ཚལ་པ་ཁྲི་དཔོན་
མཐོང་རིས་
གུང་ཐང་བླ་མ་ཞང་བརྩོན་འགྲུས་གྲགས་པས་རབ་བྱུང་གསུམ་པའི་ཤིང་ལུག(༡༡༧༥)ལོར་ཚལ་དང་མེ་ལུག(༡༡༨༧)ལོར་གུང་ཐང་གི་གཙུག་ལག་ཁང་བཏབ་ནས་གནས་གཞི་བཟུང་སྟེ་ཆོས་བརྒྱུད་སྤེལ་བས་གཙུག་ལག་ཁང་གི་བདག་པོར་གྱུར་རྗེས། དཔོན་རིན་ཆེན་རྒྱལ་མཚན་ལ་ཁྲི་དཔོན་གྱི་འཇའ་ས་ལོན་པ་ནས་དབུ་ར་སྐྱིད་ཤོད་སྟོད་སྨད་ཀྱི་བདག་པོ་བྱས་ནས་དཔོན་བརྒྱུད་རིམ་པར་བྱུང་ཞིང། རྗེས་སུ་དྲུང་ཆེན་ཀུན་དགའ་རྡོ་རྗེའི་དུས་འབྲི་གུང་པ་དང་གཡའ་བཟང་པ་གཉིས་དང་ངན་མཐུན་བྱས་ཏེ་ཏ་སི་བྱང་ཆུབ་རྒྱལ་མཚན་དང་འཐབ་པས་མངའ་ཁོངས་ཚང་མ་ཤོར་ཏེ་རང་ཉིད་རབ་ཏུ་བྱུང་ཞིང་དེ་ནས་རིང་པོ་མ་སོང་བར་གདུང་རྒྱུད་ཀྱང་ཆད།