་ལ་འདུལ། །དུས་ངན་སྙིགས་མའི་མཐའ་འདི་ལ། ། ལྷ་ལའང་མི་མཐུན་སྤྱོད་ངན་དར། །ཁྱེད་ཀྱི་ཐུགས་རྗེས་འོད་དཀར་གྱིས། ། ཞི་བདེའི་དབུ་འཕངས་དགུང་ཏུ་བསྟོད། །ཞིང་བ་འབྲོག་པ་ཨུ་ཚུགས་ཆེ། གྲོང་ཁྱེར་བ་རྣམས་སེར་སྣ་ཆེ།ཁྱེད་ལ་འཕྲིན་བཅོལ་སྐུལ་བསྐུལ་ནས། ཁྱེད་ཀྱི་འཕྲིན་ལས་སྐྱོང་དུ་གསོལ། །སྲིད་པའི་ལྷ་ཆེན་ཁྱེད་ཀྱི་ནི། ། གངས་ཅན་མུན་པའི་མཐའ་འཁོབ་ལ།།གངས་རི་དཀར་པོ་འོད་སྣང་འབྱིན། ། ཁྱེད་ཀྱི་དམ་ཚུགས་རི་ལྟར་བརྟན། །ཕ་མ་བྱིས་པ་བླ་མ་དང་། ། བསད་སོགས་མཚམས་མེད་ལྔ་བྱས་པའི།སྡུག་པ་ཅན་དང་ཆོམས་རྐུན་ཚོགས། ། ཁྱེད་ཀྱི་མྱུར་དུ་བསྒྲལ་དུ་གསོལ། །སྙིང་རྗེ་མེད་པའི་སྲིན་པོ་རྣམས། ། ཁྱེད་ཀྱི་མཐུ་ཡིས་ཐུལ་བར་མཛོད།རྒྱུ་འབྲས་མེད་པའི་མི་ངན་ཚོགས། ། ཁྱེད་ཀྱིས་དབང་དུ་འདུལ་བར་མཛོད།དངོས་འབྱོར་ཡིད་སྤྲུལ་འཛམ་གླིང་འདིའི། །ཡོད་ཚད་བདག་གིས་ཁྱེད་ལ་འབུལ།ཁ་བ་ཅན་གྱི་འགྲོ་བ་ལ། །ཁྱེད་ཀྱི་ཐུགས་རྗེས་དྲངས་དུ་གསོལ། །གནས་རི་སྟོང་གི་ཡབ་ཆེན་ཁྱེད། །ཅི་སྲིད་བར་དུ་བརྟན་པར་ཤོག ཨ་ཇོ་ཇོ་བོ་རྒྱལ་མཚན་གྱིས ། ། འཕྲིན་ལས་སྟོང་གསུམ་ཁྱབ་པར་ཤོག །རྨ་ཡུལ་སྟོད་ཀྱི་ཕོ་བྲང་ནས། ། དགྱེས་བཞིན་སྤྲོ་བཞིན་བཞུགས་པར་མཛོད། །རྨ་ཆུ་སྔོན་མོའི་ཁུག་སོ་ནས། ། དགའ་བཞིན་དགོད་བཞིན་བརྟན་པར་ཤོག །བོད་ཀྱི་མི་རྣམས་ཁྱེད་ཀྱི་འབངས། ། ལྡོང་གི་མི་རྒྱུད་ཁྱེད་ཀྱི་རུས། །རྨ་ཡི་རིགས་འདི་ཁྱེད་ཀྱི་འཁོར། །མ་གཡེང་ཐུགས་རྗེ་སྐྱོངས་སུ་གསོལ། །བུ་ངའི་ཅི་ལྟར་གསོལ་བའི་དོན། ། ལྷོད་ཀྱི་སོམ་ལ་དལ་གྱིས་ཉོན། །ཚིག་འདི་ཁྱེད་ལ་དད་པའི་མཐུས། ། ཉི་ཤར་དང་པོ་ཚེས་ལ་བྲིས། །