Jump to content

ཚོ་པ་སྡེ་བཞི་འཁྲུག་སྐོར་

ཡོང་ཁུངས་Wikipedia

སྤྱི་ལོའི་དུས་རབས་བཅུ་པའི་ནང་དབུས་གཙང་གི་མཁས་པ་མི་བཅུ(དབུས་ནས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་དང་། གཉལ་པ་འབྲིང་ཡེ་ཤེས་ཡོན་ཏན། རྦ་ཚུལ་ཁྲིམས་བློ་གྲོས། རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་བཅས་ལྔ་དང་། གཙང་ནས་མགུར་མོ་རབ་ཁ་བ་དང་། ལོ་སྟོན་རྡོ་རྗེ་དབང་ཕྱུག། སྟོད་ཀྱི་ཤབ་སྒོ་ལྔའི་ཚོང་བཙུན་ཤེས་རབ་སེང་གེ། མངའ་རིས་པ་འོ་བརྒྱད་སྤུན་གཉིས། བོ་དོང་པ་ཨུ་པ་དེ་དཀར་བ་བཅས་ལྔ)མདོ་སྨད་དུ་བསྙེན་པར་རྫོགས་ནས་དབུས་གཙང་དུ་ཕེབས། བསམ་ཡས་དང་ལྷ་སའི་ཉེ་འཁོར་སོགས་སུ་གནས་གཞི་བཟུང་། དབུས་པ་མི་ལྔའི་སློབ་མ་དང་། ཡང་སློབ་སོགས་ཀྱི་གནས་གཞི་བཟུང་ཡུལ་རྒྱ་བསྐྱེད་པས་ཀླུ་མེས་དང་། རྦ། རག། འབྲིང་བཅས་ཀྱི་ཚོ་པ་བཞི་ཆགས། དུས་རབས་བཅུ་གཅིག་པའི་དུས་དཀྱིལ་དང་། དུས་རངས་བཅུ་གཉིས་པའི་འགོར་ཚོ་པ་་་་བཞི་པའི་བར་དམགས་འཁྲུག་ཐེངས་མང་ལངས། ལྷ་ས་གཙུག་ལག་ཁང་ཆེ་ཆུང་གཉིས་མེ་ལ་བསྲེགས་ནས་གཏོར་་སྐྱོན་བྱུང་བ་སོགས་བྱས། དེ་རྗེས་སྒོམ་པ་ཚུལ་ཁྲིམས་སྙིང་པོས་ལྷ་ས་གཙུག་ལག་ཁང་ཆེ་ཆུང་གཉིས་ལ་ཉམས་གསོ་དང་འབྲེལ་གུང་ཐང་བླ་མ་ཞང་ལ་རྩིས་སྤྲོད་གནང་།