Jump to content

ཚུལ་བཞི

ཡོང་ཁུངས་Wikipedia

ཡི་གེའི་ཚུལ། སྤྱིའི་ཚུལ། སྦས་པའི་ཚུལ། མཐར་ཐུག་གི་ཚུལ་ལོ། །ཡང་ན་རང་བཞིན་གྱི་ཚུལ། གབ་པའི་ཚུལ། སྦས་པའི་ཚུལ། མི་བསྟན་པའི་ཚུལ་རྣམས་སོ། །དེ་ལ་གསལ་བར་དབྱེ་ན། ཡི་གེའི་ཚུལ་ནི། ཨེ(མེ། དྲག) བཾ(ཆུ། དབང) ལཾ(ས་ རྒྱས) མ(རླུང་། ཞི)བཞིས་འཁོར་ལོ་བཞི་སྟོན་པ་ལྟ་བུའོ། །སྤྱི་ཚུལ་ནི། ཕར་ཕྱིན་གྱི་ལམ་སྔགས་ཀྱིས་ཀྱང་བརྗོད་བྱར་བསྟན་པས་ཐུན་བ་ཡིན་པས་སོ། །སྦས་པའི་ཚུལ་ནི། གོང་མའི་ཡུལ་དུ་གྱུར་པ་ལ་འོག་མའི་ཡུལ་དུ་མ་གྱུར་བའོ། །མཐར་ཐུག་གི་ཚུལ་ནི་། དེ་ལས་གོང་དུ་བོང་དབྱུང་དུ་མེས་པ་སངས་རྒྱས་ཀྱི་ཡེ་ཤེས་སོ། །ཡང་ཚུལ་བཞི་ལ་འདྲེན་ཚུལ་གཞན་ཞིག་སྟེ། སྤྱིའི་དོན། གཞུང་གི་དོན། རྒྱས་པའི་དོན། མཐར་ཐུག་གི་དོན་རྣམས་མངོན་གསུམ་དུ་གྱུར་པ་བཅས་བཞིའོ། །