Jump to content

ཚེ་ལྷ་སྐུ་འབུམ་

ཡོང་ཁུངས་Wikipedia

བོད་ལྗོངས་མ་གྲོ་གུང་དཀར་རྫོང་རྩ་ཞོལ་ཁོངས་ཚེ་ལྷ་སྐུ་འབུམ་ཞེས་པའི་མཆོད་རྟེན་གྲགས་ཅན་ཞིག་ཡོད་པ་དེའི་བཤོད་རྒྱུན་ལྟར་ན། དུས་རབས་བཅུ་གཉིས་པའི་ཡས་མས་སུ་མཆོད་རྟེན་དེ་དགེ་བཤེས་གླང་རིང་བས་བཞེངས་པ་ཡིན་པ་དང་། མཆོད་རྟེན་མ་བཞེངས་གོང་ཉེ་འདབས་ཀྱི་བྲག་ཕུག་ཅིག་ནང་དགེ་བཤེས་གླང་རིང་བ་བཞུགས་ཀྱི་ཡོད་པ་དེ་དུས་ཁོ་རང་གི་ཉེ་གནས་དེ་ཚེ་རྫོགས་གྲབས་ཡོད་པ་མཁྱེན་རྗེས་ཉེ་གནས་ལ་ཁྱོད་རང་དེ་རིང་ཨ་མ་ཐུག་འཕྲད་ལ་འགྲོ་དགོས་གསུངས་ནས་འགྲོ་སྐབས་ལམ་དུ་ཤེལ་གྱི་མཆོད་རྟེན་ཆུང་ངུ་ཞིག་མཐོང་བ་དེར་སྐོར་བ་གཉིས་བརྒྱབ་པ་ནས་བཟུང་ཉེ་གནས་དེ་ཚེ་འཕེལ་བ་དང་། ཤེལ་གྱི་མཆོད་རྟེན་དེ་ཚེ་ལྷ་སྐུ་འབུམས་གྱི་གཟུངས་བཞུགས་སུ་ཡོད་སྐད་ལ་དེར་སྐོར་བ་བརྒྱབ་ན་ཚེ་འཕེལ་བའི་ལོ་རྒྱུས་ཡོད་སྟབས་རྒྱུན་དུ་སྐོར་བ་རྒྱག་མཁན་མང་པོ་ཡོད། རིག་གནས་གསར་བརྗེ་མཇུག་སྒྲིལ་རྗེས་མང་ཚོགས་ནས་མཆོད་རྟེན་དེར་ཉམས་གསོ་བྱས་ཏེ་དེང་སང་མལ་གྲོ་ཡས་མས་གང་ས་ནས་རྟག་དུ་སྐོར་བ་རྒྱག་མཁན་མང་པོ་ཡོང་གི་ཡོད།