Jump to content

ཟག་བཅས་

ཡོང་ཁུངས་Wikipedia

ཟག་བཅས་ནི་ཟག་པ་དང་བཅས་པ་སྟེ་ཉོན་མོངས་པ་དང་བཅས་པའི་ཆོས་རྣམས་སོ། །མཚན་ཉིད་ནི་དམིགས་པ་དང་མཚུངས་ལྡན་གང་རུང་གི་སྒོ་ནས་ཟག་པའམ་ཉོན་མོངས་རྒྱས་སུ་རུང་བའི་ཆོས་དེའོ། །དེ་ཡང་དམིགས་པའི་སྒོ་ནས་ ཟག་པ་རྒྱས་ཚུལ་ནི་དཔེར་ན་གཟུགས་མཛེས་པ་ལ་དམིགས་ནས་ཡུལ་དེ་ལ་རྗེས་སུ་ཆགས་ཤིང་འབྲལ་དཀའ་བའི་ འདོད་ཆགས་ཀྱི་བློ་རྒྱས་པ་ལྟ་བུའོ། །མཚུངས་ལྡན་གྱི་སྒོ་ནས་རྒྱས་ཚུལ་ནི། ཉོན་མོངས་པ་མ་སྤངས་པའི་བར་དུ་ སེམས་དང་སེམས་བྱུང་ཉོན་མོངས་པ་རྣམས་མཚུངས་ལྡན་གྱི་སྒོ་ནས་ཟག་པ་རྒྱས་པར་འགྱུར་བ་ཡིན། ཟག་བཅས་ཀྱི་མཚན་གཞི་ནི་ལམ་བདེན་ལས་གཞན་པའི་འདུས་བྱས་མཐའ་དག་གོ །མཛོད་ལས། ཟག་བཅས་ཟག་པ་མི་བཅས་ དང་། །ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཕྱིར་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །