ཞག་བརྒྱའི་ཕྱག་ལེན་
[[༄༅། །མཁན་ངག་ཆུང་ནས་བརྒྱུད་པའི་སྙིང་ཐིག་སྔོན་འགྲོའི་ཞག་བརྒྱའི་ཕྱག་ལེན་འཁྲུལ་མེད། དང་པོ་དལ་འབྱོར་རྙེད་དཀའ་ལ། ངོ་བོ་དལ་བ་ཞག་གསུམ། ཁྱད་པར་ཆོས་ཀྱི་འབྱོར་བ་ཞག་བཞི། འཕྲལ་བྱུང་ཞག་གཅིག །རིས་ཆད་ཞག་གཅིག །རྙེད་དཀའི་རྒྱུ་ལ་བསམ་པ་ཞག་གཅིག །དཔེ་དང་གྲངས་བསམ་པ་ཞག་གཅིག་བཅས་བསྡོམས་པའི་ཞག་བཅུ་གཅིག། གཉིས་པ་ཚེ་མི་རྟག་པ་ལ། ཕྱི་སྣོད་འཇིག་རྟེན་བསམ་པ་ཞག་གཅིག །ནང་བཅུད་སེམས་ཅན་ཞག་གསུམ། སྐྱེས་བུ་དམ་པ་ཞག་གཅིག །སྐྱེ་དགུའི་བདག་པོ་ཞག་གཅིག །དཔེ་དོན་སྣ་ཚོགས་ལ་ཞག་གསུམ། འཆི་རྐྱེན་ངེས་མེད་ལ་ཞག་གཅིག །འདུན་པ་དྲག་པོ་ལ་བསམ་པ་ཞག་གཅིག་སྟེ་ཁྱོན་བསྡོམས་པའི་ཞག་བཅུ་གཅིག ། གསུམ་པ་འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ་ཞག་གསུམ། ཚ་དམྱལ་ཞག་གཉིས། གྲང་དམྱལ་ཞག་གཉིས། ཉི་ཚེ་དང་ཉེ་འཁོར་ཞག་གཉིས། བྱིང་གནས་ཡི་དྭགས་ཞག་གཅིག །མཁའ་རྒྱུའི་ཡི་དྭགས་ཞག་གཅིག །དུད་འགྲོ་བྱིང་གནས་ཞག་གཅིག །ཁ་ཐོར་ཞག་གཅིག །ལྷ་མིན་ཞག་གཉིས། ལྷ་ཞག་གཉིས། མི་ཞག་བཅུ་གཅིག་སྟེ་ཁྱོན་ཞག་ཉི་ཤུ་རྩ་བརྒྱད། བཞི་བ་ལས་རྒྱུ་འབྲས་ལ། སྤང་བྱ་སྡིག་པའི་ལས་ཞག་གསུམ། བསྒྲུབ་བྱ་དགེ་བའི་ལས་ཞག་གསུམ། ཐམས་ཅད་ལས་ཀྱི་རང་བཞིན་དུ་བསྟན་པ་ཞག་གསུམ་སྟེ་བསྡོམས་པའི་ཞག་དགུ། ལྔ་བ་ཐར་པའི་ཕན་ཡོན་ལ། ཕན་ཡོན་དང་ཐར་བ་རྒྱུ་འབྲས་ཞག་གཅིག ། དྲུག་པ་བཤེས་གཉེན་བསྟེན་པ་ཞག་གསུམ། ཐུན་གྱི་ཐོག་མཐའ་ཀུན་ལ་གཅིག་ཏུ་དཔྱད་འཇོག་སྤེལ་མའི་བློ་སྦྱོང་ལ་བརྩོན་པ་གལ་ཆེ།ཐུན་གཅིག་སུམ་ཆར་བགོས་པའི་ཆ་གཅིག་ལ་སྐྱབས་འགྲོ་བསག་ཀྱང་རུང་བར་གསུངས། ཡང་ན་ལོགས་སུ་སེམས་བསྐྱེད་སྔོན་ལ་སྐྱབས་འགྲོ་བསགས་གྲུབ་པ་བྱ། སེམས་བསྐྱེད་ལ། བཏང་སྙོམས་ཞག་གསུམ། བྱམས་པ་ཞག་གསུམ། སྙིང་རྗེ་ཞག་གསུམ། དགའ་བ་ཞག་གསུམ། སེམས་བསྐྱེད་ཀྱི་ངོ་བོ་དང་གྲངས་ཞག་གསུམ། སྨོན་པ་སེམས་བསྐྱེད་ཀྱི་བསླབ་བྱ་བདག་གཞན་མཉམ་པ་ཞག་གསུམ། བརྗེ་བ་ཞག་གསུམ། གཞན་གཅེས་ཞག་གསུམ་སྟེ་ཁྱོན་ཞག་དགུ། འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་སྦྱིན་པ་ཞག་གསུམ། ཚུལ་ཁྲིམས་ཞག་གསུམ། བརྩོན་འགྲུས་ཞག་གསུམ། བཟོད་པ་ཞག་གསུམ། བསམ་གཏན་ཞག་གསུམ། ཤེས་རབ་ཞག་གསུམ། བསམ་གཏན་གྱི་རྒྱུ་ཚོགས་ཞག་གསུམ། ཤེས་རབ་ཀྱི་ངོ་བོ་དང་དབྱེ་བ་ཞག་གསུམ་སྟེ་ཁྱོན་བསྡོམས་པའི་ཞག་བཞི་ཅུ་ཞེ་བརྒྱད། སེམས་བསྐྱེད་སྐབས་ཀྱི་ཞག་མ་བཞི་ཅུ་ཞེ་བརྒྱད་འདིའི་རིང་གཞུང་གི་སེམས་བསྐྱེད་ཁྲི་གསུམ་ཁ་བསྐང་དང་བཅས་པ་འགྲོ་བར་བྱ། ། དེ་ལྟར་ཐུན་མོང་སྔོན་འགྲོ་ནས་སེམས་བསྐྱེད་བསླབ་བྱའི་བར་ཞག་མ་བརྒྱ་དང་བཅུ་གཅིག་ཡོད། དེ་ལས་རྒྱས་པའི་ཕྱག་ལེན་ལ་ཞག་མ་བརྒྱ་དང་བཞི་ཅུ་ཞེ་དྲུག་དགོས། དེ་ནི་སྔར་གྱི་ཞག་མ་བརྒྱ་དང་བཅུ་གཅིག་སྟེང་རང་རང་གི་འདོད་པ་བཞིན་དལ་འབྱོར་རྙེད་དཀའ་འམ་ཚེ་མི་རྟག་པ་སོགས་ཞག་སུམ་ཅུ་སོ་ལྔར་བསྒོམ་པ་ཡིན་ནོ། །]]