Jump to content

ཚལ་པ་དགའ་བདེ་དཔལ་

ཡོང་ཁུངས་Wikipedia

བཙན་པོ་སྲོང་བཙན་སྒམ་པོའི་བློན་པོ་མགར་སྟོང་བཙན་གྱི་རིགས་རྒྱུད་ལས་བྱུང་བ་མགར་རྒྱལ་བ་འབྱུང་གནས་དང་གུང་ཐང་བླ་མ་ཞང་གཉིས་མཆོད་ཡོན་དུ་གྱུར། མགར་རྒྱལ་བ་འབྱུང་གནས་ལ་སྲས་སངས་རྒྱས་དངོས་གྲུབ་འཁྲུངས་པ་དཔོན་དུ་བསྐོས་ དགེ་འདུན་ཚལ་པའི་བསྟན་པའི་རྩ་བ་བཙུགས། དེའི་སྲས་དཔོན་ཆེན་རིན་ཆེན་རྒྱལ་གྱིས་དཔོན་གྱི་ལས་ཀ་བཟུང་སྟེ་གོང་དུ་བྱོན། སི་ཆེན་རྒྱལ་པོས་སྐྱིད་ཤོད་སྟོད་སྨད་དང་ སྟོད་ལུང། དགྲ་དོལ། འཕྱོང་པོ། རྒྱལ་སྨན། ཨེ་དྭགསགཉན་གསུམ་སོགས་ལྷ་ཁང་ཞིག་གསོ་བྱེད་པའི་མི་སྡེ་ཤེས་སུ་ཆུག་གི་འཇའ་ས་གནང། གུང་ཐང་དུ་བྱོན་ཏེ་གཟིམ་ཁང་ཤེ་དང། ཁྱམས་ར་ཆེན་མོ་བརྩིགས། དེའི་སྲས་གཉིས་པ་དགའ་བདེས་དཔོན་གྱི་གོ་ས་བཟུང། ཚལ་པའི་དགོན་སྡེའི་དོན་དུ་གོང་མའི་དྲུང་དུ་ལན་བདུན་བྱོན། མི་ཆེན་ཟམ་ཁ་དང་མ་མཐུན་ནས་ཐོག་མར་ཟམ་ཁ་དབང་ཆེ་བ་བྱུང་ཡང་རྗེས་སུ་དགའ་བདེས་རྒྱལ་ཁ་བླངས་ནས། ངེད་རང་གཉིས་པོ་ཁྱད་པར་ཆེ། ང་ནི་སགེ་འདུན་ཚལ་པ་ཡིན། དགའ་བདེ་དཔལ། བློ་བདེ་དཔལ་། སྐྱིད་བདེ་དཔལ། ད་ལྟ་ཚལ་པའི་དགའ་བདེ་དཔལ་ཞེས་གླུ་བླངས། དེ་ནས་རྒྱའི་བཟོ་བོ་མཁས་པ་བོས་ཏེ་རྒྱ་ཕིབས་དང་གསེར་འཕྲུ་སོགས་རྟེན་དང་བརྟེན་པ་བཞེངས། ཆོས་འཁོར་གླིང་དུ་མཚན་ཉིད་ཀྱི་བཤད་གྲྭ་དང། དབུས་གླིང་དུ་སྔགས་གྲྭ་བཙུགས་པ་སོགས་མཛད་པ་རྒྱ་ཆེ་བ་བྱུང། དགའ་བདེའི་སྲས་ཆུང་བ་སྨོན་ལམ་རྡོ་རྗེའི་དུས་ཚོས་ཕྱོགས་ཀྱི་མཛད་པ་རྒྱ་ཆེ་བའི་ཐོག་སྲིད་ཀྱི་མངའ་ཐང་ཡང་རྒྱ་ཆེར་འཕེལ། དེའི་སྲས་ཆེ་བ་དཔོན་ཀུན་དགའ་རྡོ་རྗེ་ཡིན།