ཟག་པ་ཀུན་ཟད་
མཐོང་རིས་
ཟག་པ་ནི་ཉོན་མོངས་ཀྱི་མིང་དང་དེ་ལ་བརྟེན་ནས་ལུས་ངག་ཡིད་གསུམ་གྱི་ཉེས་སྤྱོད་ཐམས་ཅད་འབྱུང་བ་དང་འཕེལ་བ་བྱེད་པས་ཟག་པ་ཞེས་བཏགས་པ་དང་། ཉོན་མོངས་ཀུན་སྤངས་པའི་དགྲ་བཅོམ་པ་རྣམས་ལ་ཟག་པ་ཟད་པའི་དགྲ་བཅོམ་པ་ཞེས་ཟེར། ཞིབ་པར་《མངོན་པ་ཀུན་བཏུས》དང་《མངོན་པ་མཛོད》རྩ་འགྲེལ་སོགས་སུ་གསལ་བས་དེར་གཟིགས།