ཟོག་སྨྱོན་ནད་

ཡོང་ཁུངས་Wikipedia

ཟོག་སྨྱོན་ནད་[རྩོམ་སྒྲིག]

བ་ལང་གི་རིགས་ལ་འབྱུང་བའི་འགོ་ནད་དྲག་པོ་ཞིག་སྟེ། དེ་ཡང་ཟོག་ནད་པའི་ལྟེ་བའི་དབང་རྩའི་མ་ལག་ལ་གནོད་འཚེ་ཐེབས་ནས། འདུག་བཟོད་མེད་པ་དང་གོམ་པ་འཆོལ་བ་དང་རེངས་འཁུམ་དུ་འགྱུར་བ་དང་སྙིང་འཕར་བུལ་བ་དང་ཧ་ཅང་རྗིད་པར་འགྱུར་བ་སོགས་ཀྱི་ནད་རྟགས་འབྱུང་ཞིང་མཐར་འཆི་བར་འགྱུར་ཞིང་། ནད་དེ་མི་ལའང་འགོ་ཉེན་ཆེའོ།