Jump to content

འཇམ་དཔལ་

ཡོང་ཁུངས་Wikipedia

འཇམ་དཔལ་ཞེས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་སྟེ། ཤེས་རབ་ཀྱི་སྤྱན་མངའ་བ་དང་། འཇིག་རྟེན་ལས་འདས་པའི་ཆོས་ཟབ་མོའི་གཏེར་ཤིང་གི་རྩེ་བོར་འཁོད་པའི་ལྷ་ཡིན་ནོ། །

སྒྲ་བཤད།

[རྩོམ་སྒྲིག]

རྒྱ་གར་སྐད་ཀྱི་སྒྲ་བཤད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པའི་འགྲེལ་པ་སོགས་ཀྱི་ནང་དུ་གསལ་བ་ལྟར། རྒྱ་གར་སྐད་དུ་མཉྫུ་གྷོ་ཥ་ཞེས་གསུངས་ལ། དེ་བོད་སྐད་དུ་བསྒྱུར་ན་འཇམ་དཔལ་ཞེས་འགྱུར་བ་ཡིན་ནོ། །

ཆོས་སྐོར་ནང་གི་གོ་གནས།

[རྩོམ་སྒྲིག]

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཞུང་ནང་དུ་འཇམ་དཔལ་གཞོན་ནུར་གྱུར་པ་ནི་བརྗོད་བྱ་དང་མཐུན་པའི་ལོ་པཎ་རྣམས་ཀྱི་ཡི་དམ་ཡིན་པའི་ཕྱིར་ཕྱག་འཚལ་བར་གྱུར་ཅིང་[]དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པའི་གཞུང་རྣམས་ནང་འཇམ་དཔལ་ལ་ཕྱག་འཚལ་བ་ནི་རྒྱུ་མཚན་ཡོད་པའི་བྱ་བ་ཞིག་ཡིན་ནོ། །

འགྲེལ་བཤད་ཀྱི་གཞུང་རྣམས་ནང་དུ "འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་བའི་ཚིག་འདི་ལོ་ཙཱ་བས་བཀོད་པ་ཞིག་ཡིན་ཞིང་"[]ཡང་ན་"བགེགས་མེད་ཅིང་བསོད་ནམས་འཕེལ་བའི་སླད་དུ་བཀོད་པ་ཞིག་ཀྱང་ཡིན་ནོ། །"[]

ཞུས་ཆོས་ཀྱི་སྒོ་ནས་འགྲེལ་པ།

[རྩོམ་སྒྲིག]

སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇམ་དཔལ་ལ་ཆོས་ཟབ་མོ་ལ་ཞུགས་པར་བྱེད་ཅིང་། ཆོས་གཏམ་གྱིས་ཡང་དག་པར་རབ་ཏུ་དགའ་བར་མཛད་པའི་ཕྱིར་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུས་པ་སྟོན་པའི་ཐུགས་དགོངས་མཛད་དོ། །[]

ཡོན་ཏན་གྱི་ཁྱད་པར།

[རྩོམ་སྒྲིག]

འཇམ་དཔལ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད་རྟོགས་པའི་ཤེས་རབ་ཀྱི་བདག་པོ་ཡིན་ཞིང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་བདག་ཉིད་ཀྱང་ཡིན་ནོ། །[]

འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་དང་འབྲས་བུའི་ཡོན་ཏན་རིན་པོ་ཆེ་ལྟ་བུ་ཐམས་ཅད་སྡུད་ཅིང་འཛིན་པར་བྱེད་པ་ནི་འཇམ་དཔལ་གྱི་བྱིན་གྱིས་བརླབས་པའི་ཡོན་ཏན་གྱི་ཁྱད་པར་རོ། །[]

ལུང་ཁུངས།

[རྩོམ་སྒྲིག]
  1. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་ནོར་བུ།
  2. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།
  3. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད།
  4. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ།
  5. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད།
  6. འཇུ་མི་ཕམ། མདོ་སྡུད་པའི་འགྲེལ་པ་ཡུམ་གྱི་དགོངས་དོན་ལ་ཕྱིན་ཅི་མ་ལོག་པར་འཇུག་པའི་ལེགས་བཤད།