Jump to content

འཁོར་བའི་བཙོན་ར་

ཡོང་ཁུངས་Wikipedia

འཁོར་བའི་བཙོན་ར་ཞེས་པ་ནི་སེམས་ཅན་རྣམས་ལས་དང་ཉོན་མོངས་པའི་འཆིང་བས་བཅིངས་ཏེ། འཁོར་བ་ལ་བསྡམས་ཤིང་སྡུག་བསྔལ་གྱིས་ཉམ་ཐག་ཏུ་གྱུར་པའི་གནས་སྟངས་ལ་བརྗོད་པའི་ཐ་སྙད་ཅིག་ཡིན། སྤྱོད་འཇུག་གི་འགྲེལ་བཤད་རིགས་སུ་བྱང་ཆུབ་སེམས་སྐྱེས་པའི་ཕན་ཡོན་བཤད་པའི་སྐབས་སུ་མང་དུ་སྤྱོད་པ་ཡིན།

སྒྲ་བཤད།

[རྩོམ་སྒྲིག]

འཁོར་བའི་བཙོན་ར་ཞེས་པ་ནི་འཁོར་བ་དང་བཙོན་ར་གཉིས་ཀྱི་ཚིག་སྦྱོར་ཞིག་ཡིན། འཁོར་བ་ནི་སྐྱེ་ཤི་གོ་རིམ་མི་ཆད་པའི་གནས་སྟངས་ལ་གོ་ཞིང་། བཙོན་ར་ནི་སྒོ་ལྕགས་ཀྱིས་བཏུམ་པའི་ས་ཆ་ཞིག་ལ་བྱ། དེས་ན་འཁོར་བའི་བཙོན་ར་ཞེས་པ་ནི་འཁོར་བ་དེ་ཉིད་བཙོན་ར་བཞིན་དུ་སེམས་ཅན་རྣམས་ཀྱིས་ཐར་མི་ཐུབ་པའི་གནས་སུ་གྱུར་པའི་དོན་ལ་བྱེད་དོ། །

ནང་དོན།

[རྩོམ་སྒྲིག]

སེམས་ཅན་བཙོན་རར་བསྡམས་པའི་རྒྱུ། སེམས་ཅན་རྣམས་འཁོར་བའི་བཙོན་རར་བསྡམས་པའི་རྒྱུ་ནི་ལས་དང་ཉོན་མོངས་པ་གཉིས་ཡིན། "འཁོར་བའི་བཙོན་རར་ལས་ཀྱི་ཀུན་འབྱུང་དང་ཉོན་མོངས་པའི་ཀུན་འབྱུང་གི་འཆིང་བ་དམ་པོས་བརྣམས་པའམ་བཅིངས་ཤིང་"[]ཞེས་གསུངས་པ་ལྟར། ལས་དང་ཉོན་མོངས་པ་གཉིས་ཀྱིས་ལྕགས་སྒྲོག་དང་འདྲ་བར་སེམས་ཅན་རྣམས་འཆིང་ངོ་། །"འཁོར་བའི་བཙོན་རར་ལས་དང་ཉོན་མོངས་པའི་ལྕགས་སྒྲོག་གིས་བསྡམས་པས་ཉམས་ཐག་པའི་སེམས་ཅན་རྣམས་"[]ཞེས་གསུངས་པས། ལས་དང་ཉོན་མོངས་པ་དེ་དག་ལྕགས་སྒྲོག་དང་འདྲ་བར་བརྗོད་པ་ཡིན།

ཉམ་ཐག་ཏུ་གྱུར་པའི་གནས་སྟངས། འཁོར་བའི་བཙོན་རར་བསྡམས་པའི་སེམས་ཅན་རྣམས་ཉམ་ཐག་ཏུ་གྱུར་པ་ནི། སྡུག་བསྔལ་གྱིས་གདུངས་པ་དང་ཐར་པའི་ཐབས་མེད་པའི་གནས་སྟངས་ལ་གོ། "འཁོར་བའི་བཙོན་རྭར་ལས་དང་ཉོན་མོངས་པའི་འཆིང་བས་བསྡམས་པའི་སྟོབས་ཀྱིས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་"[]ཞེས་གསུངས་པ་ལྟར། འཁོར་བར་བསྡམས་པའི་སེམས་ཅན་རྣམས་སྡུག་བསྔལ་གྱིས་ཉམས་ཤིང་ཐག་ཆོད་པར་གྱུར་པ་ལ་བརྗོད་དོ། །

བྱང་ཆུབ་སེམས་ཀྱིས་བཙོན་རར་ནས་གྲོལ་བ།

[རྩོམ་སྒྲིག]

འཁོར་བའི་བཙོན་ར་ཞེས་པའི་ཐ་སྙད་འདི་སྤྱོད་འཇུག་གི་འགྲེལ་བཤད་རིགས་སུ་བྱང་ཆུབ་ཀྱི་སེམས་སྐྱེས་པའི་ཕན་ཡོན་བཤད་པའི་སྐབས་སུ་སྤྱོད། "ལས་ཉོན་གྱི་དབང་གིས་འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་པ་རྣམས་ཀྱིས་ཀྱང་སེམས་བསྐྱེད་ན་དེ་མ་ཐག་ཕན་ཡོན་དེ་དག་ཐོབ་པའི་ཕྱིར་རོ། །"[]ཞེས་གསུངས་པ་ལྟར། འཁོར་བའི་བཙོན་རར་བསྡམས་པའི་སེམས་ཅན་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཙམ་གྱིས་དེ་མ་ཐག་ཏུ་བདེ་གཤེགས་ཀྱི་སྲས་ཞེས་བརྗོད་བྱ་བ་དང་། ལྷ་མིར་བཅས་པའི་ཕྱག་བྱར་འགྱུར་བའི་ཡོན་ཏན་ཐོབ་པར་འགྱུར་རོ། །

གནད་བསྡུས།

[རྩོམ་སྒྲིག]

འཁོར་བའི་བཙོན་ར་ཞེས་པ་ནི་སེམས་ཅན་རྣམས་ལས་དང་ཉོན་མོངས་པའི་འཆིང་བས་བཅིངས་ཏེ། འཁོར་བ་ལ་བསྡམས་ཤིང་སྡུག་བསྔལ་གྱིས་ཉམ་ཐག་ཏུ་གྱུར་པའི་གནས་སྟངས་ལ་བརྗོད་པའི་ཐ་སྙད་ཅིག་ཡིན། འོན་ཀྱང་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཙམ་གྱིས་ཀྱང་འཁོར་བའི་བཙོན་ར་ལས་གྲོལ་ཏེ། བདེ་གཤེགས་ཀྱི་སྲས་ཀྱི་མིང་ཐོབ་ཅིང་། ལྷ་མིར་བཅས་པས་ཕྱག་བྱར་འགྱུར་བའི་ཡོན་ཏན་ཐོབ་པར་འགྱུར་རོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་གྲངས་ ༤༩
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་གྲངས་ ༤༥
  3. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་གྲངས་ ༡༡
  4. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་གྲངས་ ༡༥