Jump to content

ཝོད་.ཝེད་མེན་

ཡོང་ཁུངས་Wikipedia

ཝོད་.ཝེད་མེན་ ཨ་རིའི་རང་མོས་སྙན་ངག་གི་ཤིང་རྟའི་སྲོལ་འབྱེད་ཝོད་.ཝེད་མེན་{walt whi teman}ནི་དུས་ རབས་བཅུ་དགུ་པར་[༡༨༡༩]ཨ་རིའི་གྲོང་ཁྱེར་ཉིག་ཡོའི་ཉེ་འགྲམས་ཁྲང་ཏའོ་ཞེས་པར་ཁྱིམ་ཚང་ དབུལ་པོ་ཞིག་ཏུ་སྐྱེས། ཆུང་དུས་དམའ་འབྲིང་གི་སློབ་གསོ་དམྱངས་རྗེས་ཁྱིམ་ཚང་དབུས་བས་ འཚོ་བའི་དཀའ་ངལ་འཕྲད་འཕྲད་པས། ཝེད་མེན་འཚོ་ཚིས་སུ་ཡུལ་གཞན་དུ་ཕྱིན་ནས་ལག་གཡོག་ སོགས་ཀྱི་ལས་ཀ་གཉེར་ཞོར་དུ། ཞིང་གྲོང་གི་དགེ་རྒན་བསྟེན། ཁྱིམ་ཚང་དབུལ་བ་དང་། འཚོ་བའི་ དཀའ་ངལ་མང་བས་སློབ་སྦྱོང་ལ་བར་ཆད་མང་པོ་འཕྲད་མོད། ཡིན་ནའང་། ཁོང་གིས་ལས་ཞོར་གྱི་ དུས་ཚོད་ཆུད་ཟོས་མ་བཏང་བར་རང་སྦྱོང་མཛད་དེ་སློབ་སྦྱོང་གི་དཀའ་ངལ་གང་མང་བརྒལ་བས་ ཤེས་རིག་གི་གནས་ལ་སྦྱང་འབྲས་ཡུར་དུ་ཟ་བ་ཐོན། འཛམ་གླིང་གི་གྲགས་ཆེན་རྩོམ་རིག་མང་པོ་ གཟིགས་ཤིང་། དམངས་གཙོ་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ལེན་མཛད། དེ་ནས་ཉིག་ཡོའི་སྐྱ་རིངས་དང་། རང་དབང་མི་སེར་ཞེས་པའི་ཚགས་པར་རྩོམ་སྒྲིག་ཀྱི་འགན་བཞེས། དུས་རབས་བཅུ་དགུ་པའི་ལོ་རབས་བཞི་བཅུ་པའི་དུས་མགོ་ནས་བཟུང་སྟེ། རྩོམ་རིག་གསར་རྩོམ་གྱི་ ལས་ལ་ཞུགས་ནས་སྙན་ངག་དང་སྒྲུང་གཏམ་མང་པོ་སྤེལ།