Jump to content

མུན་པ་ཅན་གྱི་ང་རྒྱལ།

ཡོང་ཁུངས་Wikipedia

མུན་པ་ཅན་གྱི་ང་རྒྱལ།

[རྩོམ་སྒྲིག]

འདི་ནི་ང་རྒྱལ་གསུམ་དུ་ཕྱེ་བའི་གཞན་གཉིས་ཀའི་འཇུག་བྱེད་ད། །དེ་ཡང་དཔེར་ན། བྲམ་ཟེ་ཁྱོ་ཀ་གཅིག་ལ་ཆུང་མ་བྲམ་ཟེ་མོ་ཞིག་དང་དམངས་རིགས་མོ་ཞིག་སྟེ་གཉིས་ཡོད་ལ། བྲམ་ཟེ་མོ་ལ་བུ་བཅུ་གཅིག་བཙས་ཤིང་། དམངས་མོ་ལས་བུ་ལྔ་བཙས་པ་ལྟ་བུ་སྟེ། དེ་ལས་བྲམ་ཟེ་མོ་ནི་སྙིང་སྟོབས་ཅན་གྱི་ང་རྒྱལ་དང་། བུ་བཅུ་གཅིག་ནི་དབང་པོ་བཅུ་གཅིག་ལྟ་བུ་དང་། དམངས་མོ་ནི་རྣམ་པར་འགྱུར་བ་ཅན་གྱི་ང་རྒྱལ་དང་། བུ་ལྔ་ནི་དེ་ཙམ་ལྟ་བུའོ། བྲམ་ཟེ་ནི་མུན་པ་ཅན་གྱི་ང་རྒྱལ་དང་། ཆུང་མ་དེ་གཉིས་ཀྱི་བརྟེན་སའམ་འཇུག་ས་ལྟ་བུ་ཡིན་ཟེར།