Jump to content

ཚད་གྲུབ་ཏུ་འདོད་པ་

ཡོང་ཁུངས་Wikipedia

ཚད་མས་གྲུབ་པའི་སྒོ་ནས་ཐ་སྙད་དུ་ཡོད་པ་ཁས་ལེན་མི་ལེན་གྱི་ཁྱད་པར་ཡིན། དེ་ཡང་བདེན་པར་གྲུབ་པ། ཡང་དག་པར་གྲུབ་པ། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ། རང་ངོས་ནས་གྲུབ་པ་བཅས་བརྒྱད་པོ་ཐ་སྙད་དུ་ཡོད་མེད་ཀྱི་ཁྱད་པར་བྱེ་བྲག་སྨྲ་བ་ནས་ཐལ་འགྱུར་བའི་བར་མི་མཐུན།