འགྲེལ་པ་བཞི་སྦྲགས་
མཐོང་རིས་
རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཛད། རྩ་རྒྱུད་རྩ་བ་ཡིན་པས་གྲངས་སུ་མི་བགྲང་། འགྲེལ་པ་བཞི་ནི། དཔལ་ལྡན་ཟླ་བའི་སྒྲོན་གསལ། དཀྱུས་མཆན་ཟུར་མཆན་གཉིས་གཅིག་ཏུ་བརྩིས། རྗེའི་ས་བཅད་བསྡུས་དོན། རྗེའི་མཐའ་གཅོད་མྱུ་གུ་དང་བཞི་ཡིན་ཟེར་བ་དང་།རྩ་རྒྱུད་དང་སྒྲོན་གསལ་གཉིས་རྩ་བ། དཀྱུས་མཆན། ཟུར་མཆན། ས་བཅད་བསྡུས་དོན། མཐའ་གཅོད་མྱུ་གུ་དང་བཞི་ཡིན་ཟེར་བའི་བཞེད་ཚུལ་མི་འདྲ་བ་གཉིས་ཡོད།