མྱ་ངན་ལས་འདས་པ་ཞི་བ།
མཐོང་རིས་
མྱ་ངན་ལས་འདས་པ་ཞི་བ། དེ་ལྟར་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཀྱི་བདག་འཛིན་ས་བོན་དང་བཅས་པ་སྤངས་པ་ན་འགོག་པ་མྱ་ངན་ལས་འདས་པའི་གོ་འཕང་འཐོབ་པར་འགྱུར་ཏེ། དེ་ནི་གཏན་དུ་བདེ་བའི་ཐར་པ་ཡིན་ལ་ཉོན་མོངས་ཀྱིས་གཡོ་བར་མི་ནུས་པའི་ཞི་བ་ཡིན་ཏེ། འཁོར་བའི་སྡུག་བསྔལ་གྱི་རྣམ་པ་ཐམས་ཅད་དང་གཏན་དུ་བྲལ་བའི་རང་བཞིན་གྱི་གོ་འཕང་དམ་པ་ཡིན་པའི་ཕྱིར་རོ། །