མྱང་འདས་མཆོད་རྟེན་ཆེན་པོ

ཡོང་ཁུངས་Wikipedia

མཆོད་རྟེན་ཆ་བརྒྱད་ཀྱི་ཡ་གྱལ་ཞིག་སྟེ། སྟོན་པ་ཐུབ་པའི་དབང་པོ་མྱ་ངན་ལས་འདས་པའི་ཚེ་རྩྭ་མཆོག་གྲོང་དུ་བཞེངས་པའི་མཆོད་རྟེན་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་གདན་ཡན་ཆད་བཞུགས་པའོ། །

མྱང་འདས་མཆོད་རྟེན་ཆེན་པོ་ནི་སྟོན་པ་ཤཱཀྱ་ཐུབ་པ་གྲོང་ཁྱེར་རྩྭ་ཅན་དུ་མྱ་ངན་ལས་འདས་པའི་མཛད་པ་མཚོན་བྱེད་མྱང་འདས་མཆོད་རྟེན་དུ་གྲགས་པ་བང་རིམ་མེད་པ་གདན་ཁྲིའི་སྟེང་དུ་བུམ་གདན་ཡན་ཆད་བཞུགས་པ་ཞིག་གོ། །