Jump to content

མུཉྩ་

ཡོང་ཁུངས་Wikipedia

མུཉྩ (muc) ནི་སཾ་སྐྲྀ་ཏ་ལས་ཡོང་བའི་ཚིག་སྟེ་"འདོར་བ"ཞམ་"གྲོལ་བ"འི་དོན། རྡོ་རྗེ་སེམས་དཔའི་ཡིག་བརྒྱ་པ་ནང་གི་"བཛྲ་མཱ་མེ་མུཉྩ"ཞེས་པའི་ཚིག་ཕྲེང་ནང་ནས་འདི་"རྡོ་རྗེ་བདག་ནི་མ་དོར་ཅིག"ཅེས་པའི་དོན་དུ་འགྱུར་ཞིང་། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་ནང་གི་གལ་ཆེ་བའི་གསོལ་འདེབས་ཡིན།

འགྲེལ་ལུགས་དང་སྒྲ་བཤད།

[རྩོམ་སྒྲིག]

"མཚན་རྟོག་གཉིས་འཛིན་ཐམས་ཅད་ལྷག་མེད་དུ་འཇོམས་པའི་རྡོ་རྗེ་དམིགས་མེད་ཀྱི་སྙིང་པོ་དང་ཟུང་དུ་འཇུག་པའི་བདེ་བ་ཆེན་པོ་རིག་སྟོང་ཟུང་འཇུག་རྫོགས་པ་ཆེན་པོ་དེ་ལས་ནམ་ཡང་མི་འདའ་བའམ་དེ་ཉིད་མ་བོར་མཛོད་ཅིག་ཅེས་པའོ།"[] "མུཉྩ་དོར་ཅིག"[]

"དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་བདག་མི་འབྲལ་བར་མཛོད་ཅིག་ཅེས་སམ། དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་འཆིངས་བས་ནམ་ཡང་ལྷོད་པར་མ་མཛད་ཅིག་ཅེས་པའི་དོན་དུ་གཟུང་ངོ་།"[]"མཱ་མེ་མུཉྩ་སྟེ། མཱ་ཞེས་པ་དགག་ཚིག མེ་བདག མུཉྩ་དོར་ཅིག"[]

"མུཉྩ་ནི་མ་འདོར་ཅིག"[]

"བཛྲ་མཱ་མེ་མུཉྩ་རྡོ་རྗེས་བདག་མ་བཏང་ཞིག་བཀྲོལ་བའོ།"[]

འགྲེལ་ལུགས་ཀྱི་ཁྱད་པར།

[རྩོམ་སྒྲིག]

མཁས་པ་བཞིས་འདིའི་ནང་དོན་ལ་འགྲེལ་ལུགས་མི་འདྲ་བ་གནང་ཡོད། མཁན་པོ་དཔལ་ལྡན་ཤེས་རབཀྱིས་རྫོགས་ཆེན་གྱི་ལྟ་བ་བཅུག་ནས་རིག་སྟོང་ཟུང་འཇུག་གི་ཆ་ནས་རྒྱས་པར་བཤད། སི་ཏུ་རིན་པོ་ཆེས་ཡེ་ཤེས་དང་སྙིང་རྗེ་གཉིས་ཀའི་ཆ་ནས་འགྲེལ་ནས་གཞུང་ལུགས་ཆ་ཚང་བར་བཤད། པཎ་ཆེན་རིན་པོ་ཆེས་སྒྲ་བཤད་ཙམ་གྱི་ཆ་ནས་འཇམ་པོར་བཤད། ཨ་ཁུ་རིན་པོ་ཆེས་བྱང་ཆུབ་སེམས་པའི་དམ་ཚིག་གི་ཆ་ནས་བཤད་ཡོད།

ལུང་ཁུངས།

[རྩོམ་སྒྲིག]
  1. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་ཚིག་འགྲེལ།
  2. མཁན་པོ་དཔལ་ལྡན་ཤེས་རབ། ཡིག་བརྒྱ་པའི་རྡོ་རྗེའི་འགྲེལ་པ།
  3. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  4. སི་ཏུ་ཆོས་ཀྱི་འབྱུང་གནས། ཡི་གེ་བརྒྱ་པའི་གོ་དོན་ཉུང་ངུ་།
  5. པཎ་ཆེན་བློ་བཟང་ཆོས་རྒྱན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་ཡིག་བརྒྱའི་འགྲེལ་པ།
  6. ཨ་ཁུ་ཤེས་རབ་བརྒྱ་མཚོ། རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ལས་དྲངས་པའི་ཡིག་བརྒྱའི་འགྲེལ་པ།
"https://bo.wikipedia.org/w/index.php?title=མུཉྩ་&oldid=155992"ལས་སླར་རྙེད་སོང།