ཚལ་གཞི་མེའོ་ལྷ་ཁང་
མཐོང་རིས་
ཚལ་གཞི་མེའོ་ནི་དེང་སྐབས་ལྷ་ས་བར་སྐོར་ཨུ་ཡོན་ལྷན་ཁང་ཁོངས་ཚོས་སྣག་སྲང་ལམ་ལ་ཡོད། རྒྱ་སྐད་ལ་ཚའི་ཧྲན་མེའོ་(财神庙)སྟེ་དེའི་གོ་དོན་ནི་ནོར་ལྷའི་ལྷ་ཁང་ཟེར་ཞིང་། ལྷ་ཁང་དེར་ཐོག་བརྩེགས་གཉིས་ཡོད་པ་དང་ཡང་སྟེང་དུ་ཤིང་གི་རྒྱ་ཕིབས་ཤིག་ཡོད། ཆུ་བྱི་དམག་འཁྲུག་སྐབས་ལྷ་ཁང་དེ་འཐོར་ཞིག་དུ་ཕྱིན་རྗེས་སུ་ནམ་ལས་ཁུངས་ནས་ས་ཆ་དེ་དོ་དམ་བྱས་སྐད།