Jump to content

ཞིང་

ཡོང་ཁུངས་Wikipedia

ཞིང་ཞེས་པ་ནི་བོད་ཀྱི་ནང་པའི་གཞུང་ལུགས་ནང་གལ་ཆེན་པོའི་ཐ་སྙད་ཅིག་ཡིན་ཏེ། སྤྱིར་ས་གཞི་དང་ཡུལ་གྱི་དོན་ལ་འཇུག་ཅིང་། ཁྱད་པར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གནས་ཡུལ་དང་། དགེ་བའི་ལས་ཀྱི་གཞི། སེམས་ཅན་གྱི་དོན་བྱེད་པའི་ཡུལ་སོགས་ལ་གོ་བར་བྱེད་དོ། །

མཚན་ཉིད།

[རྩོམ་སྒྲིག]

དགེ་བའི་ལས་འཕེལ་བའི་གཞི་དང་། སེམས་ཅན་གྱི་དོན་བྱེད་པའི་ཡུལ་ལོ། །

སྒྲ་བཤད།

[རྩོམ་སྒྲིག]

འཕེལ་བ་དང་རྒྱས་པའི་དོན་ཅན་ཏེ། "འགྲོ་བ་ཐམས་ཅད་ཀྱི་དཀར་པོའི་ཆོས་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །"[]ཞེས་གསུངས་པ་ལྟར་རོ། །

དབྱེ་བ།

[རྩོམ་སྒྲིག]

ཡུལ་གྱི་སྒོ་ནས་དབྱེ་བ། "བདེ་བ་ཅན་གྱི་ཞིང་ལ་སོགས་པར་གསེར་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལ་སོགས་པའི་རིན་ཆེན་སྣ་ཚོགས་ཀྱི་ཤིང་དང༌།"[] ཞེས་གསུངས་པ་ལྟར་བདེ་བ་ཅན་གྱི་ཞིང་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་དང་། "དེ་ལྟ་བུའི་སྟོང་གསུམ་པ་གཅིག་ནི་སངས་རྒྱས་གཅིག་གི་ཞིང་ཁམས་ཡིན་ལ།"[] ཞེས་གསུངས་སོ། །ངོ་བོའི་སྒོ་ནས་དབྱེ་བ། "སངས་རྒྱས་ཀྱི་ས་བོན་འདེབས་པའི་ཞིང་ས་བཟང་པོ་ནི་སེམས་ཅན་གྱི་ཞིང་དང་ནི་རྒྱལ་བའི་ཞིང་གཉིས་ལ་བརྟེན་ནས་དགེ་བའི་ལོ་ཏོག་འཕེལ་ཞིང་རྒྱས་པར་འགྱུར་བས་ན་ཞིང་ས་བཟང་པོ་དང་འདྲའོ་ཞེས་ཐུབ་པ་དེ་བཞིན་གཤེགས་པས་གསུངས་ཏེ།"[] ཞེས་གསུངས་པ་ལྟར། སེམས་ཅན་གྱི་ཞིང་དང་རྒྱལ་བའི་ཞིང་གཉིས་སུ་ཡོད་དོ། །དགོས་པའི་སྒོ་ནས་དབྱེ་བ། "སྦྱིན་བདག་མཆོག་ཡིན་པ་དང་། ཞིང་ཁྱད་པར་ཅན་ཡིན་པ་དང་།"[] ཞེས་གསུངས་པ་ལྟར། བསོད་ནམས་ཀྱི་ཞིང་དང་། ཕན་འདོགས་པའི་ཞིང་སོགས་སུ་ཡོད་དོ། །

ཁྱད་ཆོས།

[རྩོམ་སྒྲིག]

བྱང་ཆུབ་ཀྱི་སེམས་ཀྱི་གཞི། "བྱང་ཆུབ་ཀྱི་སེམས་ཀྱི་གཞི་ནི་སེམས་དེ་འབྱུང་བའི་རྒྱུ་སྟེ་ཐེག་པ་ཆེན་པོའི་སྡེ་སྣོད་དང༌། སེམས་སྐྱེ་བའི་རྐྱེན་བྱེད་པའི་གང་ཟག་དང་གང་དུ་བསྐྱེད་པའི་ས་ཕྱོགས་རྣམས་དང་སངས་རྒྱས་ཀྱི་སྐུ་གཟུགས་སོགས་མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ་ལོ། །"[]ཞེས་གསུངས་སོ། །ཡོན་ཏན་གྱི་ཞིང་། "ཡུལ་ཡོན་ཏན་ཅན་གྱི་ཞིང་བདག་གིས་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་ནི་ཕན་འདོགས་པའི་ཞིང་ཕ་དང་མའམ་ཡོན་ཏན་གྱི་ཁུར་དུ་ལྕི་ཞིང་བཀུར་བར་འོས་པའི་ཞིང་མཁན་སློབ་སོགས་བླ་མ་གཞན་དག་ལ་"[]ཞེས་གསུངས་སོ། །བསོད་ནམས་བསགས་པའི་ཞིང་། "དེ་ལྟ་བས་ན་བསོད་ནམས་ཀྱི་ཞིང་ཆེན་པོ་ལ་མཁས་པ་རྣམས་ཀྱིས་དགེ་བའི་སེམས་ཉིད་དུ་བྱའོ། །"[]ཞེས་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༡༨
  2. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༧༨
  3. ཐུབ་བསྟན་ཆོས་གྲགས། སྤྱོད་འཇུག་གི་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང་། ཤིང་དཔར། ཤོག་ངོས་ ༡༠༤
  4. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༣༥༦
  5. རྒྱལ་སྲས་ཐོགས་མེད་བཟང་པོ། སྤྱོད་འཇུག་གི་འགྲེལ་པ་ལེགས་བཤད་རྒྱ་མཚོ། ཤིང་དཔར། ཤོག་ངོས་ ༡༩
  6. རྒྱལ་ཚབ་དར་མ་རིན་ཆེན། སྤྱོད་འཇུག་གི་རྣམ་བཤད་རྒྱལ་སྲས་འཇུག་ངོགས། ཤིང་དཔར། ཤོག་ངོས་ ༣༦
  7. མཁན་པོ་ཀུན་དཔལ། སྤྱོད་འཇུག་གི་ཚིག་འགྲེལ་འཇམ་དབྱངས་བླ་མའི་ཞལ་ལུང་། ཤིང་དཔར། ཤོག་ངོས་ ༡༢༦
  8. ཤེས་རབ་འབྱུང་གནས་བློ་གྲོས། སྤྱོད་འཇུག་གི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༣༤
"https://bo.wikipedia.org/w/index.php?title=ཞིང་&oldid=149125"ལས་སླར་རྙེད་སོང།