ཙཱུ་ཏའི་འཁྲི་ཤིང་
མཐོང་རིས་
ཙཱུ་ཏའི་འཁྲི་ཤིང་ནི་ཨ་མྲའི་ཤིང་སྟེ། དེའི་ཤིང་ཐོག་ནི་བསེ་ཡབ་ཀྱི་བཟོ་ལྟ་ཇི་བཞིན་ཡིན་ཞིང་། ཐོག་མཐའ་བར་གསུམ་ཁ་དོག་འདྲ་འདྲ་ཡིན་པས་སྨིན་མ་སྨིན་ཤེས་དཀའ་བ་ཞིག་གོ། །
ཙཱུ་ཏའི་འཁྲི་ཤིང་ནི་ཨ་མྲའི་ཤིང་སྟེ། དེའི་ཤིང་ཐོག་ནི་བསེ་ཡབ་ཀྱི་བཟོ་ལྟ་ཇི་བཞིན་ཡིན་ཞིང་། ཐོག་མཐའ་བར་གསུམ་ཁ་དོག་འདྲ་འདྲ་ཡིན་པས་སྨིན་མ་སྨིན་ཤེས་དཀའ་བ་ཞིག་གོ་ཞེས་གྲགས་ལ། དབྱངས་ཅན་དགའ་བློས། ཙཱུ་ཏའི་ཤིང་ཐོག་ནི་རྒྱ་ནག་ཕྱོགས་ནས་འོངས་པ་ནང་དམར་སེར་རོ་མངར་བ་ཤུན་པ་གོག་ནས་ཕན་ཚུན་མི་འབྱར་བའི་ཕྱིར་ཕྱེ་བསྐུས་ཏེ་བསྐམས་པ་འདིར་ཡུལ་སྐད་ལ་ཚི་ཅི་ཟེར། འདི་ལ་མཆོག་དམན་གཉིས་ལས་ས་ཧ་ཀཱ་ར་སྟེ་ལྷན་ཅིག་བྱེད་པ་ཟེར་ལ། མྱུ་གུའི་དུས་འོ་མས་བྲན་ཏེ་བསྐྱེད་པར་བཤད་དོ་ཞེས་གསུངས།