འཆར་འཕར་བརྒྱ་ཁག་
མཐོང་རིས་
འཆར་འཕར་བརྒྱ་ཁག
[རྩོམ་སྒྲིག]དེ་སྔོན་བོད་ས་གནས་སྲིད་གཞུང་ཐོག་མར་བཙུགས་རྗེས་ནས། ཟླ་བ་རེ་རེ་བཞིན་རྩེ་་པོ་ཏ་ལ་དང་། ཞོལ་དཔར་ཁང་། ལྷ་ས་གཙུག་ལག་ཁང་བཅས་ལ་སྲིད་གཞུང་གི་སྐུ་རིམ་འདོན་མཁན་སེ་འབྲས་དགེ་གསུམ་དང་། ཉེ་འཁོར་དགེ་ལུགས་དགོན་པ་ཚོ་ནས་གྲྭ་པ་བརྒྱ་ཐམ་པ་རེ་རེས་མོས་བྱས་ནས་བཀའ་འགྱུར་ཆ་ཚང་རེ་ཀློག་གི་ཡོད་པ་དེ་ལ་བརྒྱ་ཁག་ཟེར་ཞིང་། དེ་ལ་འཆར་ཅན་དང་། དམིགས་བསལ་འཕར་མའི་གྲས་བཅས་ཁག་གཉིས་ཡོད།