ཟོང་མ་ནི།
མཐོང་རིས་
ཟོང་མ་ནི། ཟོལ་མའམ། བཅོས་མའམ། རྫུན་མའི་མིང་གི་རྣམ་གྲངས་ཤིག་སྟེ། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་རྗེ་མར་པའི་སྙན་གྱི་ཤོག་དྲིལ་བཞིའི་སྐོར་གྱི་ལོ་རྒྱུས་ལས་ཀྱང་། “ཤོག་དྲིལ་བཞིའི་མིང་ཅན་གསར་པ་ཟོང་མ་ཞིག་དེང་སང་ཀུན་ཁྱབ་ཏུ་འདུག་གོ།”ཞེས་སོགས་གསུངས་པ་ལྟར་རོ།།
ཀུན་མཁྱེན་ཆེན་པོའི་ཞལ་ནས།
ཞིབ་མོར་བརྟགས་ན། བཤད་སྒྲུབ་གང་ནས་ཀྱང་མར་པས་བསྒྱུར། མེས་རྔོག་མཚུར་གྱིས་བཤད། མི་ལས་བསྒོམས་པ་གང་ཡིན་པ་དེ་ཁ་སྙིང་པོར་འཛིན་སྣང་བ་དཀར་བརྒྱུད་པ་ངོ་མ་དང་། གཞན་ཉམས་ལེན་གཅོད་ཡུལ་ལ་སོགས་པ་ལ་བྱེད། བཤད་བཤད་ཀྱི་རིགས་གཞན་མའི་ལུགས་ལ་བརྟེན་པ་དཀར་བརྒྱུད་པ་ཟོང་མར་སྣང་ངོ་། །
ཞེས་གསུངས་སོ།།