ཚད་མ་རིགས་གཞུང་རྒྱ་མཚོ།
གཞུང་གི་མཚན།
[རྩོམ་སྒྲིག]༄༅། ཚད་མ་ལེགས་པར་བཤད་པ་ཐམས་ཅད་ཀྱི་ཆུ་བོ་ཡོངས་སུ་འདུ་བ་རིགས་པའི་གཞུང་ལུགས་ཀྱི་རྒྱ་མཚོ་ཞེས་བྱ་བ།
གཞུང་ཚད་དང་དཔེ་སྐྲུན།
[རྩོམ་སྒྲིག]- གླེགས་བམ་གཉིས་ཀྱི་གྲངས་སུ་ངེས་ཏེ།
གླེགས་བམ་དང་པོ། ཐོག་མར་དགར་བ་ཀླད་ཀྱི་དོན་ལ་མཆོད་བརྗོད། མཚན་དོན། འགྱུར་ཕྱག རྩོམ་པ་དམ་བཅའ་བ། བར་དུ་དགེ་བ་གཞུང་གི་དོན་ལ་ལེའུའི་འབྲེལ་དང་། འབྲེལ་བ་ཅན་ལེའུ་སོ་སོའི་གཞུང་བཤད་མདོར་བསྟན་པ། ལེའུ་དང་པོ། བཅོམ་ལྡན་འདས་ཚད་མའི་སྐྱེས་བུར་གྲུབ་པ་ཞེས་བྱ་བ་ཀུན་ལས་བཏུས་ཀྱི་བཤད་པའི་དབང་དུ་བྱས་པ། ལེའུ་གཉིས་པ། ཚད་མ་ཀུན་ལས་བཏུས་པ་རྣམ་པར་འགྲེལ་པ་མངོན་སུམ་རྒྱ་ཆེར་བཤད་པ། གླེགས་བམ་གཉིས་པ། ལེའུ་གསུམ་པ། ཚད་མའི་མདོ་ཀུན་ལས་བཏུས་པ་སྡེ་བདུན་གྱི་སྒོ་ནས་རང་གི་དོན་རྗེས་སུ་དཔག་པ་རྣམ་པར་བཤད་པ། ལེའུ་བཞི་པ། ཚད་མ་ཀུན་ལས་བཏུས་ཀྱི་གཞན་དོན་རྗེས་སུ་དཔག་པ་བཤད། ཐ་མར་དགེ་བ་རྩོམ་པ་མཐར་ཕྱིན་པའི་བྱ་བ།
- དཔེ་སྐྲུན་བྱས་ཚུལ།
སྔར་དྭགས་པོ་ལེགས་བཤད་གླིང་གི་དཔར་མ་དང་ཁམས་སྡེ་དགེ་དཔལ་སྤུངས་དགོན་གྱི་དཔར་མ་ཡོད་ཀྱང་། བར་ལམ་དཔར་ཤིང་ཡོངས་རྫོགས་རྩ་མེད་དུ་སོང་ཁར། པར་དུ་བཏབ་པའི་པར་ཡང་དཔལ་སྤུངས་དགོན་པའི་དཔར་མ་འདི་ཁོ་ན་མཁས་པའི་དབང་པོ་ཁྲོ་རུ་ཚེ་རྣམ་མཆོག་གི་གཟིགས་དཔེའི་ཁོངས་ན་བཞུགས་པ་གཡར་གནང་ཞུས་ཏེ་སྤྱི་ལོ༡༩༨༧ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པ་འདི་ཉིད་མཐོང་ཆོས་སུ་གྱུར་པའོ། །
མཛད་པ་པོ།
[རྩོམ་སྒྲིག]ཀརྨ་པ་སྐུ་ཕྲེང་བདུན་པ་མཁས་དང་གྲུབ་པའི་བདག་ཉིད་ཐམས་ཅད་མཁྱེན་པ་ཆོས་གྲགས་རྒྱ་ཆཚོ་དཔལ་བཟང་པོའོ། ། ཁོང་ནི་རབ་བྱུང་བརྒྱད་པའི་ཤིང་ཁྱི། སྤྱི་ལོ༡༤༥༤ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔ་ཉིན་ངོ་མཚར་ལྟས་བཅས་མཁའ་འགྲོའི་སྦས་ལུང་དུ་གྲགས་པའི་གནས་མཆོག་ཁྱད་པར་ཅན་སྤྱི་ནང་བྱ་བར་སྐུ་བལྟམས།