Jump to content

ཚེ་ལ་ངེས་པ་མེད་པ་

ཡོང་ཁུངས་Wikipedia

སངས་རྒྱས་ཆོས་ལུགས་ཀྱི་བཤད་ཚུལ་ལ། །འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་རིང་ཐུང་ལ་ངེས་པ་མེད་པ་ནི། སྔར་བསྐལ་པ་ཡ་ཐོག་རིང་མོའི་སྐབས་མིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་གྲངས་ཁྲི་མང་པོ་ཐུབ་པ་ཡང་བྱུང་མྱོང་ཞིང་། དེ་ནས་རིམ་བཞིན་འགྲིབ་སྟེ་ད་ལྟའི་སྐབས་ཀྱི་ཚེ་ཚད་ལོ་གྲངས་ལྔ་བཅུ་ཡས་མས་ཀྱི་དུས་ཡིན་ལ། མ་འོངས་པ་ན་མི་རྣམས་ཆ་སྙོམས་ཚེ་ཚད་ལོ་གྲངས་བཅུ་ལ་སླེབས་པ་ཡང་ཡོད་པས་ཚེ་རིང་ཐུང་ལ་ངེས་པ་གཏན་ནས་མེད་ཅེས་བཅད་བཤད་སྲོལ་ཡོད། ཞིབ་པར《མངོན་པ་མཛོད》ཀྱི་ལེའུ་གསུམ་པར་གསལ་བས་དེར་གཟིགས།