མྱི་ཟུར་

ཡོང་ཁུངས་Wikipedia

མྱི་ཟུར Nizu 尼汝 ཡུན་ནན་བོད་རིགས་རང་སྐྱོང་ཁུལ་གྱི་གྲོང་སྡེ་ཞིག་ཡིན་

མིང་ཐོགས་ཚུལ[རྩོམ་སྒྲིག]

ཡུལ་སྲོལ་གོམས་གཤིས་[རྩོམ་སྒྲིག]

ཐོན་ཁུངས[རྩོམ་སྒྲིག]

ཆོས་ལུགས[རྩོམ་སྒྲིག]

ལྗོངས་རྒྱུ་[རྩོམ་སྒྲིག]

གླུ་རྒྱལ་བཙན་འཁོར་རྦབ་ཆུ་། རྒྱས་ཆུ་དང་། རྡོ་རྗེ་ཕག་མོའི་གནས་ཁང་སོགས་ད་དུང་བྲག་རི་དང་། སྤང་རི་དང་། ནགས་རི་སོགས་མཛེས་ལྗོངས་བསམ་གྱི་མི་ཁྱབ་པ་ཡོད

གནས་རི[རྩོམ་སྒྲིག]

གཞི་བདག་ཞལ་དཀར་བཀྲ་ཤིས་དཔལ་ལྡན་

དུས་སྟོན་[རྩོམ་སྒྲིག]

རི་སྐྱབས་རྟ་རྒྱུག་ནི་མྱི་ཟུར་ཡུལ་གྱི་ཆེས་གཟབ་རྒྱས་ལྡན་པའི་དུས་སྟོན་ཞིག་ཡིན། སྤྱི་ཟླ11པའི་ཚེས3ཉིན། རྒྱལ་ཐང་གྲོང་ཁྱེར་རམ་ཤམྦྷ་ལ་གྲོང་ཁྱེར་གྱི་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོ་ནས་ལོ་རེར་ཐེངས་རེ་སྒྲུབ་བཞིན་པའི་རི་སྐྱབས་རྟ་རྒྱུག་གི་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་ཞིང་། ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་གྲོང་མི་ཚོས་ལུས་ལ་གཟབ་ཆས་སྤྲས་ཤིང་ཞིམ་མངར་ལྡན་པའི་ཟས་རིགས་སྣ་ཚོགས་འཁྱེར་བཞིན་ཁྱིམ་ཚང་རེ་རེ་ནས་ཞོན་རྟ་ཁྲིད་དེ་གཞི་བདག་ཞལ་དཀར་བཀྲ་ཤིས་དཔལ་ལྡན་གྱི་འདབས་སུ་འཛོམས་པར་བྱེད། ཐོག་མར་ཞོགས་ཇ་འཐུང་པ་དང་དེ་ནས་མཚམས་པས་ཞལ་འདོན་གནང་ཚར་རྗེས། མྱི་ཟུར་གྲོང་ཚོའི་གཉའ་གྲོང་དང་བར་གྲོང་། ཐང་འབྲོག་ཕུ་ལག་སོགས་གྲོང་མི་ཚོ་ཆུང་གི་བོད་རིགས་མང་ཚོགས་ཚོས་ལུས་ལ་བཀྲག་མདངས་ལྡན་པའི་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་གཞི་བདག་ཞལ་དཀར་ཉེ་འདབས་སུ་འཛོམས་ཏེ་བསང་མཆོད་གཏོང་བ་དང་། ལབ་རྩེ་འཛུགས་པ། རྟ་རྒྱུག་པ། སྐོར་བྲོ་རྩེད་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས་སྤྲོ་སྐྱིད་ལྡན་ཞིང་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་རོལ་ཡོད་པ་རེད།

ཞར་བྱུང་[རྩོམ་སྒྲིག]

འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་མྱི་ཟུར་ཡུལ་གྱི་མཐོང་ཐོས་[རྩོམ་སྒྲིག]

ཟླ11པའི་ཚེས2ཉིན་གྱི་ཕྱི་དྲོར་ལས་མཚམས་གྲོལ་རྗེས་ང་ཚོ་གསར་འགོད་པ་རྒྱལ་ཐང་གྲོང་ཁྱེར་རམ་ཤམྦྷ་ལ་གྲོང་ཁྱེར་གྱི་ལུའོ་ཅི་ཤང་མྱི་ཟུར་གྲོང་སྡེར་བསྐྱོད་པའི་ལམ་ལ་ཆས་ཤིང་། ལམ་ཕྱེད་ལ་ཐོན་དུས་ས་ཡང་རུབ་འགོ་བརྩམས། གསར་འགོད་པའི་ཁྲོད་ཀྱི་རྒན་པདྨ་ཚེ་རིང་ལགས་ནི་མ་གཞི་ནས་མྱི་ཟུར་བ་ཡིན་པས་ལམ་ལ་ཆ་རྒྱུས་ལྡན་ཞིང་། ཉེ་འཁོར་གྲོང་ཚོའི་ཆགས་རིམ་ལོ་རྒྱུས་དང་རི་ཆུའི་མིང་ཐོགས་ཚུལ་གྱི་གནས་ཚུལ་སོགས་ལ་ཤིན་ཏུ་བྱང་ཆ་ལྡན་པས་གསོན་ཉམས་ལྡན་པའི་གཏམ་རྒྱུད་རེ་རེ་ལ་ཉན་བཞིན་ཆུ་ཚོད་གཉིས་ལྷག་གི་འགྲུལ་བཞུད་བྱས་པ་ན་དགོང་མོའི་དུས་ཚོད་དགུའི་སྟེང་ང་ཚོ་མྱི་ཟུར་སྡེ་བར་བསླེབས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་མྱི་ཟུར་བར་གྱི་ལམ་དེ་འདྲའི་བདེ་མོ་མིན་པར་ཀྱག་ཀྱོག་ཆེ་ནའང་ལམ་བར་དུ་གདོད་མའི་ནགས་ཚལ་གྱིས་ཡོངས་སུ་བསྐོར་བ་དང་། རྫ་ཆུ་སྔོན་མོ་ལྷང་ལྷུང་དུ་རྒྱུ་བ། མཚམས་རེར་མིང་མི་ཐོགས་པའི་བྱིའུ་རེ་འགས་སྐད་སྙན་མོ་སྒྲོག་ཡོང་བ་ཡང་ཐོས་ཐུབ་པས་སེམས་ལ་སྨྲ་མི་ཤེས་པའི་དགའ་སྣང་ཞིག་ངམ་ཤུགས་ཀྱིས་སྟེར་བར་བྱེད། ལུའོ་ཅི་ཤང་ནས་མྱི་ཟུར་གྲོང་ཚོའི་བར་དུ་ཆེ་ཆུང་མི་གཅིག་པའི་མ་ཎི་རྡོ་འབུམ་བརྒྱ་དང་བརྒྱད་བཞེངས་ཡོད་ལ། ཕར་ཕྱོགས་ཀྱི་རྫ་རི་དང་ཆུ་ཕྲན་གྱི་ཉེ་འདབས་སུ་མ་ཎི་ཡིག་དྲུག་དང་ཚེ་དཔག་མེད་ཀྱི་སྐུ་བརྙན་དུ་མ་བཞེངས་ནས་ཡག་ཐོག་ལ་ཡག་བསྣན་འདུག ལམ་གྱི་གཡས་གཡོན་ནས་ལུས་ལ་བོད་ལྭ་གྱོན་པའི་གྲོང་མི་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་ཐུབ་ཅིང་། གྲལ་དག་པའི་བོད་ཁང་གི་རྩེ་ལ་གནའ་བོའི་དར་ལྕོག་བཙུགས་ནས་ལྷབ་ལྷུབ་ཏུ་བསྐྱོད་བཞིན་འདུག་པས་སྡེ་འདི་ནི་བོད་རང་གི་རིག་གནས་ཀྱི་རྫོང་མཐུག་པའི་ཡུལ་གྲུ་ཞིག་ཡིན་པ་ཚོར་ཐུབ།

མྱི་ཟུར་གྲོང་ཚོའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དབྱང་ཧྲི་རོང་ནི་ང་ཚོས་བཅར་འདྲི་བྱེད་སའི་མི་དང་པོ་དེ་ཡིན། ཁོང་གིས་མྱི་ཟུར་གྲོང་ཚོའི་སྔོན་ཆད་ཀྱི་འཚོ་བ་དང་ད་ལྟའི་འགྱུར་ལྡོག་སྐོར་ནས་གནས་ཚུལ་མང་པོ་གླེང་། མྱི་ཟུར་ནི་རྒྱལ་ཐང་གྲོང་ཁྱེར་རམ་ཤམྦྷ་ལ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་ཆགས་ཡོད་ཅིང་། གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་གི་རི་དམར་ཡུག་སྦྲེལ་ས་ཁུལ་གྱི་དཀྱིལ་སྙིང་དུ་གནས་ཡོད། སྐྱེ་ཁམས་ལྗོངས་རྒྱུའི་མདུན་ལྗོངས་ཤིན་ཏུ་ཡངས་པས་འཛམ་གླིང་སྐྱེ་ཁམས་ཀྱི་གྲོང་ཚོ་དང་པོ་ཞེས་པའི་མིང་ཐོགས་ཡོད། སྡེ་དམངས་ཨུ་ལྷན་གྱི་རྩ་འཛུགས་བརྒྱུད་ནས་གྲོང་མི་ཚོས་དུས་ངེས་ཅན་ནང་རེས་མོས་འཁོར་ནས་སྤྱི་ལེ་སོ་ལྔ་ཡོད་པའི་ལམ་ངོས་གཙང་སེལ་བྱེད་ཀྱི་ཡོད་པ་མ་ཟད། རང་གི་ཁྱིམ་ཕྱི་ནང་ལ་ཡང་གར་བདར་གཙང་མ་བྱེད་དགོས་པའི་སྒྲིག་ལམ་བཞག་ཡོད། གྲོང་ཚོའི་ཉེ་འགྲམ་གྱི་ནགས་ཤིང་བཅད་མི་ཆོག་པ་དང་། རྡོ་བྱེ་སོགས་ཀྱང་སྡེ་བ་ཕྱི་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད། ཡང་དག་པའི་ཁོར་ཡུག་སྲུང་སྐྱོང་ཀྱི་དྲིལ་བསྒྲགས་བྱས་པ་ལ་བརྟེན་ནས་གྲོང་མི་ཚོས་ཀྱང་རང་གི་ཕ་ཡུལ་ལ་གཅེས་སྐྱོང་ལེགས་པར་བྱེད་པའི་རིན་ཐང་ཤེས་ཡོད། ཡུལ་འདིའི་སྐྱེས་པ་རྣམས་ནི་འཚེམ་བཟོ་ལ་མཁས་ཤིང་སྐྱེས་མ་རྣམས་ནི་འཐག་ལས་ལ་མཁས། མྱི་ཟུར་བོད་རིགས་སྲོལ་རྒྱུན་རིག་གནས་སྐྱེ་ཚུལ་སྲུང་སྐྱོང་ཁྲིད་སྦྱོང་ལྟེ་གནས་སུ་འཐག་ལས་དང་། སྣོད་ཀྱི་རིགས།ཐོང་གཤོལ། གྱོན་གོས་སོགས་རོང་འབྲོག་ཐོན་སྐྱེད་འཚོ་བའི་སྐོར་གྱི་ཡོ་བྱད་མང་པོ་འགྲེམ་སྟོན་བྱས་ཡོད་ཅིང་གནའ་བོའི་ལག་ཤེས་ཐོན་རྫས་འདི་དག་ལས་སྔོན་བྱོན་མེས་པའི་བློ་གྲོས་དང་མྱི་ཟུར་བས་རིག་གནས་ཀྱི་རིན་ཐང་ལ་བརྩི་མཐོང་བྱེད་བཞིན་ཡོད་པ་ཤེས་ཐུབ། ཟས་རིགས་སྐོར་ལ་རྒྱུན་དུ་མཐོང་བ་མར་རྩམ་དང་ཕྱུར་བ། སྐམ་ཤ། མ་རྨོས་ལོ་ཏོག ནས་ཆང་སོགས་ཡོད། གྱོན་རྒྱུའི་ལྭ་བ་སོགས་ཀྱང་རང་ས་རང་ཡུལ་ནས་ཐོན་པ་ཤ་སྟག་ཡིན་པས་ཅི་ནུས་ཀྱིས་འཐག་ལས་རྒྱུན་འཛིན་པ་དང་སྐོར་བྲོའི་རྒྱུན་འཛིན་པ། བོད་ཆང་བསྙལ་བའི་ལག་རྩལ་རྒྱུན་འཛིན་པ། མཚམས་པ་སོགས་རྩ་འཛུགས་བྱས་ནས་ཕྱི་རབས་པར་བརྒྱུད་དེ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་ལ་གཞོལ་གྱི་ཡོད།

རི་སྐྱབས་རྟ་རྒྱུག་ནི་མྱི་ཟུར་ཡུལ་གྱི་ཆེས་གཟབ་རྒྱས་ལྡན་པའི་དུས་སྟོན་ཞིག་ཡིན། སྤྱི་ཟླ11པའི་ཚེས3ཉིན། རྒྱལ་ཐང་གྲོང་ཁྱེར་རམ་ཤམྦྷ་ལ་གྲོང་ཁྱེར་གྱི་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོ་ནས་ལོ་རེར་ཐེངས་རེ་སྒྲུབ་བཞིན་པའི་རི་སྐྱབས་རྟ་རྒྱུག་གི་དམངས་སྲོལ་རིག་གནས་བྱེད་སྒོ་སྤེལ་ཞིང་། ཞོགས་པའི་དུས་ཚོད་བརྒྱད་ཀྱི་སྟེང་གྲོང་མི་ཚོས་ལུས་ལ་གཟབ་ཆས་སྤྲས་ཤིང་ཞིམ་མངར་ལྡན་པའི་ཟས་རིགས་སྣ་ཚོགས་འཁྱེར་བཞིན་ཁྱིམ་ཚང་རེ་རེ་ནས་ཞོན་རྟ་ཁྲིད་དེ་གཞི་བདག་ཞལ་དཀར་བཀྲ་ཤིས་དཔལ་ལྡན་གྱི་འདབས་སུ་འཛོམས་པར་བྱེད། ཐོག་མར་ཞོགས་ཇ་འཐུང་པ་དང་དེ་ནས་མཚམས་པས་ཞལ་འདོན་གནང་ཚར་རྗེས། མྱི་ཟུར་གྲོང་ཚོའི་གཉའ་གྲོང་དང་བར་གྲོང་། ཐང་འབྲོག་ཕུ་ལག་སོགས་གྲོང་མི་ཚོ་ཆུང་གི་བོད་རིགས་མང་ཚོགས་ཚོས་ལུས་ལ་བཀྲག་མདངས་ལྡན་པའི་དུས་ཆེན་གྱི་གཟབ་ཆས་སྤྲས་ནས་གཞི་བདག་ཞལ་དཀར་ཉེ་འདབས་སུ་འཛོམས་ཏེ་བསང་མཆོད་གཏོང་བ་དང་། ལབ་རྩེ་འཛུགས་པ། རྟ་རྒྱུག་པ། སྐོར་བྲོ་རྩེད་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་ནས་སྤྲོ་སྐྱིད་ལྡན་ཞིང་གཟབ་རྒྱས་ཆེ་བའི་དུས་ཆེན་ཞིག་རོལ་ཡོད་པ་རེད།

བསང་བརྒྱ་བཏང་ནས་དུང་དཀར་འབུད་པ་དང་རིམ་བཞིན་ལ་ཙེ་བཙུགས་ཏེ་རི་མཆོད་དང་གནས་བསྟོད་རྒྱ་ཆེན་པོ་བྱེད་པ་རེད། ལྷག་པར་ཞོགས་པའི་དུས་ལ་བཀྲ་ཤིས་པའི་སྦྲང་ཆར་སིལ་མ་ཞིག་ཀྱང་བབས་པས་རྟགས་དང་རྟེན་འབྲེལ་བཟང་པོ་བྱུང་། ཀི་ཀི་བསྭོ་བསྭོའི་འབོད་སྒྲའི་ཁྲོད་གྲོང་མི་ཚོས་རྟ་གཞོན་་ནས་གནས་རི་བསྐོར་བ་ཐེངས་གཅིག་བྱེད་ཅིང་། སྔར་གྱི་ས་གནས་སུ་སླེབས་དུས་ཞོན་རྟ་སྟེ་ལབ་རྩེ་ལ་བསྐོར་བ་ལན་གསུམ་བྱས་ཏེ་མཚམས་པའི་གནང་བའི་མཆོད་ཆུ་བཞེས་པ་དང་མགོ་ལ་མར་བྱུགས་ནས་བཀྲ་ཤིས་རྟེན་འབྲེལ་གྱི་ཁ་གཡང་སྒྲོག་པ་རེད། ཉིན་གོང་གི་དུས་ཚོད་ལ་སླེབས་དུས་རྒན་པ་རྣམས་ནི་གོང་དུ་བཞུགས་པ་དང་གཞོན་པ་རྣམས་ནི་གྲལ་མཇུག་ཏུ་བསྡད་དེ་ཞིམ་མངར་ལྡན་པའི་གུང་ཟས་ལ་རོལ་བ་རེད། རིམ་བཞིན་སྡེ་ཕོ་མོ་རྣམས་གཞི་གཅིག་ཏུ་འཛོམས་ནས་བཀྲ་ཤིས་པའི་སྐོར་བྲོ་འཁྲབ་བཞིན་དུས་ཆེན་གྱི་མཇུག་རྫོགས་པ་རེད།

རྡོ་ཆས་རྙིང་བའི་དུས་མཇུག་ནས་མྱི་ཟུར་ཡུལ་དུ་མིའི་རིགས་འཚོ་སྡོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད། དེང་གི་ཆར་སྡེ་འདི་ནི་རོང་འབྲོག་གཉིས་ཀ་འཛོམས་ཡོད་ཅིང་དུད་ཁྱིམ123དང་མི་གྲངས660ལྷག་ཡོད་པའི་སྐྱེ་ཁམས་གྲོང་སྡེ་ཞིག་ཏུ་ཆགས་ཡོད། དུས་ཡུན་རིང་བའི་འཚོ་བའི་ཁྲོད་མྱི་ཟུར་མི་དམངས་ཀྱིས་རང་གི་བློ་གྲོས་དང་དཔའ་ངར་ལ་བརྟེན་ནས་ཁྱད་ཆོས་མངོན་གསལ་ལྡན་པའི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པ་ཞིག་བཞེངས་བསྐྲུན་བྱས་ཡོད། དེར་མ་ཟད་ཡུལ་འདི་ནི་རྒྱལ་ཐང་གི་ས་གནས་གཞན་དག་དང་མི་འདྲ་བར་བོན་ཆོས་ཀྱི་ཤན་ཤུགས་ཟབ་མོ་ཐེབས་ཡོད་པའི་ས་ཆ་ཞིག་ཀྱང་རེད།

ལོ་ན་བདུན་ཅུ་དོན་དགུ་སོན་པའི་རྒན་པོ་བཀྲ་ཤིས་དོན་འགྲུབ་ཀྱང་ང་ཚོས་བཅར་འདྲི་བྱེད་སའི་མི་སྣ་གཅིག་ཡིན། ཁོང་གིས་སྔོན་ཆད་ཀྱི་འཚོ་བའི་རྣམ་པ་དང་རང་གི་ཕ་ཡུལ་ལ་གཞན་གྱིས་འཕྲོག་བཅོམ་གྱི་གནོད་འཚེ་གཏོང་དུས་ཅི་ལྟར་རྒོལ་ལན་སྤྲད་པའི་གནས་ཚུལ་ཞིབ་བར་འཆད་ཅིང་། དེང་གི་སྲིད་ཇུས་བཟང་པོ་དང་འཆམ་མཐུན་གྱི་བདེ་སྐྱིད་འཚོ་བར་བསྟོད་བསྔགས་ཡང་ཡང་བྱས། ཁོང་ཚང་ཡང་ཞིང་ཕྱུགས་གཉིས་ཀ་གཉེར་མཁན་ཞིག་ཡིན་ལ་ཁོང་གི་ཆུང་མ་དང་ཚ་མོ་གཉིས་ཀྱིས་རི་ན་རྟ་ནོར་ལུག་གསུམ་འཚོ་སྐྱོང་བྱེད་ཀྱི་ཡོད། ལོ་ངོ་དུ་མའི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་ཕྱུགས་ཟོག་གི་ཁ་གྲངས་ཀྱང70ལྷག་ལ་འཕར་ཡོད།

མྱི་ཟུར་ཡུལ་གྱི་རང་བྱུང་ཁོར་ཡུག་ནི་དངོས་ནས་སུ་ཞིག་གིས་བཀོད་སྒྲིག་ལྟར་བཞེངས་སྐྲུན་བྱས་པ་དང་ཀུན་ནས་མཚུངས་ཤིང་། ནགས་རིའི་རྩེ་ལ་ཁ་བས་གཡོགས་པས་ལྷ་ཡུལ་ཁམས་ནི་འདི་ལྟ་བུ་ཞིག་མིན་ན་ཅི་ཡིན་སྙམ་པའི་བློ་ཡང་ཅིག་ཅར་དུ་སྐྱེས་ཡོང་། སྟོན་མཇུག་གི་དུས་ལ་སླེབས་རན་པས་ནགས་རིའི་བར་གསེང་དུ་གསེར་མདོག་གི་ལོ་མ་གྱོན་པའི་སྡོང་བོ་རེ་འགའ་ཡང་བལྟས་པ་ཙམ་གྱིས་མིག་གིས་ཟིན་ཐུབ། ཡུལ་འདི་ན་གཞན་ད་དུང་མྱི་ཟུར་ཆུ་བོ་དང་(རྒྱས་ཆུ)། གླུ་རྒྱལ་བཙན་འཁོར་རྦབ་ཆུ། འཕགས་མོ་གནས། ས་རྒྱ་ཡངས་པའི་འབྲོག་སའི་ཕྱུགས་ར་ཡང་མང་པོ་ཡོད་པས་ནང་ས་ནས་ཕེབས་པའི་ལྗོངས་རྒྱུ་བ་ཡང་རྒྱུན་མ་ཆད་པར་ཐོན་གྱི་ཡོད།

མཚན་མོའི་དུས་ལ་ཐོན་པ་ན་མིག་མདུན་དུ་སྣང་ཡོང་བ་ནི་ཕར་ཁའི་ནགས་རིའི་རྔམ་བརྗིད་ལྡན་པའི་གཟུགས་བརྙན་དེ་ཡིན་པ་དང་། རིམ་བཞིན་སྒོ་ཁྱིའི་ཟུག་སྐད་ཡང་འཇགས་པ་ན་ངའི་སེམས་ལ་ཡང་འཆར་སྒོ་སྣ་ཚོགས་སྐྱེས།ཕྱོགས་བཞི་ནགས་ཀྱིས་བསྐོར་ཞིང་བར་དང་བར་ལ་རྫ་ཆུ་བསིལ་མའི་བཞུར་སྒྲ་སྙན་པ། མཛེས་སྡུག་ལྡན་པའི་ཡུལ་གྲུ་འདིའི་མི་རྣམས་ནི་དངོས་ནས་བདེ་སྐྱིད་ལྡན་པ་ཁོ་ན་སྟེ། ལུས་ལ་རང་གིས་བཟོས་པའི་བོད་ལྭ་གྱོན་པ་དང་ཟས་ལ་ལྷད་མེད་ཀྱི་སྲོལ་རྒྱུན་ཟས་རིགས་ལོངས་སུ་སྤྱོད་ཀྱི་ཡོད། གྲོང་མི་ཚོའི་ལྷད་མེད་ཀྱི་འཛུམ་མདངས་ཁོ་ནས་ཀྱང་ང་ཚོའི་སེམས་ལ་བདེ་བ་དང་དགའ་སྣང་སྦྱིན་པར་བྱེད། སྙན་འཇེབས་ལྡན་པའི་དྲིལ་བུའི་སིལ་སྒྲ་སྙན་མོ་ཞིག་གིས་ངའི་ཞོགས་པའི་རྨི་ལམ་དཀྲོགས་པ་དང་། འབྲལ་མི་འདོད་པའི་དད་ཞེན་སྙིང་ལ་བཅང་བཞིན་ང་ཚོ་ཕྱིར་གྲོང་ཁྱེར་དུ་ལོག་པའི་ལམ་ལ་ཆས་པ་ཡིན།