མྨེ་
མྨེ་ ཞེས་པ་ནི་ལེགས་སྦྱར་སྐད་ཀྱི་ཐ་སྙད་ཅིག་སྟེ། བོད་སྐད་དུ་ "བདག་" ཅེས་པའི་དོན་ཡིན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་ལན་མང་འབྱུང་བའི་ཐ་སྙད་གལ་ཆེན་ཞིག་ཡིན་པ་དང་། སྔགས་བཟླས་མཁན་གྱིས་རང་ཉིད་མཚོན་པར་བྱེད།
ངེས་ཚིག
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "མེ་ནི་བདག"[༡] ཞེས་གསལ་བར་བཤད།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "མེ་བདག"[༢] ཞེས་གསུངས་པ་དང་། "མེ་ཞེས་པ་མཏ྄་ལ་དྲུག་པ་བྱིན་པ་སྟེ་བདག་གི།"[༣] ཞེས་གསུངས།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "མེ་ནི་བདག"[༤] དང་། "སྨེ་ནི་བདག་ལ་དང་།"[༥] ཞེས་གསུངས།
ཡིག་བརྒྱའི་ནང་གི་མྨེ་ཡི་གེ
[རྩོམ་སྒྲིག]རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པའི་སྔགས་ནང་མྨེ་ཞེས་པའི་ཐ་སྙད་ལན་མང་འབྱུང་སྟེ།
དྲྀ་ཌྷོ་མེ་བྷ་ཝ
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "དྲིཌྷོ་ནི་བརྟན་པ། མེ་ནི་བདག །བྷ་ཝ་ནི་དངོས་པོའི་རང་བཞིན་དུ་མཛོད།"[༦] ཞེས་གསུངས།
སུ་ཏོ་ཥྱོ་མེ་བྷ་ཝ
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སུ་ཏོ་ཥྱོ་མེ་བྷ་ཝ་ནི་བདག་ལ་ཤིན་ཏུ་དགྱེས་པའི་རང་བཞིན་དུ་མཛོད།"[༧] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "མེ་བདག །བྷ་ཝ་མཛོད་ཅེས་པར་འགྱུར་ཏེ་རྣམ་བཅད་ཨུ་རུ་བསྒྱུར་ཏེ་མཚམས་སྦྱར་བས་སུ་ཏོ་ཥྱོ་མེ་བྷ་ཝ་ཞེས་སོ།"[༨] ཞེས་གསུངས།
སརྦ་སིདྡྷི་མྨེ་པྲ་ཡཙྪ
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "སརྦ་སིདྡྷི་མེ་པྲ་ཡཙྪ་ནི་དངོས་གྲུབ་ཐམས་ཅད་བདག་ལ་སྩལ་ཏུ་གསོལ།"[༩] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "མེ་བདག་ལ།"[༡༠] ཞེས་གསུངས།
མཱ་མེ་མུཉྩ
[རྩོམ་སྒྲིག]པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ "བཛྲ་ནི་རྡོ་རྗེ། མ་མེ་ནི་བདག །མུཉྩ་ནི་མ་འདོར་ཅིག"[༡༡] ཞེས་གསུངས།
སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ "མཱ་ཞེས་པ་དགག་ཚིག མེ་བདག མུཉྩ་དོར་ཅིག་ཅེས་པར་འགྱུར་བས་བསྡོམས་ན་བདག་མདོར་ཞེས་སོ།"[༡༢] ཞེས་གསུངས།
མྨེ་ཡི་གེའི་སྒྲའི་དབང་གི་གོ་དོན
[རྩོམ་སྒྲིག]ཨ་ཁུ་ཤེས་རབ་རྒྱ་མཚོས་ "ཌོ་ཌྷོ་མེ་བྷ་ཝ་བདག་གི་ཆེད་དུ་འམ་བདག་ལ་བརྟན་པའི་དངོས་པོའམ་རང་བཞིན་དུ་མཛོད།"[༡༣] ཞེས་གསུངས།
མཁན་པོ་དཔལ་ལྡན་ཤེས་རབ་ཀྱིས་ "མེ་ནི་བདག་སྟེ།"[༡༤] ཞེས་གསུངས།
འབྲེལ་ཡོད་ཤོག་ངོས།
[རྩོམ་སྒྲིག]ལུང་ཁུངས།
[རྩོམ་སྒྲིག]- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༥
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༦
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༣
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༦
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༧
- ↑ པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས། ཤོག་གྲངས་༣
- ↑ སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས། ཤོག་གྲངས་༨
- ↑ ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ། ཤོག་གྲངས་༡
- ↑ མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ཤོག་གྲངས་༡༥
དཔྱད་གཞིའི་ཡིག་ཆ།
[རྩོམ་སྒྲིག]- པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ་བཞུགས།
- སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་བཞུགས།
- ཨ་ཁུ་ཤེས་རབ་རྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
- མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ། ༡༩༨༧