ཟ་ཧོར་གྱི་ཡུལ་
མཐོང་རིས་
མཁན་ཆེན་བོ་དྷི་ས་ཏྭ་དང་། ཇོ་བོ་རྗེ་ཨ་ཏི་ཤ་སྐུ་འཁྲུངས་པའི་ཡུལ་ཏེ། མིང་གཞན་བྷངྒ་ལ་ཞེས་དེང་སང་མེང་ཅ་ལར་ འབོད་པ་དེ་ཡིན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་《རྒྱ་གར་གནས་ཆེན་ཁག་གི་ལམ་ཡིག》ནང་། ཟ་ཧོར་གྱི་ཡུལ་དེར་དེང་སང་བྷང་གལ་པུར་ཞེས་འབོད་པ་དང་། སྔར་སངས་རྒྱས་སྐུ་བཞུགས་སྐབས་ཡུལ་ཙམ་པ་ཞེས་པ་དེ་ཡིན་ཞེས་གསུངས་འདུག གྲོང་ཁྱེར་ཙམ་པ་ནི་ཡུལ་ཨམ་གའི་རྒྱལ་པོའི་རྒྱལ་ས་གནས་ཡུལ་ཡིན་པ་འདུལ་ བ་ལུང་གི་གླེང་གཞིའི་ནང་གསལ།