Jump to content

མྱང་མང་པོ་རྗེ་ཞང་སྣང་།

ཡོང་ཁུངས་Wikipedia

མྱང་མང་པོ་རྗེ་ཞང་སྣང་།

[རྩོམ་སྒྲིག]
རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་པོ་ཞིག་གི་མིང་ཡིན་པ་དང་།   རྒྱལ་པོ་དང་བློན་པོ་འདི་གཉིས་ཀྱི་བར་བློན་པོ་ཁྱུང་པོ་སྤུངས་སད་ཟུ་ཙེས་ཕྲ་མ་བཅུག་སྟེ་ཟུ་ཙེས་རང་བློ་ཉེ་བའི་མི་མང་པོ་ཞང་སྣང་གི་བྲན་གཡོག་ལ་མངགས་ཏེ་ཞང་སྣང་བསད་པ་དང་མཁར་གྲོང་ཡང་གཤིགས་པ་བཅས་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆར་གསལ་ཞིང་།   《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་བློན་པོ་འདི་རྒྱལ་པོ་མང་སྲོང་མང་བཙན་གྱི་བློན་པོ་ཡིན་པར་གསུངས་པ་དཔྱད་གཞིའི་ཡིག་ཆ་གཞན་ཞིག་གཟིགས་ནས་གསུངས་པ་ཡིན་ངེས་སྙམ།  །