Jump to content

འཁྱོངས་

ཡོང་ཁུངས་Wikipedia

(བྱེད་འབྲས་ལས་ཚིགས)ནི། 1. ཐུབ་པའི་དོན་ཏེ། གང་སྒྲུབ་པར་བྱ་བའི་ལས་རྣམས་ཀུན་མཐར་འཁྱོངས་ཏེ་འཕྲོ་ལུས་བྱུང་བ་མེད། རང་མགོ་རང་གིས་འཁྱོངས་པའི་བུ་ཞེས་པ་ལྟ་བུ། 2. བར་ཆད་པའམ་མུ་མཐུད་པའི་དོན་ཏེ། སློབ་གཉེར་རྒྱུན་འཁྱོངས་བྱས་ནས་མཁས་གྲགས་ཐོབ་ལྟ་བུ། 3.མཐར་ཕྱིན་པའམ་ལེགས་པོ་ཡོང་བའི་དོན་ཏེ། མཐུན་སྒྲིལ་མཐའ་འཁྱོངས་བྱེད་པར་གལ་ཆེ་ལྟ་བུ། 4.སྐད་ཆ་སྒྲ་དག་པའི་དོན་ཏེ། སྨྲ་བརྗོད་འཁྱོངས་ན་ཉན་ཡང་བདེ་ཞེས་པ་ལྟ་བུ།