ཚེས་གཅིག་སྐྱེ་བ་གཉིས
མཐོང་རིས་
སྐུ་ཚེ་གཅིག་ལ་མི་རབས་གཉིས་ཀྱི་དུས་ཡུན་ཡོད་པ་ལ་ཟེར། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་ཤཱཀྱ་མུ་ནེ་འཇིག་རྟེན་དུ་བྱོན་སྐབས་མི་ཡི་ཚེ་ཚད་ཆ་སྙོམས་ལོ་བརྒྱ་ལོན་པའི་དུས་དང་། རྒྱལ་པོ་ལྷ་ཐོ་ཐོ་རིའི་དུས་མིའི་ཚེ་ཚད་ཆ་སྙོམས་ལོ་དྲུག་ཅུ་ཡས་མས་ཀྱི་དུས་ཡིན་རུང་། ཁོང་དགུང་ལོ་བརྒྱ་དང་ཉི་ཤུའི་བར་དུ་བཞུགས་པ་དེའི་རིང་ལ་མི་རབས་གཉིས་ཀྱི་དུས་ཡུན་ལོངས་པའི་དབང་གིས་སྐྱེ་བ་གཉིས་ལེན་པ་དང་འདྲ་བའི་དོན་ཡིན།