Jump to content

འཁྱལ་

ཡོང་ཁུངས་Wikipedia

འཁྱལ་ཞེས་པ་ནི་བོད་ཀྱི་ནང་ཆོས་ཀྱི་གཞུང་ལུགས་ཁག་ཏུ་བེད་སྤྱོད་རྒྱ་ཆེ་བྱེད་པའི་ཐ་སྙད་གལ་ཆེན་ཞིག་ཡིན། ཐ་སྙད་འདིའི་གོ་དོན་ནི་ཚུལ་དང་མི་མཐུན་པར་སྨྲ་བ་དང་། སྐྱོན་བརྗོད་པ། ཡུལ་གྱི་རང་བཞིན་དང་མི་མཐུན་པའི་ཚིག་སྨྲ་བ་བཅས་ལ་གོ་དགོས།

ངེས་ཚིག

[རྩོམ་སྒྲིག]

"འཁྱལ་བའི་ཚིག་སྨྲ་ཞིང་ལུས་ཀྱིས་གཞོམ་ཞིང་འཇིག་པར་བྱེད་པ་རྣམས་ལའང་བདག་གིས་ཆོས་དང་མཐུན་པའི་སྙིང་རྗེ་དང་ཐབས་མཁས་ཀྱི་སྒོ་ནས་དེ་ལྟ་བུའི་ཉེས་པ་ཚབས་ཆེན་གསོག་པ་དེ་ལས་བཟློག་ནུས་ན་ལེགས་"[]ཞེས་གསལ་བ་ལྟར། འཁྱལ་བ་ནི་ཚུལ་དང་མི་མཐུན་པའི་སྐྱོན་བརྗོད་ཀྱི་ཚིག་སྨྲ་བ་ལ་གོ་དགོས།

འཁྱལ་བའི་དབྱེ་བ།

[རྩོམ་སྒྲིག]

ཡུལ་གྱི་སྒོ་ནས་དབྱེ་བ། "ཕྱི་རོལ་པ་རྣམས་དང་གྲུབ་མཐའི་ཆགས་སྡང་སོགས་ཀྱི་ཕན་ཚུན་སྐུ་གཟུགས་དང་། མཆོད་རྟེན་དང་དམ་པའི་ཆོས་ཡི་གེ་སོགས་ལ་འཁྱལ་བ་སྟེ་ཚུལ་དང་མི་མཐུན་པར་སྨྲ་ཞིང་བཅོམ་པའམ་འཇིག་པར་བྱེད་པ་རྣམས་"[]ཞེས་གསུངས་པ་ལྟར། འཁྱལ་བའི་ཡུལ་ནི་སངས་རྒྱས་ཀྱི་སྐུ་གཟུགས། མཆོད་རྟེན། དམ་པའི་ཆོས་བཅས་ལ་བྱེད་པ་ཡིན།

བྱེད་ལས་ཀྱི་སྒོ་ནས་དབྱེ་བ། "སངས་རྒྱས་ཀྱི་སྐུ་གཟུགས་དང་བྱང་ཆུབ་ཆེན་པོའི་མཆོད་རྟེན་སོགས་དང་དམ་པའི་ཆོས་ལ་ངག་གིས་འཁྱལ་ཞིང་སྐྱོན་བརྗོད་པ་དང་། ལུས་ཀྱིས་འཇིག་པར་བྱེད་པ་ལའང་བདག་གིས་ཞེ་སྡང་བྱ་བར་མི་རིགས་"[]ཞེས་གསུངས་པ་ལྟར། འཁྱལ་བ་ནི་ངག་གིས་སྐྱོན་བརྗོད་པ་དང་ལུས་ཀྱིས་འཇིག་པར་བྱེད་པ་གཉིས་སུ་དབྱེ།

འཁྱལ་བ་ལ་ཁྲོ་བར་མི་རིགས་པའི་རྒྱུ་མཚན།

[རྩོམ་སྒྲིག]

གནོད་པ་མི་མངའ་བའི་རྒྱུ་མཚན། "སྐུ་གཟུགས་དང་མཆོད་རྟེན་དང་དམ་ཆོས་ལ་འཁྱལ་བ་སྟེ་ཚུལ་དང་མི་མཐུན་པ་སྨྲ་ཞིང་དེ་དག་འཇིག་པར་བྱེད་པ་ལའང་བདག་གི་སྙིང་རྗེས་དེ་བཟློག་པར་བྱའི་ཞེ་སྡང་བྱ་བར་མི་རིགས་ཏེ། ཡུལ་སངས་རྒྱས་ལ་སོགས་པ་ལ་གནོད་པ་ཅུང་ཟད་ཀྱང་མི་མངའ་ཞིང་གནོད་བྱེད་ནི་སྙིང་རྗེའི་གནས་ཡིན་པས་སོ། །"[]ཞེས་གསུངས་པ་ལྟར། སངས་རྒྱས་སོགས་ལ་གནོད་པ་མི་མངའ་བས་འཁྱལ་བ་བྱེད་མཁན་ལ་ཁྲོ་མི་རིགས།

སྙིང་རྗེའི་གནས་ཡིན་པའི་རྒྱུ་མཚན། "དཀོན་མཆོག་གསུམ་ལ་ཡིད་མི་བདེ་བའི་གནོད་པས་གཟིར་བ་སོགས་ཅུང་ཟད་ཀྱང་མི་མངའ་སྟེ་"[]ཞེས་གསུངས་པ་ལྟར། དཀོན་མཆོག་གསུམ་ལ་ཡིད་མི་བདེ་བའི་གནོད་པ་མི་མངའ་བས་འཁྱལ་བ་བྱེད་མཁན་ནི་སྙིང་རྗེའི་གནས་སུ་གྱུར་པ་ཡིན།

བསྡུས་དོན།

[རྩོམ་སྒྲིག]

འཁྱལ་ཞེས་པ་ནི་སངས་རྒྱས་ཀྱི་སྐུ་གཟུགས། མཆོད་རྟེན། དམ་པའི་ཆོས་བཅས་ལ་ཚུལ་དང་མི་མཐུན་པའི་སྐྱོན་བརྗོད་པའི་ཚིག་སྨྲ་བ་དང་། ལུས་ཀྱིས་འཇིག་པར་བྱེད་པ་ལ་གོ་དགོས། དེ་ལྟར་བྱེད་མཁན་ལ་ཁྲོ་བར་མི་རིགས་ཏེ། སངས་རྒྱས་སོགས་ལ་གནོད་པ་མི་མངའ་བ་དང་། འཁྱལ་བ་བྱེད་མཁན་རྣམས་སྙིང་རྗེའི་གནས་སུ་གྱུར་པའི་ཕྱིར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༥༧༡
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༣༣༢
  3. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༣༦-༡༣༧
  4. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༠༣
  5. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༥༧༡
"https://bo.wikipedia.org/w/index.php?title=འཁྱལ་&oldid=150180"ལས་སླར་རྙེད་སོང།