ཞན་འགྱུར་

ཡོང་ཁུངས་Wikipedia

གཅིག་འདྲའམ་རིགས་འདྲའི་སྒྲ་གཉིས་ཕན་ཚུན་མཐུད་དུས། དེའི་ནང་གི་སྒྲ་གཅིག་གྱུར་ནས་སྒྲ་གཞན་ཞིག་དང་མི་འདྲ་བའམ་རིགས་འདྲ་མིན་པར་གྱུར་བའི་འཕོ་འགྱུར་དེ་ལ་གཞན་འགྱུར་ཟེར།

གཅིག་འདྲའམ་རིགས་འདྲའི་སྒྲ་གཉིས་ཕན་ཚུན་མཐུད་དུས། དེའི་ནང་གི་སྒྲ་གཅིག་གྱུར་ནས་སྒྲ་གཞན་ཞིག་དང་མི་འདྲ་བའམ་རིགས་འདྲ་མིན་པར་གྱུར་བའི་འཕོ་འགྱུར་དེ་ལ་གཞན་འགྱུར་ཟེར། གཞན་འགྱུར་ནི་ཅིའི་དོན་དུ་བྱུང་བ་ཡིན་ཞེ་ན། དེ་ནི་ཀློག་བདེ་བོ་ཡོང་བའི་ཆེད་དུ་ཡིན། གཅིག་འདྲའམ་རིགས་འདྲའི་སྒྲ་བསྟུད་མར་འདོན་དུས་ཀློག་བདེ་བོ་མེད་པ་དང་ནོར་འཁྲུལ་འབྱུང་སླ་མོའི་རྐྱེན་གྱིས་རེད། གཞན་འགྱུར་དེ་ལ་གསལ་བྱེད་ཀྱི་བར་དུ་འབྱུང་ཐུབ་པ་དང་དབྱངས་ཀྱི་བར་དུ་འབྱུང་ཐུབ་པ་གཉིས་ཡོད།