Jump to content

ཚིག་ཕྲད་གཞན་དབང་ཅན་ཅིང་སོགས་ཐོབ་ཚུལ་

ཡོང་ཁུངས་Wikipedia

ཚིག་ཕྲད་གཞན་དབང་ཅན་ཅིང་སོགས་ཐོབ་ཚུལ་བཤད་པ། ག་ད་བ་དང་ད་དྲག་མཐར། ། ཅིང་ཅེས་ཅེའོ་ཅེ་ན་ཅིག ། ང་ན་མ་འ་ར་ལ་དང་། ། མཐའ་རྟེན་མེད་པའི་རྗེས་དག་ཏུ། ། ཞིང་ཞེས་ཞེའོ་ཞེ་ན་ཞིག ། ས་མཐར་དམིགས་བསལ་ཞེས་མ་གཏོགས། ། ཤིང་དང་ཤེའོ་ཤེ་ན་ཤིག ། ཅེས་པ་ལྟར། ག་ད་བ་དང་དྲག་ཅན་གྱི་མཐར་ཅིང་སོགས་ལྔ་བོ་སྦྱོར་ཚུལ་དཔེར་ན། དྲག་ཅིང་། དྲག་ཅེས། དྲག་ཅེའོ། དྲག་ཅེ་ན། ཞོག་ཅིག། དེད་ཅིང་། བརྗོད་ཅེས། བསྟོད་ཅེའོ། བཤད་ཅེ་ན། ཤོད་ཅིག། བརྒྱབ་ཅེས། རབ་ཅོའོ། ཁྱབ་ཅེ་ན། ཁོབ་ཅིག། རོལད་ཅིང་། རོལད་ཅེས། རོལད་ཅེའོ། རོལད་ཅིག་ལྟ་བུ། ང་ན་མ་འ་ར་ལའི་མཐའ་རྟེན་ཅན་རྣམས་དང་། མཐའ་མེད་པ་དག་ལ་ཞིང་སོགས་ལྔ་བོ་སྦྱོར་ཚུལ་ནི། དཔེར་ན་། བཟང་ཞིང་། གསུང་ཞེས། གསུང་ཞེའོ། གང་ཞེ་ན། གང་ཞིག་ཉན་ཞིང་། སྟོན་ཞེའོ། བྱིན་ཞེ་ན། རིན་ཞིག། བསམ་ཞིང་། བསམ་ཞེས། བསམ་ཞེའོ། བསམ་ཞེ་ན། ནམ་ཞིག་ལྟ་བུ་དང་། དཀའ་ཞིང་། དཔའ་ཞེས། དགའ་ཞེ་ན། འབའ་ཞིག་ལྟ་བུ་དང་། འབར་ཞིང་། འཆར་ཞེས། འཆར་ཞེའོ། འབར་ཞེ་ན། དངུལ་དཀར་ཞིག་ལྟ་བུ་དང་། མཇལ་ཞིང་། གྲོལ་ཞེས། གྲོལ་ཞེ་ན། གྲོལ་ཞེའོ། ཐུལ་ཞེ་ན། དམིགས་བསལ་ཞིག། ལྟ་བུའོ། སྤྲོ་ཞིང་། བདེ་ཞེས། སྒྲ་ཞེའོ། སྤྲོ་ཞེ་ན། ཁང་བ་ཞིག་ལྟ་བུའོ། ས་མཐར་ཤིང་སོགས་ལྔ་སྦྱོར་ཚུལ་ནི་དཔེར་ན། མཁས་ཤིང་ཤེས་ན། གྱིས་ཤིག། ལྟ་བུ་དང་། དམིགས་ཤིག། བསགས་ཤེ་ན། བགོས་ཤིག་ལྟ་བུ། ས་མཐར་ཤེས་ཟེར་བ་མི་བདེ་བས་ཞེས་དམིགས་བསལ་གྱིས་ཐོབ་པ་ཡོད་ལ། འདིའི་ཅིག་ཞིག་ཤིག་རྣམས་ལ་སྐུལ་ཚིག་ཡི་མིན་ཅི་རིགས་ཡོད་པ་དང་། ཁ་ཅིག་ལྷན་ཅིག་སོགས་ཀྱི་མིང་མཐའ་ལ་ཡོད་པའི་ཅིག་སོགས་ཚིག་ཕྲད་མ་ཡིན་པ་ཤེས་པར་བྱའོ།