Jump to content

མེ་སྐྱིད་ཡ་མོན།

ཡོང་ཁུངས་Wikipedia

མེ་སྐྱིད་ཡ་མོན།

[རྩོམ་སྒྲིག]

དེང་སྐབས་བོད་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་དུ་ཡོབ་པའི་མང་ཚོགས་སྒྱུ་རྩལ་ཁང་གི་མདུན་ངོས་(དམག་ཁུལ་ཁང་གི་སྣེ་ལེན་ཁང་གཉིས་པ་གནས་ཡུལ)སུ་སྔ་དུས་མེ་ཏོག་སྐྱིས་ཚལ་ཞེས་པའི་ལྕང་གསེབ་དང་མེ་ཏོག་ལྡུམ་རྭ་ཡོད་པའི་ས་ཆ་དེ་དག་གི་སྡེ་དཔོན་དགའ་བཞི་བའམ་རྡོ་རིང་ཞེས་པས་དོ་དམ་བྱེད་པ་ཞིག་ཡིན་པ་དང་། བར་སྐོར་ནུབ་ཏུ་ཡོད་པའི་རྡོ་རིང་གི་ཁང་པའི་ལྷོ་ངོས་སུ་ཨམ་བན་གྱི་སྐུ་སྲུང་དམག་མི་སྡོད་ས་ཞིག་ཡོད་པ་དེ་གཉིས་ས་བརྗེས་རྒྱབ་ཀླུ་སྒུག་ཏུ་ཨམ་བན་གྱི་ཡ་མོན་(衙门)གསར་རྒྱག་བྱས་ཤིང་། དེ་གར་མེ་སྐྱིད་ཡ་མོན་ཞེས་འབོད། དེ་སྔ་ཨམ་བན་གྱི་སྡོད་གནས་དང་། ལས་ཁུངས་ཚུགས་ཡུལ། ལས་ཤག དམག་སྒར་སོགས་གཞི་ཁྱོན་ཆེ་བ་ཡོད་ནུབ་བྭང་དུ་ཚལ་ཞིང་ཡང་རྒྱ་ཆེ་ཙམ་ཡོད། གཞུང་སྒོ་ཤར་བལྟ་ཡིན་པའི་སྒོ་འགྲམ་དུ་རྡོའི་སེང་གེ་སྤྱི་ཁྲེ་གང་དང་ཕྱེད་ཀ་ལྷག་ཙམ་བྱས་པ་གཉིས་ཡོད་སྟབས་དེང་སྐབས་ལམ་གྱི་མིང་ལ་རྡོ་སེང་གེ་ལམ་ཞེས་པ་ཡང་དེ་ནས་ཐོགས།