ཚེ་དཔག་ལྷ་ཁང་
མཐོང་རིས་
ལྷ་སའི་ར་མོ་ཆེ་གཙུག་ལག་ཁང་གི་གཞུང་སྒོའི་ལྷོ་འགྲམ་དུ་ཡོད་པའི་ཚེ་དཔག་ལྷ་ཁང་ནི་དུས་སྐབས་གང་དང་ཡོན་བདག་སུས་བསྐྲུན་གྱི་ལོ་རྒྱུས་གསལ་བ་མ་མཐོང་ཡང་བཞི་སྡེའི་དགེ་འདུན་བགྲེས་པ་འགའི་གསུང་རྒྱུན་དུ་ཁྲི་དཔོན་དགའ་བདེ་བཟང་པོས་བཞེངས་པ་ཡིན་ལུགས་གསུང་རྒྱུན་འདུག རྟེན་གཙོ་ཚེ་དཔག་མེད་ཀྱི་འཇིམ་སྐུ་ཐོག་ཚད་སོགས་དང་བདག་འཛིན་བཞི་སྡེ་གྲྭ་ཚང་ནས་བྱེད།