མེ་སྐྱེས།
མཐོང་རིས་
མེ་སྐྱེས།
[རྩོམ་སྒྲིག]ལྷ་དབང་ཕྱུག་གི་བུ་ཆུང་བ་གཞོན་ནུ་གདོང་དྲུག་གི་མིང་སྟེ། འདིའི་ལོ་རྒྱུས་ལ་སྔར་ལྷ་དབང་ཕྱུག་དང་ལྷ་མོ་དབུ་མ་སྙོམས་འཇུག་བྱེད་དུས། མེ་ལྷ་པ་རེ། ས་བོན་ཨུ་མའི་མངལ་དུ་སོང་ན་བུ་ཤིན་ཏུ་མ་རུང་བ་ཞིག་འབྱུང་བས་མ་བཏང་ཞིག་ཟེར། དེ་ནས་ས་བོན་ས་ལ་ཕོ་བ་དང་། ཨུ་མ་འདོད་ཆགས་ཀྱིས་སེམས་ལ་མ་ངོམས་པར་བརྟེན་མེ་ལྷ་ལ་ཁྲོས་ནས་ས་བོན་ཁྱོད་ཀྱི་མངལ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་མེ་ལྷ་ལ་མངལ་ཆགས་པ་དེ་ལ་བརྟེན་ནས་བྱུང་བས་ན་མེ་སྐྱེས་ཟེར།