Jump to content

ཚལ་པའི་དཔོན་རབས་རིམ་བྱུང།

ཡོང་ཁུངས་Wikipedia

༡.ཉེ་གནས་དར་མ་གཞོན་ནུ། རབ་བྱུང་གསུམ་པའི་མེ་ལུག(༡༡༨༧)ལོར་དཔོན་དུ་བསྐོས་ནས་རབ་བྱུང་བཞི་པའི་ཆུ་ཁྱི(༡༢༠༢)བར་ལོ་ཉེར་གཅིག་རིང་སྲིད་དབང་བཟུང། ༢.དཔོན་འབྱུང་ནས་བརྩོན་འགྲུས། རབ་བྱུང་བཞི་པའི་ཆུ་ཕག་(༡༢༠༣)ནས་ཤིང་ཕག་(༡༢༡༥)བར་ལོ་བཅུ་གསུམ་རིང་སྲིད་དབང་བཟུང། ༣.དཔོན་ཡེ་ཤེས་གཟུངས། རབ་བྱུང་བཞི་པའི་ཤིང་ཕག་(༡༢༡༥)ནས་ས་སྟག་(༡༢༡༨)བར་ལོ་ངོ་བཞིར་སྲིད་བཟུང། ༤.དཔོན་སངས་རྒྱས་དངོས་གྲུབ། རབ་བྱུང་བཞི་པའི་ས་ཡོས(༡༢༡༩)ལོ་ནས་རབ་བྱུང་བཞི་པའི་ཆུ་སྟག(༡༢༤༢)ལོ་བར་ལོ་ཉེར་བཞི་རིང་སྲིད་དབང་བཟུང་། ༥.དཔོན་རྒྱལ་མཚན་རིན་ཆེན། རབ་བྱུང་བཞི་པའི་ཆུ་ཡོས(༡༢༤༣)ལོ་ནས་རབ་བྱུང་ལྔ་པའི་ས་འབྲུག(༡༢༦༨)བར་ལོ་ཉེ་དྲུག་རིང་སྲིད་དབང་བཟུང། ༦.དཔོན་ཉི་མ་ཤེས་རབ། རབ་བྱུང་ལྔ་པའི་ས་སྦྲུལ(༡༢༦༩)ལོ་ནས་ས་ཡོས(༡༢༧༩)བར་ལོ་བཅུ་གཅིག་རིང་སྲིད་དབང་བཟུང་། ༧.དཔོན་དགའ་བདེ་དཔལ། རབ་བྱུང་ལྔ་པའི་ལྕགས་འབྲུག(༡༢༨༠)ལོ་ནས་ཆུ་ཁྱི(༡༣༢༢)བར་ལོ་ཞེ་གསུམ་རིང་སྲིད་དབང་བཟུང་། ༨.དཔོན་རིན་ཆེན་སེང་གེ། གོང་འཕྲོས་ནས་མེ་སྟག(༡༣༢༦)བར་ལོ་བཞི་རིང་སྲིད་དབང་བཟུང་། ༩.དཔོན་དྲུང་ཆེན་སྨོན་ལམ་རྡོ་རྗེ། རབ་བྱུང་དྲུག་པའི་ཆུ་ཡོས(༡༣༠༣)ལོ་ནས་རབ་བྱུང་ལྔ་པའི་ཆུ་ཕག(༡༣༢༣)བར་ལོ་ཉི་ཤུ་རིང་སྲིད་དབང་བཟུང་། ༡༠.དཔོན་ཆེན་དཀུན་དགའ་རྡོ་རྗེ། རབ་བྱུང་ལྔ་པའི་ཆུ་ཕག(༡༣༢༣)ལོ་ནས་རབ་བྱུང་དྲུག་པའི་ལྕགས་སྟག(༡༣༥༠)བར་ལོ་ཉེར་བརྒྱད་རིང་སྲིད་དབང་བཟུང་། ༡༡.སྤྱན་སྔ་གྲགས་པ་ཤེས་རབ། གོང་འཕྲོས་ནས་རབ་བྱུང་དྲུག་པའི་ཆུ་རྟ(༡༣༤༢)བར་ལོ་ལྔའི་རིང་སྲིད་དབང་བཟུང་། ༡༢.སི་ཏུ་དགེ་ལེགས་བཟང་པོ། རབ་བྱུང་དྲུག་པའི་ཆུ་རྟ(༡༣༤༢)ལོ་ནས་རབ་བྱུང་དྲུག་པའི་ས་ཁྱི(༡༣༥༨)བར་ལོ་བཅུ་བདུན་རིང་སྲིད་དབང་བཟུང་། ༡༣.ཏྲེ་ཧོས་དཔལ་འབྱོར་བཟང་པོ། གོང་འཕྲོས་ནས་རབ་བྱུང་དྲུག་པའི་ས་རྟ(༡༣༧༨)བར་ལོ་ཉེར་གཅིག་རིང་སྲིད་དབང་བཟུང་། ༡༤.དྲུང་སློབ་དཔོན་ལེགས་ལྡན་པ། གོང་འཕྲོས་ནས་རབ་བྱུང་དྲུག་པའི་ཤིང་བྱི(༡༣༧༤)བར་ལོ་བདུན་རིང་སྲིད་དབང་བཟུང་། ༡༥.ཀྲེ་ཧོས་དགའ་བདེ་བཟང་པོ། དགོང་འཕྲོས་ནས་རབ་བྱུང་བདུན་པའི་མེ་གླང(༡༣༩༧)བར་ལོ་བཅུ་བཞིའི་རིང་སྲིད་དབང་བཟུང། ༢༦.སྤྱན་སྔ་དངོས་གྲུབ་རྒྱལ་མཚན། གོང་འཕྲོས་ནས་ལོ་གཉིས་ཙམ་སྲིད་བསྐྱངས་ནས་ཚལ་པའི་མི་སྡེ་གཙུག་ལག་ཁང་དང་བཅས་པ་སྣེ་གདོང་དབང་གྲགས་པ་རྒྱལ་མཚན་ལ་ཕུལ་ཏེ་འཛིན་སྐྱོང་དུ་དགེ་རྒྱས་མཁན་པོ་ཆུ་ལུག(༡༤༠༣)ལོར་འབྱོར། དེ་ནས་ལོ་ངོ་དགུ་སོང་བའི་ལྕགས་ཡོས(༡༤༡༡)ལོར་གུང་ཐང་ལ་དམག་གི་གནོད་པ་བྱུ་ཞིང་། དེ་ནས་རབ་བྱུང་དགུ་པའི་མེ་ལུག(༡༥༤༧)ལོར་གུང་ཐང་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་།