འཁུ་བ

ཡོང་ཁུངས་Wikipedia

སྙིང་རིང་བའི་དོན་ཏེ། འགྲན་པ་དང་འཚེ་བ་དང་ལྡོག་པ་དང་ཡིད་བརྟན་མི་རུང་བ་དང་རྒོལ་བ་སོགས་ལ་འཇུག དབྱངས་ཅན་དགའ་བློས། འཁུ་བ་ནི་ཞེ་སྡང་ཞེས་པའི་བརྡ་རྙིང་དུ་བཤད་ལ། བརྣབ་སེམས་ཀྱི་སྐབས་ཀྱི་འཁུ་བ་ནི་ཡིད་ལ་བཅིངས་པ་དང་། གནོད་སེམས་ཀྱི་སྐབས་ཀྱི་འཁུ་བ་ནི་གནོད་པར་འདོད་པ་ལ་བྱའོ་ཞེས་གསུངས།

"https://bo.wikipedia.org/w/index.php?title=འཁུ་བ&oldid=135302"ལས་སླར་རྙེད་སོང།