Jump to content

ཚ་བ་སྤོམ་མདའ

ཡོང་ཁུངས་Wikipedia

ཚ་བ་སྤོམ་མདའ། སྤོམ་དགོན་གསང་སྔགས་བདེ་ཆེན་གླིང་ནི། དཔོན་མགོན་པོ་བསོད་ནམས་ཀྱིས་སྦྱིན་བདག་བྱས།འཕགས་པ་ལྷ་མཐོང་བ་དོན་ལྡན་གྱིས་བཏབ། གངས་དཀར་བདེ་ཆེན་ཞེས་འདོགས་པ་མཛད། བླ་མ་བྲག་ཡག་རྒྱབ་ལོག་པ་སྐོས། ལོ་ཤས་ནས་ མེ་ཏོག་གཞུ་ཅན་གྱིས་ཉེ་བར་བརླབས་པའི་བེ་རི་རྒྱལ་པོས་དགོན་པ་བཤིག།།སླར་འཕགས་པ་ལྷ་རྒྱལ་བ་རྒྱ་མཚོས་དགོན་འདི་བཏིང་། མིང་གསང་སྔགས་བདེ་ཆེན་ཞེས་བཏགས། སློབ་དཔོན་པ་རིམ་པ་ ལྟར་སངས་རྒྱས་བཀྲ་ཤིས། ཀོང་པོ་འཕགས་པ་རྒྱལ་དབང་། སྐྱེ་བ་བསམ་གཏན་རྒྱ་མཚོ། སྣ་སྡོང་ འཕགས་པ་ལྷུན་གྲུབ། སྤེན་རྩ་ཕུན་ཚོགས་ཆོས་འབྱོར། རྩེ་ཁ་བློ་བཟང་སྙིང་པོ། མཚོ་སྨད་ངག་དབང་དགེ་ལེགས། གཞི་དགོན་སྔགས་ཕྱོགས་རྒྱུད་སྨད་དུ་ཉེ། གྲྭ་རྒྱུན་འབྲས་སྤུང་བློ་གསལ་གླིང།