Jump to content

མེ་

ཡོང་ཁུངས་Wikipedia

ལེགས་སྦྱར་སྐད་ཀྱི་མེ་(me)ཞེས་པ་ནི་བོད་སྐད་དུ་བདག་གམ་ང་ཞེས་པའི་དོན་ཡིན། དེ་ཡང་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པའི་སྔགས་ནང་དུ་ཡང་ཡང་འབྱུང་བའི་གཙོ་བོའི་ཐ་སྙད་ཞིག་ཡིན།

ཚིག་འགྲེལ།

[རྩོམ་སྒྲིག]

མེ་ཞེས་པའི་ཚིག་དོན་ལ་བོད་ཀྱི་མཁས་པ་རྣམས་ཀྱིས་"མེ་ནི་བདག"[]དང་།གཞན་ཡང་ "མེ་ནི་བདག"[]ཅེས་དང་། མཁན་པོ་དཔལ་ལྡན་གྱིས་"མེ་ནི་བདག"[] ཅེས་གསལ་པོར་བཤད་ཡོད། སྔགས་ནང་དུ་འབྱུང་ཚུལ། རྡོ་རྗེ་སེམས་དཔའི་སྔགས་ནང་དུ་མེ་ཞེས་པ་འདི་མང་པོར་འབྱུང་གི་ཡོད། དཔེར་ན། ༡. དྲྀ་ཌྷོ་མེ་བྷ་ཝ། ༢. སུ་ཏོ་ཥྱོ་མེ་བྷ་ཝ། ༣. སུ་པོ་ཥྱོ་མེ་བྷ་ཝ། ༤. ཨ་ནུ་རཀྟོ་མེ་བྷ་ཝ། ཞེས་པ་ལྟ་བུའོ། །

དོན་འགྲེལ།

[རྩོམ་སྒྲིག]

སྤྱིར་བཏང་གི་མེ་ཞེས་པ་འདིས་སྔགས་པས་རང་ཉིད་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་ཚུལ་སྟོན། སྔགས་ཀྱི་ཚིག་རེ་རེ་ལ་བསྐུལ་བའི་ངང་ནས་བདག་ལ་ཞེས་གསོལ་བ་འདེབས་བཞིན་ཡོད་དེ། “བདག་ལ་གི་དགེ་བའི་རྩ་བ་རྣམས་བརྟན་པར་མཛོད། བདག་ལ་ཉོན་མོངས་པའི་དབང་དུ་སོང་བ་ལ་མི་དགྱེས་པ་མེད་པར་རྗེས་སུ་ཟུངས། བདག་ལ་གི་ལུང་དང་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད། བྱང་ཆུབ་མ་ཐོབ་བར་བདག་ལ་རྗེས་སུ་ཆགས་པའམ་བརྩེ་བས་མ་འདོར་ཞིང་། ཅེས་པོའོ།”[] ཞེས་གསུངས་སོ། །

མཇུག་བསྡུ།

[རྩོམ་སྒྲིག]

མེ་ཞེས་པའི་ཐ་སྙད་འདི་ནི་རྡོ་རྗེ་སེམས་དཔའི་སྔགས་ཀྱི་གཙོ་བོའི་ཆ་ཤས་ཤིག་ཡིན། འདིས་སྔགས་པས་རང་ཉིད་དམ་ཚིག་སེམས་དཔའ་ལ་གསོལ་བ་འདེབས་ཚུལ་དང་། སྡིག་སྒྲིབ་སྦྱོང་བའི་སྒོ་ནས་བདེ་གསལ་མི་རྟོག་པའི་ཡེ་ཤེས་རྒྱས་པར་བསྐུལ་བའི་དོན་གཙོ་བོར་སྟོན།

ལུང་ཁུངས།

[རྩོམ་སྒྲིག]
  1. སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་ཡིག་བརྒྱའི་འགྲེལ་བ།
  2. པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ།
  3. གསང་སྔགས་ཡིག་བརྒྱའི་འགྲེལ་པ། (མཁན་པོ་དཔལ་ལྡན་ཤེས་རབ།)
  4. ཨ་ཁུ་ཤེས་རབ་རྒྱ་མཚོ།
"https://bo.wikipedia.org/w/index.php?title=མེ་&oldid=155999"ལས་སླར་རྙེད་སོང།