འཇམ་སྙན་རོལ་དབྱངས

ཡོང་ཁུངས་Wikipedia

འཇམ་སྙན་རོལ་དབྱངས light music འཇམ་སྙན་རོལ་དབྱངས་ཞེས་པ་ནི་ཀུན་ཁྱབ་རོལ་མོའི་ནང་གསེས་ཤིག་ཡིན་པ་དང་། དེ་ལ་སྟབས་བདེ་ཞིང་གོ་སླ་ལ། བདེ་ལྕག་འཁྱུག་པ། ཀུན་ཏུ་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དོན་སྙིང་དང་བསམ་བློའི་ནུས་པ་ཁྱབ་ཆེན་པོ་ལྡན་ཡོད་པ་རེད།

ངོ་སྤྲོད།[རྩོམ་སྒྲིག]

འཇམ་སྙན་རོལ་དབྱངས་ཞེས་པ་ནི་ཀུན་ཁྱབ་རོལ་མོའི་ནང་གསེས་ཤིག་ཡིན་པ་དང་། དེ་ལ་སྟབས་བདེ་ཞིང་གོ་སླ་ལ། བདེ་ལྕག་འཁྱུག་པ། ཀུན་ཏུ་དགའ་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་སྤྱི་ཚོགས་ཀྱི་དོན་སྙིང་དང་བསམ་བློའི་ནུས་པ་ཁྱབ་ཆེན་པོ་ལྡན་ཡོད་པ་རེད། འཇམ་སྙན་རོལ་དབྱངས་ལ་རིགས་སྣ་མང་པོ་ཡོད་པ་སྟེ། སྤྱིར་བཏང་གི་འཚོ་བའི་གླུ་གཞས་དང་། བརྩེ་དུང་གླུ་དབྱངས། དགོད་བྲོའི་གླུ་དབྱངས། ཟུར་ཟའི་གླུ་དབྱངས་བཅས་དང་། གླུ་དབྱངས་ཟློས་གར་ཆུང་གྲས་དང་། སྐོར་གཞས་དང་། སྦུག་རྒྱུད་རོལ་མོ་ཆུང་ངུའི་སྔོན་འགྲོའི་རོལ་དབྱངས། དགོང་གླུ་ཆུང་བ། དེ་བཞིན་དུ་སྦུག་རྒྱུད་རོལ་དབྱངས་ཆུང་གྲས། གློག་བརྙན་གྱི་གླུ་དབྱངས། ཞབས་བྲོའི་རོལ་དབྱངས་ལ་སོགས་ཡོད།

ཁྱད་ཆོས།[རྩོམ་སྒྲིག]

འཇམ་སྙན་རོལ་དབྱངས་ནི་རོལ་མོའི་རྣམ་པ་གཞན་དག་དང་བསྡུར་ན་སྙན་ཞིང་འཇེབས་པ་གལ་ཆེ་བ་ཡིན། བརྩེ་དུང་གླུ་དབྱངས་ཀྱི་རྟ་དབྱངས་ནི་སྙན་ཞིང་འཇེབས་པ་ཡིན་པ་དང་། སྐོར་གཞས་ནི་འགྲོས་ཚིགས་གསལ་ཞིང་གདངས་དབྱངས་གསིང་དགོས་ལ། ཟུར་ཟའི་གླུ་དབྱངས་ནི་རྣོ་ངར་ཆེ་དགོས་པ་ལྟ་བུ་རེད། འཇམ་སྙན་རོལ་དབྱངས་དེ་དག་གི་བརྗོད་ཐབས་ལ་རབ་ཆོས་ལྡན་ཡོད་པས་རབ་རྐང་གོ་རོལ་མོའི་སྲོལ་གྲུབ་ཡོད་པ་རེད། འཛམ་གླིང་དུ་འཇམ་སྙན་རོལ་དབྱངས་ཚོགས་པ་གྲགས་ཅན་གསུམ་ཡོད་པ་ནི། ཧྥ་རན་སིའི་པོ་ལ· མོལའེ་ཨའེ་འཇམ་སྙན་རོལ་དབྱངས་ཚོགས་པ་དང་། འཇར་མན་གྱི་ལྗམ་མུ་སི· ལ་སི་ཐེ་འཇམ་སྙན་རོལ་དབྱངས་ཚོགས་པ། དབྱིན་ཇིའི་མན་ཐོ་ཝ་ནེ་འཇམ་སྙན་རོལ་དབྱངས་ཚོགས་པ་བཅས་ཡིན།