འཆད་ཁ་བ་
མཐོང་རིས་
འཆད་ཁ་བ།
[རྩོམ་སྒྲིག]རབ་བྱུང་གཉིས་པའི་ལྕགས་སྦྲུལ༡༡༠༡ལོར་སྐུ་བལྟམས། རབ་བྱུང་གསུམ་པའི་ཤིང་ལུག༡༡༦༥ལོར་སྐུ་གཤེགས། སྔགས་པ་ཞིག་གི་རིགས་སུ་འཁྲུངས། རྗེ་བཙུན་མི་ལའི་སློབ་མ་རས་ཆུང་པ་ལས་མི་ལའི་གདམས་ངག་རྣམས་གསན། གཞན་ཡང་ཤ་ར་བ་དང་། བྱ་ཡུལ་པ། དགེ་བཤེས་བཙན་སོགས་བླ་མ་མང་པོར་གཏུགས། སྡེ་སྣོད་གསུམ་དང་ཁྱད་པར་གྲུབ་མཐའ་བཞི་ལ་མཁས་པར་སྦྱངས་ཏེ་མདོ་སྔགས་ཀྱི་པོ་ཏི་བརྒྱ་ཙམ་ཞིག་ཐུགས་ལ་བཞུགས། མལ་གྲོར་བྱོན་ནས་འཆད་ཁ་དགོན་པ་བཏབ། དེར་འགྲོ་དོན་ལོ་བཅི་གཅིག་བསྐྱངས། ཚོགས་པ་དགུ་བརྒྱ་ཙམ་འདུས་པ་བྱུང་། དེང་སྐབས་མལ་གྲོ་འཆད་ཀ་དགོན་ཞེས་གྲགས་པ་དེ་ཡིན།