Jump to content

ཚོར་བ་

ཡོང་ཁུངས་Wikipedia

ཚོར་བ་ཞེས་པ་ནི་ཕུང་པོ་ལྔའི་ནང་གི་གཉིས་པ་སྟེ། "གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་སེམས་པ་རྣམས་"[]ཞེས་དང་། "གཟུགས་དང་འདུ་ཤེས་དང་ཚོར་བ་དང་སེམས་པ་འདུ་བྱེད་དག་དང་རྣམ་པར་ཤེས་པ་"[]ཞེས་སོགས་འབྱུང་། "གཟུགས་དང་ཚོར་བ་སོགས་ཕུང་པོ་ལྔས་མཚོན་པའི་ཆོས་རྣམས་"[]ཞེས་གསུངས་པ་ལྟར་རོ། །

མཚན་ཉིད།

[རྩོམ་སྒྲིག]

"ཉམས་སུ་མྱོང་བའི་རང་བཞིན་ནོ། །"[]ཞེས་གསལ་བར་གསུངས།

སྒྲ་བཤད།

[རྩོམ་སྒྲིག]

"ཚོར་བའི་བདེ་སྡུག་བཏང་སྙོམས་གསུམ་དང་"[]ཞེས་གསུངས་པ་དང་། "གཟུགས་མིན་ཚོར་བ་མིན་"[]ཞེས་གསུངས། ཡང་ "ཚོར་བ་ནི་མིང་ཙམ་མོ་"[]ཞེས་པ་ལྟར་ཚོར་བ་ནི་ཐ་སྙད་ཙམ་དུ་ཡོད་ཀྱི་དོན་དམ་པར་མེད་པར་གསུངས་སོ། །

ལུང་ཁུངས།

[རྩོམ་སྒྲིག]
  1. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༦a
  2. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༩b
  3. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༣༣a
  4. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༧༢
  5. ཀརྨ་པ་རང་བྱུང་རྡོ་རྗེ། མདོ་སྡུད་པའི་འགྲེལ་པ་ཡིད་བཞིན་གྱི་ནོར་བུ། ལྕགས་པར། ཤོག ༡༡༡
  6. སློབ་དཔོན་སེངྒེ་བཟང་པོ། སྡུད་པའི་དཀའ་འགྲེལ། ཤིང་དཔར། ཤོག་ངོས་ ༥༥
  7. ཅོ་ནེ་གྲགས་པ་བཤད་སྒྲུབ། སྡུད་པའི་འགྲེལ་པ་རྒྱལ་བའི་དགོངས་གསལ། ཤིང་དཔར། ཤོག་ངོས་ ༣༤a
"https://bo.wikipedia.org/w/index.php?title=ཚོར་བ་&oldid=148239"ལས་སླར་རྙེད་སོང།