ཚངས་པ་དུང་གི་ཐོད་ཅན་
མཐོང་རིས་
འདི་ས་གནས་སྲིད་གཞུང་གིས་བསྟེན་གསོལ་བྱེད་པའི་སྲུང་མ་གཙོ་ཆེ་བ་ཞིག་སྟེ། གནས་པའི་དགོན་པ་ལ་མོར(ལྷ་ས་ཁྲེང་ཀོན་ཆུས་སྟག་རྩེ་རྫོང་ཁོངས་སུ་ཡོད་པའི་ལ་མོ་དགོན་པ)ཡོད་པས་ཡོངས་གྲགས་སུ་ལ་མོ་ཚངས་པ་ཡང་ཟེར་ཞིང་། སྤྱི་གཙུག་ཏུ་ལ་ཐོད་ཀྱི་ཞྭ་མོ་གྱོན་པའི་རྩེར་དུང་དཀར་གྱི་ཏོག་ཡོད་པས་དུང་གི་ཐོར་ཚུགས་ཅན་དུ་བཏགས་པ་ཡིན་ཅིང་། དེ་དྲག་པོར་ཁྲོས་པའི་རྣམ་འགྱུར་ནི་རྒྱལ་ཆེན་བསེ་ཁྲབ་པ་ཞེས་གསང་ཕུ་དགོན་པའི་གནས་སྲུང་གཙོ་བོ་ཡིན། །