ཙ་ཡུས་ནམ་མཁའ་རྒྱལ་མཚན

ཡོང་ཁུངས་Wikipedia

ཁོང་ནི་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐུགས་གཉེར་གྱིས་མཁས་པར་གྱུར། དེ་གའི་རྒྱུད་པའི་ཁྲི་རབས་བཅོ་བརྒྱད་པ་དང་བླ་མ་དབུ་མཛད་གནང་ནས་ལོ་ངོ་བཅུ་དྲུག་ལ་ཆོས་སྲིད་ཀྱི་ཐད་ལ་མཛད་རྗེས་མི་དམན་པ་བཞག

ཁོང་ནི་རབ་བྱུང་བཅུ་གཉིས་པའི་ལྕགས་ཕག་སྤྱི་ལོ1731ལོར་མདོ་སྨད་ཙ་ཡུས་ནས་སྐུ་འཁྲུངས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཆོས་གྲྭར་ཞུགས། བསྡུས་གཞུང་ནས་བཟུང་གཞུང་ཆེན་བཀའ་པོད་ལྔ་དང་བཅས་པར་སྦྱངས་པ་དཔྱིས་ཕྱིན་པར་མཛད་པས། རྡོ་གཅལ་རབ་འབྱམས་པའི་མཚན་བཏགས་བཞེས་ཤིང་། རྒྱུད་སྨད་གྲྭ་ཚང་གི་བླ་མ་དབུ་མཛད་དང་ཁྲི་བ་གཉིས་ཀའི་ཐུགས་འགན་བཞེས་ཤིང་འཆད་ཉན་དང་སྒྲིག་ལམ་གང་ཐད་ནས་དོ་དམ་ལེགས་པར་མཛད། དགེ་བཤེས་ཆེན་པོ་ངག་དབང་ཚུལ་ཁྲིམས་པ་དང་ཁོང་རྣམ་གཉིས་ནས་ཁུར་ལེན་གྱིས་སྐྱབས་མགོན་མཆོག་ལ་བདེ་མཆོག་གི་དབང་དང་། འགྲེལ་བ་བཞི་སྦྲགས་ཀྱི་གཟབ་བཤད་ཞུས། གྲྭ་ཚང་ལ་བཅའ་ཡིག་ཞུ་བའང་མཛད། ཁྲི་ཟུར་བཞུགས་མཛད་ནས་ཆེར་མ་འགྱངས་པར་དགུང་གྲངས་དྲུག་ཅུ་བ་ལྕགས་ཁྱི་སྤྱི་ལོ1790ལོར་ཞི་བར་གཤེགས།