འཆོལ་བ་
མཐོང་རིས་
(བྱེད་མེད་ལས་ཚིགས)ནི་འཆལ་དང་དོན་འདྲ་སྟེ། 1. ལུས་ངག་གི་སྤྱོད་པ་བཟང་པོ་ཉམས་པའི་དོན་ཏེ། ངག་འཆལ། ངག་འཆོལ་བ་ལྟ་བུ། 2.ཤེས་པ་ཉམས་པའི་དོན་ཏེ། དྲན་པ་འཆོལ་ནས་བློ་ངོར་འགྱུ་ཐབས་བྲལ་ཞེས་པ་ལྟ་བུ། 3.རྩིག་ངོས་ཡོ་བའི་དོན་ཏེ། གྱང་ལྡེབ་གཅིག་རྩ་བ་ནས་འཆོལ་བ་ལྟ་བུ།